ཉིན་ཤུག་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི2020ལོའི་དཔྱིད་དུས་ཀྱི་སློབ་མགོ་རྩོམ་པའི་བརྡ་སྦྱོར །

华先生

རྒྱ་ཆེ་བའི་ཁྱིམ་བདག་དང་སྙིང་ཉེ་བའི་སློབ་གྲོགས་རྣམས་པ།

མི་འགྱངས་པར2020ལོའི་དཔྱིད་དུས་ཀྱི་སློབ་མགོ་བརྩམ་ལ་ཉེ་བས།རང་སློབ་གྲྭས་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཡིག་ཆའི་རྩ་དོན་ལྟར། ཏོག་དབྱིབས་ནད་དུག་གསར་བའི་ཉེན་ཁ་དེ་ཇི་ལྟར་གཏན་འགོག་བྱ་ཚུལ་ལ་ངོས་འཛིན་དང་།ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བྱེད་པ། ལྷག་པར་ནད་ཡམས་ཅི་རིགས་སློབ་གྲྭའི་ནང་མི་ཡོང་བར་ཁག་ཐེག་བྱ་ཆེད།སློབ་མགོ་རྩོམ་པའི་དུས་ཚོད་དང་ཡིད་འཇོག་བྱ་དགོས་པའི་དོན་ཚན་ཁག་ཅིག་གནད་དུ་བཟུང་ནས་བརྗོད་པ་གཤམ་གསལ་ལྟར།

གཅིག སློབ་མགོ་རྩོམ་པའི་དུས་ཚོད །

༡ སྤྱི་ཟླ3པའི་ཚེས26ཉིན་གྱི་སྔ་མོའི་ཆུ་ཚོད་9:00ནས་10:00བར་ལོ་རིམ་དྲུག་པའི་སློབ་མ་དང་ཆུ་ཚོད་10:30ནས་11:30བར་ལོ་རིམ་ལྔ་བའི་སློབ་མས་མིང་ཐོ་འགོད་པ །

༢ སྤྱི་ཟླ3པའི་ཚེས27ཉིན་གྱི་སྔ་མོའི་ཆུ་ཚོད་9:00ནས་10:00བར་ལོ་རིམ་བཞི་བའི་སློབ་མ་དང་ཆུ་ཚོད་10:30ནས་11:30བར་ལོ་རིམ་གསུམ་པའི་སློབ་མས་མིང་ཐོ་འགོད་པ །

༣ སྤྱི་ཟླ3པའི་ཚེས28ཉིན་གྱི་སྔ་མོའི་ཆུ་ཚོད་9:00ནས་10:00བར་ལོ་རིམ་གཉིས་པའི་སློབ་མ་དང་ཆུ་ཚོད་10:30ནས་11:30བར་ལོ་རིམ་དང་པོའི་སློབ་མས་མིང་ཐོ་འགོད་པ །

གཉིས། ཡིད་འཇོག་བྱེད་དགོས་ས །

༡ སློབ་མགོ་མ་བརྩམ་པའི་ཉིན་འདི་དག་ཏུ་སློབ་མར་ཚ་རྒྱག་པ་དང་གློ་ལུ་བྱེད་པ།ཆམ་ནད་ཅན་སོགས་ཡོད་ན་སྔ་མོ་ནས་སྨན་བཅོས་བྱས་ཏེ་སངས་དྲག་འབྱུང་དུ་འཇུག་དགོས།

༢ མིང་ཐོ་འགོད་པའི་ཉིན་མོར་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། གལ་ཏེ་ལུས་པོའི་ཚ་དྲོད37.3℃ལས་བརྒལ་བའི་སློབ་མ་ཡོད་ན་འཛིན་བདག་ལ་གནང་བ་ཞུས་རྗེས་མྱུར་དུ་སྨན་ཁང་ལ་བསྟན་ནས་སངས་དྲག་ཏུ་སོང་རྗེས་ད་བཟོད་སློབ་གྲྭར་ཡོང་ཆོག།

