བྱིས་དུས་ནི་མཚར་སྡུག་ལྡན་པའི་རི་མོ་ཞིག་ཡིན།

བྱིས་དུས་ནི་སྙན་དབྱངས་དོད་པའི་འགྱུར་ཁུག་ཅིག་ཡིན།

སྤོ་བོ་ཉི་མ་ལགས། ཞོགས་པ་བདེ་ལེགས།

༼ བཞད་གངས་སྐྱེས། ༽

སྤོ་བོ་ཉི་མ་ལགས། ཁྱེད་རང་གཞི་ནས་གཉིད་ལས་སད་སོང་།
སྤོ་བོ་ཉི་མ་ལགས། ཞོགས་པ་བདེ་ལེགས།
ང་ཚོ་ནི་ཐོ་རངས་བྱ་ཕོ་དང་མཉམ་དུ་མལ་ལས་ལངས་བ་ཡིན།
ཞོགས་པའི་མཁའ་རླུང་གསར་པ་ང་ཚོས་རྔུབ་ཡོད།
ཞོགས་ཇ་མངར་མོ་ང་ཚོས་བཏུང་ཚར།
སྤོ་བོ་ཉི་མ་ལགས། ཁྱེད་ཀྱིས་ཞལ་ལག་ག་རེ་མཆོད་དམ།
ང་ཚོས་ཁྱེད་ལ་སྒུག་ནས་ཡུན་རིང་ཕྱིན་སོང་།

སྤོ་བོ་ཉི་མ་ལགས། ཁྱེད་ཀྱི་གསེར་སེར་པོའི་ཞལ་རས་གཞི་ནས་མཇལ་བྱུང་།
བྱིས་པ་ཐམས་ཅད་དགའ་ཐག་ཆོད་ནས་མཆོང་ལྡིང་བྱེད།
གཉིད་ལས་སད་མ་ཐག་པའི་ཞལ་རས་ནི་ཅི་འདྲའི་མཛེས་པ་ལ།
ང་ཚོ་ཕྲུ་གུའི་ངོ་གདོང་དང་ཨ་ན་མ་ན་རེད་ཤག
གསར་དུ་བཞད་ཁ་ཕྱེ་མ་ཐག་པའི་མེ་ཏོག་དང་འདྲ།
ཨ་ཕས་ང་ལ་གསར་དུ་ཉོས་པའི་ཞྭ་མོ་འདི་དང་འདྲ།

སྤོ་བོ་ཉི་མ་ལགས། ཞོགས་པ་བདེ་ལེགས།
ཉིན་མོར། ནམ་མཁའི་མཐོངས་སུ་ཁྱེད་རང་གཅིག་པུས་ཕྱག་ལས་གནང་གི་འདུག
སློབ་གྲྭའི་ནང་དུ་ང་ཚོ་གཅིག་པུས་སྦྱང་ཚན་སྣ་ཚོགས་འབྲི་གི་ཡོད།
མཚན་མོར། ཁྱེད་རང་མཁའ་དབྱིངས་སུ་མེད་དོན་ཅི་ཡིན་ནམ།
འོ། གཅིག་བྱས་ན། ང་ཚོ་གཉིད་ཀྱི་མཚོ་མོར་ཞུགས་དུས།
ཁྱེད་རང་ང་ཚོར་གཟིགས་པར་ཕེབས་ཡོད་དམ།
ང་ཚོས་སྐབས་རེ་རྨི་ལམ་ནང་ནས་ཁྱེད་རང་མཇལ་སོང་།
ཁྱེད་ཀྱིས་ང་ཚོར་གསེར་གྱི་ཀུ་ཤུ་གནང་བ་རྨིས་སོང་།

ངའི་རི་མོ་དང་རི་མོའི་ནང་གི་འཇིག་རྟེན།

༼ རུས་སྦལ་གྱི་སྐད་ཆ ༽ ནགས་ཚལ་མཚར་པོ།

༼ རུས་སྦལ་གྱི་སྐད་ཆ ༽ ལྡུམ་རྭའི་ནང་གི་ལྟད་མོ།

༼ རུས་སྦལ་གྱི་སྐད་ཆ ༽ རླངས་འཁོར་རྗེས་འདེད་གཏོང་བ།

༼ རུས་སྦལ་གྱི་སྐད་ཆ ༽ དབུགས་སྒང་དང་མཉམ་དུ་འཕུར་འདོད།

༼ རུས་སྦལ་གྱི་སྐད་ཆ ༽ གྲོགས་པོ་རི་བོང་གི་ཁྱིམ་དུ་མགྲོན་པོར་སོང་བ།

རི་བོང་དང་གླང་ཆེན་ཆུང་ཆུང་།

སྐྲ་ལོ་རིང་བའི་བུ་མོ།