རྫ་ཨ་མགོ་རྫ་རི་ཕྱུག་མོ་རེད།

རྫ་དེ་ཡི་མགོ་ལ་རྩི་ཤིང་མེད།

མིག་ཁྲ་ཆུང་ཆུ་མིག་རུལ་པ་རེད།

ཆུ་དེ་ཡི་འཐུང་ཆུ་ག་ལ་ཉན།།

འཇར་མན་སློབ་གྲྭ་ཆེན་མོ་འདི་རུ་བག་ཆགས་ཅུང་ཙམ་སཇོག་མྱོང་ལ་ཁོར་ཡུག་ཀུན་ལ་སྙན་ངག་གི་ཚེ་སྲོག་ཀྱང་སྦྱིན་མྱོང་།།

生活过这个大学,写过诗歌,讲过喜马拉雅文化,也许人生就这样的吧,德国波嗯大学。

གོ་རེ་སྐམ་པོ་དང་ཚིག་ཇའི་ཁྲོད་དུ་ལྷ་མོ་དབྱངས་ཅན་མའི་ངག་གི་དབྱངས་རྟ་དང་འགྲོགས་ཏེ་ཤར་ནུབ་ཀྱི་དཔེ་དེབ་དུ་མའི་སྒོ་གླེག་ཕྱེས་ནས་འཛམ་གླིང་ལ་རྒྱང་ལྟ་བྱས།།

འདི་ནི་སྙན་ངག་ལ་དུང་བའི་མཐོ་སྒང་གི་བུ་ཆུང་ཞིག་གི་ཐོད་པའི་རི་མོ་ཡིན་ལ་དགའ་བ་དང་སྡང་བའི་ཁྲོད་ཀྱི་འཚོ་བ་ཞིག་ཀྱང་ཡིན།།

གནའ་རབས་ཀྱི་གཏམ་རྒྱུད་བཤད་སྲོལ་ས་དང་གནམ་གྱི་ཁྱད་པར་ཤར་ནུབ་ཀུན་ལ་ཡོད་ཀྱང་དོན་གྱི་འཚོ་བ་སྐྱེལ་སྟངས་ནི་གཅིག་མཚུངས་ཡིན་ལ། སྔ་རབས་པའི་སྦྲ་ནས་ཁང་བ་བརྒྱུད་འདུག་སའི་འཕེལ་རྒྱས་ནི་ཡ་མཚན་པ་ཡོད།།

东亚文化产业没有大的区别,

艺术设计和生存活法 差不多都一样,

西方更不是天堂。

古代德国人的生活方式……单纯。

མི་ཚེ་ལ་རི་ལུང་སྐོར།།

སེམས་པ་ཀྱ་ཀྱ་ཀྱོག་ཀྱོག།།