ཐོན་མིའི་ཕྱག་རྒྱུན།

美友83298873

བོད་ཀྱི་ཡིག་གཟུགས།

གངས་ཅན་བྷོ་ཊའི་ཡུལ་འདིར་སྔོན་བྱོན་མཁས་གྲུབ་གང་མང་གི་དྲིན་ལས་ཤེས་རིག་གི་ཉིན་བྱེད་འཆར་ཞིང་བུ་རབས་ཚ་རྒྱུད་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་བས་རང་རེའི་ཁྱད་ཆོས་ལྡན་པའི་ཐུན་མིན་རིག་གནས་ཀྱིི་འདབ་སྟོང་ཞིག་འཛམ་གླིང་ཤེས་རིག་གི་གླིང་གར་ལྷམ་མེར་བཞད།

མི་རིགས་ཀྱི་བླ་སྲོག་སྐད་ཡིག་ལ་ཐུགས་པ་དང་སྐད་ཡིག་ཡར་རྒྱས་དང་དར་སྤེལ་གཏང་དགོས་ན་ངེས་པར་དུ་བོད་མི་ཡོངས་ཀྱིས་དཔུང་པ་མཉམ་གཤིབས་ཀྱི་སྒོ་ནས་སྦྱངས་བརྩོན་བྱེད་དགོས་པ་ལས་མི་རེ་གཉིས་ཙམ་གྱི་འོས་འགན་ཞིག་ག་ལ་ཡིན། གལ་ཏེ་རང་རིགས་ཀྱི་སྲོག་རྩ་དང་གནས་ལྔ་རིག་པའི་དམངས་གཞི་གྱུར་བའི་སྐད་ཡིག་ནི་ལག་ཆར་བལྟས་ན་རིག་གནས་ལ་དུང་ཞེན་དང་འགན་འཁྲིའི་འདུ་ཤེས་ཉམས་ཏེ་སྐྱོ་བའི་གནས་སུ་འགྱུར་ཉིན་ཆེ།གཞན་གྱི་ཡི་གེ་ལག་ཆའི་འདུ་ཤེས་འཛིན་མི་ཆོག་ཅེས་ཁོ་བོས་མཐའ་གཅིག་ཏུ་དགག་པ་མིན་ཡང་རང་ཚོ་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་བཤད་ན་འདི་ལས་ངོ་ནོོངས་དགོས་པའི་ལས་ཤིག་ག་ལ་ཡོད།    ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་དཀའ་བ་ཁྱད་གསོད་ཀྱི་འབྲས་བུ་ཉམས་ན་ང་ཚོའི་ངོ་ཚ་ལོས་ཡིན།

འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་པ་ལྟར་ཡི་གེ་འབྲི་བ་དང་ཀློག་པ་ནི་ཤིན་ཏུ་ནས་གལ་ཆེ། ཀློག་པ་ནི་ཡི་གེ་འབྲི་བའི་རྨང་གཞི་ཡིན་པས་ཚང་མས་ཀློག་པར་བྱང་ཆུབ་པ་བྱེད་དགོས་པ་ནི་སྨོས་མེད་རེད།  ཡིག་གཟུགས་ནི་གོ་བརྡ་སྤྲད་སའི་ལག་ཆ་ལྟ་བུ་ཞིག་ཡིན་པས་དེ་ཚད་ལྡན་འབྲི་བ་ནི་ཤིན་ཏུ་ནས་གལ་ཆེ་སྟེ་སྟོན་པ་ཤྭཀྱ་ཐུབ་པས་

ལྔ་བརྒྱའི་ཐ་མར་གྱུར་བའི་དུས།།

ང་ནི་ཡི་གིའི་གཟུགས་སུ་གནས།།

ང་ཡིན་སྙམ་དུ་ཤེས་བྱོས་ལ།།

དེ་ཚེ་དེ་ལ་གུས་པར་གྱིས།།

ཞེས་གསུངས་སོ།།

ཡིག་གཟུགས་ནི་རིག་གནས་ཆེ་བ་ལྔ་ཡི་ནང་ཚན་བཟོ་རིག་པའི་ཁོངས་སུ་གཏོགས་པ་དང་མི་རིགས་རིག་གནས་ཀྱི་མཛེས་རྒྱན་དང་ཤེས་རིག་བང་མཛོད་ཀྱི་སྒོ་མོ་འབྱེད་སའི་ལྡེ་མིག་ལྟ་བུ་ཡིན་པས།   རྗེ་བསྟན་དར་ལྷ་རམས་པས་

རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན།།

དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།

ཞེས་པ་དང་རྡོ་སྦིས་ཚང་གིས་ཀྱང་

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།

དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།

དེ་དག་མཚོན་བྱེད་རི་མོས་རིག་བྱེད་དེ།

ཕྲ་ཞིབ་ཡིག་གཟུགས་ཐོན་པ་ཤིན་ཏུ་གཅེས།།

ཞེས་གསུངས་སོ།།

ང་ཚོ་སྟེ་བོད་མི་རིགས་རྣམས་གཞན་ཟེར་རྗེས་འབྲང་བྱེད་རྒྱུར་དགའ་བས་རང་རིགས་ཀྱི་ཤེས་བྱ་རིག་གནས་ལ་མཐོང་ཆེན་བྱེད་མཁན་ནི་ཤིན་ཏུ་ནས་ཉུང་།གལ་ཏེ་ང་ཚོ་ད་དུང་རང་ཚུགས་མ་འཛིན་ཆུ་སྣ་གར་ཁྲིད་བྱེད་ནས་སྐད་ཡིག་ཉམས་པ་གྱུར་ན་མི་རིགས་ཟེར་བའི་ཐ་སྙད་ཇི་ལྟར་འབོད།  རིན་བྲལ་གཞལ་མེད་ཀྱི་རྒྱལ་བའི་གསུང་རབ་རྣམས་ཤོག་བུའི་ཕུང་པོར་གྱུར་ན་བོད་པ་ཙམ་མ་ཟད་འགྲོ་བ་རིགས་དྲུག་གི་གྱོང་གུད་ཞིག་ལོས་ཡིན།   སྐད་ཡིག་མེད་པ་གྱུར་ན་རིག་གཞུང་ཉམས་རྒྱུ་ནི་མིག་ལམ་གྱི་མཐོང་བྱ་ཞིག་ཏུ་གྱུར་ཡོད།

དེ་བཞིན་སྐད་ཡིག་རྒྱུན་འཛིན་བྱེད་པའི་ཐབས་ནི་ཁ་སྐད་ཀྱིས་སྒོ་ནས་སྐྱོང་བ་དང་ཡི་གེའི་གཟུགས་སུ་བཀོད་པ་ཐབས་ལམ་ཆེ་བ་གཉིས་ཡོད། དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་ཡིག་ཐོག་ལ་བཀོད་པ་དེ་ཡིན་པས་ཡིག་གཟུགས་ནི་ཕྲེང་མའི་རྡོག་པོ་བཞུད་སའི་ཕྲེང་ཐག་དང་ཀུན་ནས་མཚུངས།  གལ་ཏེ་ཕྲེང་ཐག་འདི་ཆད་ན་ཕྲེང་བའི་རྡོག་པོ་ས་ལ་ལྷུང་བ་ནི་ཆོས་ཉིད་ཞིག་ལོས་ཡིན།

སྤིར་གྱི་རྩེ་མོས་འཐེན་པའི་ཡི་གིའི་གཟུགས།།

དཀར་འཇམ་ཤོག་བུའི་སྟིང་དུ་གསལ་གྱུར་ཀྱང་།།

སོར་མོའི་རྩལ་ལ་བྱང་གོམས་མ་མཆིས་ན།།

འབྲི་ཕྲེང་ཚར་དུ་དངར་བ་ཤིན་ཏུ་དཀའ།།

ཞེས་པ་ལྟར་ཡི་གེ་འབྲི་བ་ནི་ཉིན་རེ་གཉིས་ཀྱི་ལས་ཀ་མ་ཡིན་ལ་བརྩོན་པ་ཆུ་བཞིན་གྱིས་བསྐྱང་དགོས་འདི་ནི་ཡིག་འབྲི་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།  བོད་ཀྱི་ཡིག་གཟུགས་ནི་འབྲི་སྲོལ་སྣང་མང་ཅན་ཞིག་ཡིན་པས་གོ་རིམ་ནི་ཆེན་པོའི་འོག་ནས་ཆུང་ཆུང་ཐོན་ཞེས་པ་ལྟར་དང་པ་ོདབུ་མེད་ཀྱི་ཡིག་གཟུགས་ཚུགས་རིང་སྦྱངས་པ་དང་དེ་ནས་རིམ་གྱི་ཆུང་རུ་གཏང་དགོས་ལ་ཡིག་གཟུགས་རིམ་གྱི་སྒོར་དབྱིབས་སུ་གཏང་ནས་ཚུགས་ཆུང་དང་ཚུགས་ཐུང་སྦྱངས་དགོས་དེ་ནས་རིམ་གྱིས་འཁྱུག་མ་ཚུགས་དང་འཁྱུག་བྲིས་འཁྱུག་ཆེན་དེ་ནས་རིམ་གྱིས་དབུ་ཅན་དང་ཡིག་གཟུགས་སྣ་ཚོགས་ལ་སྦྱངས་པ་བྱ་གོ་རིམ་འདི་ལྟ་བུ་བྱེད་ནས་སྦྱངས་ན་ཁོ་བོའི་ལེགས་སྙམ་ལས་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ།།

