༄༅།།གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་སློབ་གསོ་གཞི་གཅིག་ཅན་ལས་བན་དེ་སྐྱིད་བོད་ཡིག་ལས་ཤག་གི་ཁོངས་མི་ངོ་སྤྲོད་དང་འཆར་ཇུས་གཏན་འབེབས།

万代吉藏语文名师工作坊

བན་དེ་སྐྱིད།སློབ་ཆུང་བོད་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ༡༨ལྷག་འགོར་ཡོད།གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་སློབ་སྟོན་ཀྲུའུ་རིན་གཞོན་པ་དང་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་བོད་སྐད་ ཡིག་རིག་ཚན་དཔྱད་ཞིབ་ལྟེ་གནས་ཀྱི་དྲུང་ཡིག་ཡིན།ད་ལྟ་གཙོས་གྲོང་ ཁྱེར་གྱི་ལས་ཞོར་སློབ་སྐུལ་མཁན་དང་གཙོས་གྲོང་ཁྱེར་གྱི་རྐང་འཛིན་ དགེ་རྒན། གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་ཞོར་སློབ་དཔྱོད་པ། རིག་ཚན་སློབ་དཔྱོད་པ་བཅས་ཀྱི་ལས་ཁུར་ཕྲག་ཏུ་བླངས་ཡོད།ལོ་ངོ་མང་བོའི་རིང་གི་འབད་བརྩོན་ལ་བརྟེན་ཏེ་འཁྲིད་བྱད་སྒྲིག་བཟོ་དང་རྩོམ་ འབྲིའི་མཛུབ་སྟོན། སློབ་ཁྲིད་འགྲན་བསྡུར། དཔྱད་རྩོམ་འགྲན་བསྡུར་ སོགས་སུ་བྱ་དགའ་མང་བོ་བླངས་ཡོད།

འཕགས་པ་སྐྱབས། སློབ་ཆུང་བོད་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ ནས་ལོ་༢༠འགོར། ཁུལ་རིམ་པའི་ན་གཞོན་སྣེ་ཁྲིད་པའི་བྱ་དགའ་ཐོབ་ ཅིང་གཙོས་གྲོང་ཁྱེར་སློབ་ཆུང་བོད་སྐད་ཡིག་རིག་ཚན་དཔྱད་ཞིབ་ལྟེ་ གནས་ཀྱི་ཁོངས་མི་ཡིན།

མགོན་པོ་དོན་གྲུབ། སློབ་ཆུང་བོད་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ ནས་ལོ་༡༢འགོར་ཡོད། ལྗོངས་ཞིང་ལྔའི་དཔྱད་རྩོམ་འགྲན་སྡུར་དང་ ཀན་ལྷོ་ཁུལ་སློབ་གསོ་ཅུས་ཀྱིས་སྒྲུབ་པའི་དཔྱད་རྩོམ་འགྲན་སྡུར་ཁྲོད་སོ་སོ་ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ། ད་ལྟ་གཙོས་གྲོང་ཁྱེར་བོད་ རིགས་སློབ་ཆུང་བོད་ཡིག་སློབ་དཔྱོད་ཁང་གི་འགན་འཛིན་ཡིན།

འབྲུག་མོ་མཁར། སློབ་ཆུང་བོད་སྐད་ཡིག་གི་སློབ་ཁྲིད་དང་འཛིན་བདག་གི་བྱ་བ་གཉེར་ནས་ལོ༡༦ལྷག་འགོར་ཡོད། ལོ་འདི་འགའི་རིང་སྔ་གཞུག་ཏུ་ཁུལ་དང་གྲོང་ཁྱེར་རིམ་པའི་སྤུས་ལེགས་སློབ་ཁྲིད་འགྲན་བསྡུར་དང་ བརྙན་སྒྲོན་སྒྲིག་བཟོའི་འགྲན་བསྡུར་ཁྲོད་ཨང་དང་བོ་དང་གཉིས་པའི་བྱ་དགའ་ཐོབ། གཞན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་མཛུབ་སྟོན་དགེ་རྒན་གྱི་གཟེངས་རྟགས་ཐོབ་མྱོང་། ད་ལྟ་གཙོས་བོད་རིགས་སློབ་ཆུང་བོད་སྐད་ཡིག་ཐུན་མོང་ཁྲིད་ཡིག་གྲ་སྒྲིག་ཚོ་ཆུང་གི་འགན་འཛིན་ཡིན།

སྙིང་མོ་ཐར། སློབ་ཆུང་བོད་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ནས་ལོ༡༥འགོར།༢༠༡༧ལོའི་གཙོས་གྲོང་རྟགས་མའི་སློབ་ཁྲིད་འགྲན་སྡུར་དང ༢༠༡༨ལོའི་ཁུལ་རིམ་པའི་སྤུས་ལེགས་སློབ་ཁྲིད་འགྲན་སྡུར་ཁྲོད་སྔ་ཕྱིར་བྱ་དགའ་ཨང་དང་བོ་དང་གཉིས་པ་ཐོབ། ད་ལྟ་དྲུག་གསུམ་འཛིན་གྲྭའི་ འཛིན་བདག་དགེ་རྒན་གྱི་འགན་ཁུར་ཡོད།

བོད་ཡིག་ལས་ཤག་གི༢༠༢༠ལོའི་ལས་འཆར་ལ་གྲོས་བསྡུར་གཟབ་ནན་བྱས་ཏེ་ཞིབ་ཚགས་སྤྱོད་རུང་གི་འཆར་གཞི་གཏན་འབེབས་བྱས་པ།

སློབ་གྲྭའི་འགོ་ཁྲིད་ཀྱི་མཛུབ་སྟོན་དང་སྣེ་ཁྲིད་འོག་ཡང་བསྐྱར་བཅོས་ཟིན་པའི་འཆར་གཞི།

སྤྱི་ཁྱབ་ལྟ་སྐུལ་བ། སྒྲོལ་མ་སྐྱིད།