༣ མིང་ཐོ་འགོད་པའི་ཉིན་མོར་དགུན་གནང་གི་ལས་བྱ་མ་ལུས་པར་ཁྱེར་ཡོང་དགོས་པ་ལས་གཞན་སློབ་མ་རེ་ནས་གཅིག་སྤྱོད་ཁ་ཐུམ་ལྔ་རེ་གྲ་སྒྲིག་བྱས་ཡོང་རྒྱུ་དང་སློབ་མའི་ལྭ་བ་དང་སློབ་སྦྱོང་གི་ཡོ་བྱད་སོགས་མཁོ་ཆས་ཐམས་ཅད་ཚགས་སུ་ཆུད་དུ་བཅུག་ནས་དུས་ལྟར་ཐོན་དགོས་པར་མ་ཟད།འཛིན་གྲྭ་སོ་སོའི་ཚོགས་པའི་ནང་བསྐུར་མྱོང་བའི་ལག་པ་བཀྲུ་ཚུལ་དང་ཁ་ཐུམ་རྒྱག་ལུགས་སོགས་ཀྱི་ཤེས་བྱའི་རྨང་གཞི་ཙམ་མི་བརྗེད་པར་སེམས་ལ་དམ་པོར་བཅངས་དགོས །

༤ སློབ་གྲོགས་སོགས་སུ་ཡིན་ཡང་སློབ་གྲྭའི་སྒོ་ཕྱི་ཁྱིམ་ནས་འཚང་ཁ་མི་རྒྱག་པ་དང་མཉམ་དུ་མི་འདུ་བ། གོ་རིམ་ལྟར་སྨི་གཅིག་གི་བར་ཐག་བཞག་ནས་མིང་ཐོ་འགོད་དགོས།

༥ དགུན་གནང་གི་སྐབས་སུ་ཞིང་ཆེན་གཞན་དུ་སོང་མྱོང་བའི་སློབ་མས་སོ་སོའི་སྡེ་ཁུལ་དང་།སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་ཉིན་བཅུ་བཞིའི་ལོགས་བཀར་དུས་ཚོད་ལོངས་པའི་འབྲེལ་ཡོད་བདེན་དཔང་འཁྱེར་ཡོང་དགོས་པ་དང་ ། སློབ་གྲོགས་ཡོངས་ནས་བདེ་ཐང་ཤར་བགྲོད་བྱང་བུ་འཁྱེར་ཡོང་དགོས །

༦ སློབ་མགོ་བརྩམས་པའི་རྗེས་སུ་ངེད་སློབ་གྲྭས་བཀག་སྡོམ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། ཞག་སྡོད་སློབ་མ་སློབ་གྲྭའི་ཕྱི་རོལ་དུ་འགྲོ་བ་དང་ཁྱིམ་བདག་རྣམས་སློབ་གྲྭའི་ནང་དུ་ཡོང་བར་གཏན་འགོག་བྱ་རྒྱུ་དང་། སློབ་གྲྭའི་ཕྱི་རོལ་གྱི་འབྲེལ་མེད་མི་སྣ་སུ་ཡིན་སློབ་གྲྭའི་ནང་ཡོང་དུ་མི་འཇུག

རང་སློབ་གྲྭའི་སློབ་མགོ་རྩོམ་པའི་བྱ་བ་བདེ་ལེགས་ངང་འགྲུབ་པ་དང་རིམས་ནད་ལས་ཡོངས་སུ་རྒྱལ་བའི་ཆེད་དུ་ཁྱིམ་བདག་དང་སློབ་གྲོགས་རྣམས་ཀྱིས་སློབ་གྲྭའི་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རྒྱུ་ནི་གལ་ཆེའོ།།

ཉིན་ཤུག་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭ་ནས།

༢༠༢༠ལོའི་ཟླ༣པའི་ཚེས༢༤ཉིན་ལ།

上级领导莅临我校视察疫情防控工作开展情况及2020春季学期开学筹备工作进展情况。

我校全体教职工全力以赴为疫情防控开学准备工作努力奋战的一幕。

坚守岗位,各尽其责,为人师表,这就是团队的力量。

做好疫情防控宣传力度,为顺利开学做好充分准备。

为开学工作付出自己的一份力。不怕脏,不拍累,不留死角。团结一心,爱岗敬业,共创明天的辉煌。

美丽的校园。

开学

防控

疫情

我校

做好

工作

坚守岗位

各尽其责

2020

为人师表