མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་མགོ་རྩོམ་པའི་བརྡ་སྦྱོར།

﹋樱婲籹籽♛

གུས་པར་འོས་པའི་ཁྱིམ་བདག་དང་སློབ་གྲོགས་ལྷན་རྒྱས།

ཏོག་དབྱིབས་ནད་དུག་གསར་པའི་འགོག་རྒོལ་གྱི་བྱ་བ་ལེགས་པར་འཁྱོངས་རྒྱུ་དང་།སློབ་གྲྭ་བདེ་བླག་ངང་འཚོགས་ཐུབ་པར་འགན་ལེན་བྱ་ཆེད།ངེད་སློབ་གྲྭས་སྔོན་འགྲོས་བྱ་བ་རབ་དང་རིམ་པ་བསྒྲུབས་མཐར།ཁྲི་ཀ་རྫོང་རྒྱུན་ཨུའི་གྲོས་ཚོགས་ཐེངས109སྟེང་སློབ་མགོ་རྩོམ་ཆོག་པ་གཏན་འཁེལ་བྱས།།དེ་ཡང་ཏོག་དབྱིབས་ནད་དུག་གསར་པའི་ཉེན་ཚབས་རང་བཞིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྡོག་རྩ་གཅིག་སྒྲིལ་གྱིས་འགོག་རྒོལ་བྱེད་པ་དང་།ལྷག་པར་དུ་རིམས་ནད་གང་ཡིན་སློབ་གྲྭའི་ནང་དུ་མི་མཆེད་པར་ཁག་ཐེག་བྱ་ཆེད།སློབ་མགོ་རྩོམ་པའི་དུས་ཚོད་དང་ཡིད་འཇོག་བྱ་དགོས་པའི་སྐོར་ཁྱིམ་བདག་དང་སློབ་མ་ཡོངས་ལ་གསལ་འདེབས་བྱས་པ་གཤམ་གསལ་ལྟར།གཅིག དུས་ཡོལ་རིམ་དགར་གྱི་རྩ་དོན་གཞིར་བཟུང་ནས་དཔྱིད་དུས་སློབ་མགོ་རྩོམ་པའི་དུས་ཚོད་ནི་ལུགས་གསར་གྱི་ཟླ3པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད11ནས་ཕྱི་དྲོའི་ཆུ་ཚོད5པའི་བར་མཐོ་གསུམ་སློབ་མས་འབྱོར་ཐོ་འགོད་པ་དང་།ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད11ནས་ཕྱི་དྲོའི་ཆུ་ཚོད5པའི་བར་མཐོ་གཉིས་སློབ་མས་འབྱོར་ཐོ་འགོད་པ།ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད11ནས་ཕྱི་དྲོའི་ཆུ་ཚོད5པའི་བར་མཐོ་གཅིག་སློབ་མས་འབྱོར་ཐོ་འགོད་པར་གཏན་འཁེལ་བྱས་ཡོད་པ་དང་དགོང་མོའི་ཆུ་ཚོད་བདུན་གྱི་སྟེང་དགོང་ཚོགས་བསྡུ་རྒྱུ་ཡིན།

གཉིས། སློབ་གྲོགས་རྣམས་ཀྱིས་དུས་ལྟར་འབྱོར་ཐོ་འགོད་དགོས།དེ་མིན་སྔོན་དུ་ཐོན་པ་དང་རྗེས་སུ་ལུས་པ་སོགས་བྱུང་ན་འབྱོར་ཐོ་འགོད་མི་ཐུབ། གཞན་འབྱོར་ཐོ་འགོད་དུས་ས་གནས་རིམ་དགར་གྱི་རྩ་དོན་གཞིར་བཟུང་ནས་ཁྲི་ཀའི་སློབ་མ་རྣམས་ཀྱིས་ཆུ་ཚོད11ནས12བར་འབྱོར་ཐོ་འགོད་དགོས།མང་རྫོང་གི་སློབ་མ་རྣམས་ཀྱིས་ཆུ་ཚོད13ནས14བར་འབྱོར་ཐོ་འགོད་དགོས།གསེར་ཆེན་རྫོང་གི་སློབ་མ་རྣམས་ཀྱིས་ཆུ་ཚོད14ནས15བར་འབྱོར་ཐོ་འགོད་དགོས།བྲག་དཀར་རྫོང་གི་སློབ་མ་རྣམས་ཀྱིས་ཆུ་ཚོད16ནས17བར་འབྱོར་ཐོ་འགོད་དགོས།རྫོང་ཁག་གཞན་གྱི་སློབ་མ་རྣམས་ཆུ་ཚོད་ངེས་གཏན་མེད་མོད་ཆུ་ཚོད17སྔོན་ལ་འབྱོར་ཐོ་འགོད་དགོས།ཆུ་ཚོད17འདའ་རྗེས་འབྱོར་ཐོ་འགོད་མཚམས་འཇོག་རྒྱུ་ཡིན།

