བྱིས་པ་མང་པོ་ཞིག་གི་ངོས་ནས་བརྗོད་ན་དགོང་གནང་དུས་ཚོད་ནི་ཉིན་དགུང་བར་དུ་ཉལ་བའི་དུས་ཚོད་ཞིག་ཡིན་མོད།འོན་ཀྱང་དེ་ལྟར་བྱས་ཚེ་བྱིས་པ་ཚོའི་དུས་རྒྱུན་གྱི་ངལ་གསོ་ཆོས་ཉིད་ཟང་ཟིང་དུ་འགྱུར་ཉེན་ཡོད་པས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།

对于很多孩子而言,假期就是一觉睡到大中午,但这样很容易打乱孩子们平时的作息规律,不应放任。

དགོང་གནང་ནི་བྱིས་པར་གསོ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་པས།བྱིས་པ་རྣམས་ལ་རང་གི་བྱ་བ་རང་གིས་བསྒྲུབ་ཏུ་འཇུག་དགོས་པ་མ་ཟད།ཁྱིམ་བདག་རྣམས་ལ་རོགས་རམ་བྱས་ཏེ་རང་གི་ནུས་པ་ཡོད་ཚོད་ཀྱིས་ཁྱིམ་ལས་བྱེད་དུ་འཇུག་དགོས།དེ་ལྟར་བྱས་ན་བྱིས་པ་ཚོའི་སྒེར་ཚུགས་ཀྱི་ནུས་པ་དང་དྲིན་ཚོར་གྱི་གཤིས་རྒྱུད་གསོ་སྐྱོང་བྱེད་ཐུབ།

假期是培养孩子自理能力的好机会,让孩子学会自己的事情自己做,并帮助家长做一些力所能及的家务,这样有助于培养孩子的独立能力和感恩的品格。

དཔེ་ཀློག་ནུས་ཤུགས་མཐོ་འདེགས་གཏོང་དགོས།

ཆུང་བྱིས་སྐྱོང་ཁང་ནས་བཟུང་།བྱིས་པ་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག་ཏུ་དཔེ་ཀློག་བྱེད་པའི་གོམས་གཤིས་བཟང་པོ་ཆགས་ཡོད།ང་ཚོས་རེ་བ་ཡང་དགོང་གནང་སྐབས་སུ་་གོམས་གཤིས་ཡག་པོ་འདི་ཁྱིམ་བདག་དང་བྱིས་པ་མཉམ་དུ་རྒྱུན་འཁྱོངས་བྱས་ཏེ།རང་གི་བུ་དང་བུ་མོ་མཉམ་དུ་ཀློག་པར་འབད་དགོས།དཔེ་ཀློག་ནི་བྱིས་པ་དག་གོམས་གཤིས་བཟང་བོ་གསོ་སྐྱོང་བྱེད་ཐུབ་པར་མ་ཟད།ཕ་བུའི་བར་གྱི་བརྩེ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ།

加强阅读

自上幼儿园以来,孩子们在老师的带领下养成了阅读绘本故事的习惯,希望家长在假期中把这个好习惯和孩子一起坚持下来,尽量亲子共读,不但能够培养孩子良好的阅读习惯,还能增进亲子感情

བྱིས་པའི་ལག་འཁྲུད་ཐབས་ལམ་བདུན།

幼儿洗手七步法教学过程

ལག་བདེ་སློབ་མ།

巧手学子

དགོང་གནང་སྐབས་འཆར་འགོད་ལུགས་མཐུན་ངང་ནས་དུས་ཚོད་བགོས་ཏེ་བྱིས་པ་ཚོར་རང་དབང་དང་སྤྲོ་སྣང་ཁྲོད་ནུས་པ་དང་ཤེས་བྱ།གོམས་གཤིས་བཟང་པོ་དང་གཤིས་རྒྱུད་བཟང་པོ་གསོ་སྐྱོང་གནང་ན་དགོང་གནང་འདི་རོལ་རྗེས་བྱིས་པ་སྔར་ལས་ཕུལ་དུ་བྱུང་བ་འགྱུར་བའོ།

合理规划假期,让孩子们在自由和欢乐中培养能力,学到更多的知识,培养良好的习惯和品格,相信孩子们过完这个假期后一定会更加优秀