བོད་ཡིག་དགེ་རྒན།

美友83298873

ཡིད་ཀྱི་མཆོད་པ་པད་མ་དཀར་པོ།

ཀྱེ་ཀྱེ་དུས་ཚོད་སྲབ་ཐག་མེད་པའི་རྟ་ཕོ་བཞིན།།

མྱུར་མྱུར་ཁོ་བོའི་ལག་ཟུང་གཉིས་ཀྱིས་འཛིན་པ་དཀའ།།

སྐབས་སྐབས་མགྱོགས་མྱུར་ནམ་མཁའི་གློག་དམར་འཁྱུག་པ་བཞིན།།

ཐུང་ཐུང་ཞལ་འཇལ་དུས་དེ་ཕལ་ཆེར་བརྫོགས་ན་ཡང་།།

བར་བར་གུས་པ་ལས་ཀས་བྲེལ་བའི་བར་གསེང་ནས།།

རུབ་རུབ་པད་མའི་འདབ་མ་ཡིད་ཀྱི་མཆོད་པ་འདི།།

བྱམས་བྱམས་བདག་གི་དགེ་བའི་གཤེན་གཉེས་ཆེན་པོ་ལ།།

འབུལ་འབུལ་རྣམ་པར་དག་པའི་སྒོ་ནས་འདི་ཞེས་འབུལ།།

བསྟོད་བསྟོད་ཀུན་གྱིས་བསྟོད་སའི་ནང་སའི་འཛིན་གྲྭ་སྟེ།།

མར་མར་མར་ལ་གཡུག་ནས་མདོ་ཁམས་ཆབ་མདོའི་ཡུལ།།

མྱུར་མྱུར་བྲེལ་བྲེལ་ངང་ནས་མཐོ་འབྲིང་དང་པོར་སླེབས།།

སྔོན་སྔོན་ལས་ཀྱིས་བཀོད་པའི་གཤེན་གཉེས་ཁྱེད་དང་འཕྲད།།

སྒེག་སྒེག་མཛེས་སྡུག་ལང་ཚོའི་མེ་ཏོག་རབ་བརྒྱས་པ།།

ཟབ་ཟབ་ཡང་དག་གདམ་ངག་བསྟན་བཅོས་ལུང་གིས་ཕྱུག།

གཞོན་གཞོན་ལྷག་བསམ་བྱམས་བརྩེའི་འཛུམ་ཞལ་ཡལ་བ་མེད།།

སྙན་སྙན་ངག་གི་བདག་པོ་ཁྱེད་ལ་གུས་ཕྱག་འཚལ།།

དཀར་དཀར་གངས་རིས་བསྐོར་བའི་གངས་ལྗོངས་འདི་ཡི་བརྒྱན།།

གསལ་གསལ་མུན་པའི་ཁྲོད་ཀྱི་སྒྲོན་མེའི་རྗེས་སུ་འགྲོ།།

མང་མང་ན་གཞོན་རྨོངས་པའི་འཆིང་ལས་གྲོལ་བར་བྱེད།།

ཀྱོག་ཀྱོག་མི་ཚེའི་ལམ་བུ་ཐོག་གི་ལམ་བསྟོན་མཁན།།

ཡུན་ཡུན་རིང་པོར་མཉམ་དུ་འཛོམས་པ་མ་བྱུང་ཡང་།།

ཐུང་ཐུང་དུས་འདིར་ཤེས་བྱ་ཡོན་ཏན་སྣ་ཚོགས་གནང་།།

ཆེ་ཆེ་དྲིན་དེ་ད་ལྟ་འཇལ་ཐབས་མ་བྱུང་ཡང་ །།

ཐུང་ཐུང་ཡིད་ཀྱིས་བསྟོད་ཚིག་པད་མ་དཀར་པོ་འབུལ།།

སྤྱི་ལོ་༢༠༢༠ལོ་ཟླ་༣པའི་ཚེས་༡༠ཉིན་ཆབ་མདོ་མཐོ་འབྲིང་དང་པོའི་དགེ་རྒན་བློ་དགའ་ལས་བསྒྱུར་སྐབས་བསྟན་འཛིན་གྱིས་ཕུལ།