༼ངས་ནམ་ཡང་སེམས་གཏིང་ནས་དྲན་བཞིན་ཡོད༽

བསྟན་པའི་དོན་ལ་ཤ་ཚའི་སྙིང་གཏམ་སྨྲ།།

བདེན་པའི་དོན་ལ་དྲང་གཏམ་དངོས་སུ་བརྗོད།།

རྒྱལ་བསྟན་རིག་པའི་དེབ་ཕྲེང་དུ་མ་ཅན།།

འགྲོ་བའི་དོན་དུ་ཚ་གྲང་ཁྱད་དུ་བསད

བླ་ཆེན་སྤྲུལ་སྐུའི་གོ་ས་བསྙེགས་མ་མྱོང་།།

དཔོན་ཆེན་བུ་ཡི་ཐོབ་ཐང་རྩོད་མ་མྱོང་།།

སློབ་མ་དུ་མར་ལྔ་རིག་ཤེས་བྱའི་གནས།།

ཨེ་ཤེས་ཨེ་གོ་བརྩོན་པའི་སེམས་དཔའ་གཅིག།།

དཀའ་སྡུག་འཁྲུལ་སྣང་རླུང་འཚུབ་རྒོད་ན་ཡང་།།

དེབ་དང་སྨྱུག་གུའི་མི་ཚེ་བྲལ་མ་མྱོང་།།

བདེན་པའི་ལྟ་གྲུབ་སྐྱེལ་བའི་དགེ་རྒན་འདི།།

ད་དུང་འདི་འདྲ་རེ་གཉིས་ཡོད་ན་བསམ།

སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།

བྲག་སྨྱོན་ཡ་མ་ར་ཛས་སྒོ་གསུམ་སྙིང་ནས་ཕུལ།།