智光བྲག་སྨྱོན་ར་ཛ།的美篇

智光……

༼ལུ་གུ་མཚོ་མོའི་ངོ་སྤྲོད་མཆོད་སྡོང་རང་འགྲུབ༽

炉霍鹿古湖

དབྱར་དུས་སུ་གནམ་ལྕགས་སྔོན་མོའི་མཆོད་རྟེན་བཞེངས་འདྲ་མགོ་བོ་ནམ་མཁའི་ཉི་ཟླ་ལ་རེག་ཅིང་དགུན་དུས་སུ་ར་ཆེན་ར་ཆུང་གསེེར་ཉ་ཁ་སྤྲོད་ལྟ་བུའི་དབུས་སུ་དངུལ་དཀར་པོའི་མཆོད་རྟེན་བཞེངས་འདྲའི་ངོ་མཚར་ལྡན་པའི་རང་བྱུང་གི་གདོང་རི་དབར་གཟེངས་ཀྱི་སྐེད་ན་གཡུ་ཡི་ཕྲ་རྒྱན་ལྟ་བུའི་མཚོ་མོ་འདི་ལ་ལུ་གུ་མཚོ་ཟེར།།

炉霍的之宝之一,美丽的鹿古湖。

མཚོ་མོ་འདི་ལ་ལུ་གུ་མཚོ་ཟེར་བའི་མིང་ཐོགས་དོན་ནི་བུ་མོ་ལུ་གུ་མཚོ་ཟེར་ཞིག་མཚོ་མོ་འདི་ཡི་ཀླུ་རྒྱལ་ལ་མནའ་མ་སོང་བ་ཡིན་པའི་མིང་ཡང་དེ་ནས་ཐོགས་ཟེར།། ཡུལ་གྲུ་ལ་ཆར་པ་མ་འབབ་ན་གྲོང་པ་འགའ་རེ་མཚོ་དེའི་ཁ་རུ་སོང་ནི་ལུ་གུ་མཚོ་ཆར་ཐོངས་ཤིག། དེ་མིན་ན་ས་ཞིང་སྐམ་ལ་ཉེ་སོང་། ཞེས་འབོད་པ་ཡང་ཡོད་འདུག།

་དངུལ་གྱི་མཆོད་རྟེན་བཞེངས་འདྲའི་གདོང་རི་བར་གཟེངས།

炉霍银塔东日山。

དེ་ལས་སྔ་བ་ཞིག་ལ་མཚོ་མོ་ཁྲོས་ཏེ་འཕྱུར་ནས་འོག་གི་ནོར་བུ་གྲོང་སོགས་ཆུས་དེད་ནས་དཀའ་ཁག་ལ་ཐུག་པའི་ལོ་རྒྱུས་ཀྱང་འདུག། གང་ལྟར་མཚོ་མོ་འདི་ནི་གདོང་རིའི་སྐེད་ན་ཡོད་ལ་མཚོ་ཁའི་ཆུ་ཉུང་ངུ་རེ་ད་དུང་ར་ཆེན་ནང་གི་ཆུ་ལ་འདྲེས་ཏེ་ནོར་བུ་ཁུག་ནས་ཤིས་མདོའི་ཆུ་ལ་འདྲེས་ནས་གཤར་བཞིན་འདུག།། མཚོ་སླར་ཡང་འཕྱུར་བ་ལ་དོག་ནས་ཕྱིས་སུ་བྲག་མགོ་རུ་མཚོ་དེའི་ཕྱོགས་སུ་གཏད་ནས་བྲག་མགོ་དཔོན་ཚང་དང་ཧྲན་ཤེས་ཚོང་པ་ཚོགས་པ་ཞིག་མཉམ་འབྲེལ་བྱས་ཏེ་བཙན་དུས་ལྷ་ཁང་གཅིག་ཤིས་མདོ་རུ་བཞེངས། དེ་ནང་དུ་བཀན་དུས་ཟེར་བའི་རྒྱ་ལྷ་དྲག་པོ་གྲི་ཆེན་ལག་ཏུ་འཇུ་མཁན་གཅིག་དང་བོད་ཀྱི་མཁན་སློབ་ཆོས་གསུམ་བཅས་བཞེངས།། རིག་གསར་དང་ས་འགུལ་སྐབས་བརླག་གཏོར་སོང་ནས་ཤུལ་ཙམ་ལས་མེད།།