འཇམ་མགོན་ཀོང་སྤྲུལ་གྱིས་སྣག་ཤོག་སྨྱུ་གུ་མི་གཟབ་པར།། ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ།།གསུངས་པ་བཞིན་ཡིག་གཟུགས་སྦྱངས་པ་ལ་ལག་ཆའམ་ཡོ་བྱད་ཀྱང་ཆ་ཚང་དགོས་པ་སྟེ་སྣག་ཚ་དང་སྣག་བུམ།  སྦྱང་ཤིང་། རྡབ་ཐིག   ལྟེབ་གྲི།   ཁ་སྤྱིན།  འབྲི་སྨྱུག་ཆེ་ཆུང་སྣ་ཚོགས།    ཤོག་བུ་བཅས་ཆ་ཚང་བ་འཛོམས་པ་བྱེད་དགོས།

སྨྱུག་གུ་བཟོ་ཐབས།  སྨྱུག་གུ་རིང་ཐུང་མཐོ་གང་ཙམ་དང་སོར་མོ་བཞི་ལས་མི་ཐུང་བ་བཅས་དང་དབུ་ཅན་སྙེ་བྲིས་དང་དབུ་མེད་གཞུང་བྲིས་ཀྱི་སྨྱུག་ཁམ་གཡས་སུ་གསེག་ཆེ་བ་དགོས་ལ་དཔེ་ཚུགས་དང་འབྲུ་ཚའི་སྨྱུག་ཁམ་གཡོན་དུ་གསེག་དགོས།

ཡིག་གཟུགས་འབྲིར་སྦྱོང་སྐབས་ཐོག་མར་ཕྱག་བྲིས་ཚད་ལྡན་ཅན་གྱི་སློབ་དཔོན་བསྟེན་ཅིང་སྨྱུ་གུ་འཛིན་ཐབས་དང་།  ཡི་གེའི་ཆ་ཚད།   ཤ་རུས་མཛེས་ཉམས་འདོན་ཚུལ། སྨྱུག་འགྲོས་ཀྱི་སྦོམ་ཕྲ་དང་རིང་ཐུང་།   སྐོར་འཐེན་གསེག་སོགས་ཀྱི་རྣམ་པ་དང་ཚད་སེམས་ལ་འཇགས་པ་དང་འཐེན་འགྲོས་ལ་བྱང་ཆུབ་པར་བྱེད་ཅིང་། ཐིག་སྒྲོམ་སོགས་ལ་འཇུག་ན་འབྲི་རྩལ་མྱུར་དུ་ཐོན་པ་ཡིན།    དེ་འདྲའི་མཐུན་རྐྱེན་མ་འཛོམས་རུང་བྲིས་དཔེ་ཁུངས་དག་གི་སྐོར་འཐེན་གསེག་ཚུལ་རྣམས་བློ་ལ་བྱང་ཆུབ་པར་བྱེད་རྒྱུ་དེ་འབྲི་རྩལ་སློབ་པའི་ཐབས་ཤེས་ཡང་དག་ཞིག་ཡིན།  ཡིག་གཟུགས་ཀྱི་སྣག་ལམ་དང་དཀར་ནག་ཆེ་ཆུང་མཉམ་པ།  གྲལ་འགྲིག་པའམ་ཚར་དུ་དངར་བ་སོགས་ཡོང་བར་འབད་དགོས།སྤྱིར་ཡིག་གཟུགས་སྦྱོང་མཁན་ཚོས་ཤེས་དགོས་པ་ཞིག་ལ་བྱིས་པས་མེ་ཏོག་འཐུ་བ་ལྟར་བྱེད་མི་ཉན།

ལག་རྒྱུ་བཟང་ངན་བཟོ་རིག་གང་ལ་ཡང་འོང་མོད།འོན་ཀྱང་ལག་གོམས་ཆེ་ཆུང་ནི་འབད་བརྩོན་བྱེད་མིན་ལ་རག་ལས་ཡོད་སྟབས།  མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་འདི་ཉམས་སུ་མ་བཅུག་བར་ལེགས་ཆ་དང་མཛེས་ཉམས་ཅི་ཐོན་འབད་པར་བྱའོ།།

སྤྱི་ལོ་༢༠༢༠ལོ་ཟླ༡པོའི་ཚེས་༡༢ཉིན་བསྟན་འཛིན་ལྷུན་འགྲུབ་ཀྱིས།