འཚོགས་མཚམས་བཞག་ཀྱང་སློབ་མཚམས་དང་སྦྱོང་མཚམས་མི་འཇོག

福多多

ནད་རིམས་ནི་བཀའ་ཡིན་པ་དང་། བཀག་འགོག་ནི་འགན་འཁྲི་ཡིན་ཞེས་པ་ནང་བཞིན་ངེད་རོང་བྲག་རྫོང་གི་སློབ་གྲྭ་སོ་སོས་ཀྱང་རྒྱལ་ཁབ་ཀྱི་དགོངས་དོན་དང་བསྟན་ནས་འཚོགས་མཚམས་བཞག་ཀྱང་སློབ་མཚམས་དང་སྦྱོང་མཚམས་མི་འཇོག་པའི་བྱ་གཞག་བཀའ་ལྟར་སྒྲུབ། དྲ་བ། ལག་འཕྲིན། བརྙན་འཕྲིན་སོགས་གང་ལ་གང་འཚམས་སྒོས་ས་ཕྱོགས་སོ་སོའི་སློབ་མ་དང་འབྲེལ་འདྲིས་བྱས་ནས་སློབ་སྦྱོང་གི་ཁོར་ཡུག་སྐྲུན། དུས་སྐབས་འདིར་ཁྱིམ་བདག་ནི་སློབ་མའི་སློབ་སྦྱོང་གི་ལྟ་བསྐུལ་བ་དང་། འཚོ་བའི་དགེ་རྒན། དྲ་བའི་དྲ་ལམ་བཟོ་མཁན་ཡིན་པ་བཅས་འདུ་ཤེས་སྐྱོང་། ནད་རིམས་སྔོན་འགོག་གི་རྒྱུན་ཤེས་ཤེས་བྱ་སྐད་འཕྲིན་ཐོག་ནས་བསྐུར། དགེ་རྒན་རྣམ་པས་དྲ་ལམ་ལ་བརྟེན་ནས་རྒྱ་བོད་དབྱིན་གསུམ་གྱི་སློབ་ཁྲིད་བྱས་པ་མ་ཟད་ཉིན་རེའི་ལས་བྱ་དག་བཅོས་སམ་བཟང་ངན་ལེགས་ཉེས་ཀྱི་བརྡ་ལན་འདེབས།

འཚོགས་མཚམས་བཞག་ཀྱངཟླ་བ3ཚེས་1ནས་བཟུང་སློབ་ཐུན་རེའུ་མིག་དང་དུས་ཚོད་རེའུ་མིག་བགོད་དེ་ནད་ཡམས་མཆེད་པའི་དུས་འདིར་སློབ་མའི་སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བར་གོ་རིམ་ལྡན་ཞིང་དམིགས་འདུན་ཡོད་པ་བྱས། སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་གཉིས་ཀ་མ་འགྱངས་བར་ཆེད་དུ་ལུས་རྩལ་ཚོགས་ཐུན་བཀོད། སློབ་མའི་མོས་འདུན་ལྟར་ལུས་རྩལ་སྦྱོང་བརྡར་བྱེད་པ་ནི་ལུས་ཟུངས་སྟོབས་བསྐྱེད་དང་ཕན་པ་མ་ཟད་ནད་ཡམས་སྔོན་འགོག་ལའང་ཕན་པ་ཆེད་མཁས་ལྷ་རྗེའི་དགོངས་དོན་ལག་བསྟར་སྒྲུབ་པའོ། །

མ་ཟད་དགེ་སློབ་ཡོངས་ཀྱི་ལུས་ཀྱི་དྲོད་ཚད་བརྟག་ནས་འཚོགས་རྒྱུའི་སྔོན་འགྲོའི་བྱ་བ་སྒྲུབ་བཞིན་ཡོད། ནད་ཡམས་བཙན་ན་ཡང་ང་ཚོའི་བརྩེ་བ་ལ་རྒོལ་མི་ཐུབ། མཐུན་སྒྲིལ་ལག་རྡང་དམ་དུ་་སྦྲེལ་ནས་རྒྱལ་ཁ་ཐོབ་ངེས་ཡིན། ལྷ་རྒྱལ་ལོ། །

དཀར་མཛེས་ཁུལ་དགེ་རྒན་གྲགས་ཅན་ཚེ་གཟུངས་ཀྱི་ལས་སྒྲུབ་ཁང་གི་

རྐང་འཛིན་དགེ་རྒན་རྡོ་རྗེ་རྒྱ་མཚོ་ནས།