གསུམ། སློབ་མ་རྣམས་འབྱོར་ཐོ་འགོད་དུ་ཡོང་སྐབས་སློབ་ལྭ་གྱོན་པ་དང་ཁ་ཐུམ་རྒྱག་དགོས།སློབ་མ་སྐྱེལ་བའི་ཁྱིམ་བདག་རྣམས་ཀྱིས་ཀྱང་ཁ་ཐུམ་རྒྱག་དགོས་ལ་སློབ་རའི་ནང་ཡོང་མི་ཆོག གལ་ཏེ་ལུས་པོའི་ཚ་དྲོད37.3℃ལས་བརྒལ་བའི་སློབ་མ་ཡོད་ན་གནས་སྐབས་སུ་འབྱོར་ཐོ་མི་འགོད་པར་ཁྱིམ་དུ་བསྡད་དེ་ངལ་གསོ་བྱེད་དགོས།

བཞི།     ཞིང་ཆེན་གཞན་ལ་སོང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་སློབ་མ་དང་ཁྱིམ་བདག་དག་གིས་ཁྱིམ་སྡོད་ལོགས་བཀར་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱེད་དགོས་ཤིང་།ཁྱིམ་སྡོད་ལོགས་བཀར་གྱི་དུས་ཚོད་ལོངས་མེད་པའི་སློབ་མ་སློབ་གྲྭར་ཡོང་མི་ཆོག་པ་དང་།དུས་ཚོད་ཡོལ་པའི་སློབ་མས་འབྱོར་ཐོ་འགོད་དུས་སོ་སོའི་སྡེ་ཁུལ་དང་།སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་བདེན་དཔང་འཁྱེར་ཡོང་དགོས།གསང་ཞུ་དང་རྫུན་ཞུ་བྱེད་མཁན་དག་ལ་འབྲེལ་ཡོད་ཁྲིམས་ལུགས་ལྟར་ལག་བསྟར་བྱེད་རྒྱུ་ཡིན།

ལྔ།     སློབ་གྲྭར་ཡོང་དུས་སྤྱི་སྤྱོད་རླངས་འཁོར་སོགས་ལ་མི་འདུག་པ་དང་།གལ་ཏེ་སྡོད་དགོས་བྱུང་ཚེ་ངེས་པར་དུ་ཁ་ཐུམ་རྒྱག་དགོས། ལག་པས་ཡར་མར་ལ་རེག་ཐུག་བྱ་མི་རུང་།གློ་ལུ་དང་སྣ་སྦྲིད་བརྒྱབ་ཚེ་ཕུ་རུང་སྣེ་མོ་ཡིས་ཁ་སྣ་དང་མིག་སོགས་དགབ་དགོས་ཤིང་ལག་པ་གཙང་བཀྲུ་བྱ་དགོས།

དྲུག སློབ་མ་སློབ་གྲྭར་ཡོང་དུས་ཁ་པར་དང་།གྲི་སོགས་མཚོན་ཆའི་རིགས།།ཞོར་ཟས་སོགས་གཏན་ནས་ཁྱེར་ཡོང་མི་ཆོག སྐྲ་བཞར་ཏེ་སློབ་གྲྭའི་ཚད་ཐིག་ལྟར་འཇོག་དགོས། ཁྱིམ་བདག་གིས་སྔ་མོ་ནས་སློབ་མར་རིམས་ནད་འགོག་སྲུང་ལ་དགོས་གལ་ཆེ་བའི་ཁ་ཐུམ་དང་རིམས་འགོག་གི་སྨན།གཞན་རང་ཉིད་ལ་མཁོ་བའི་འཚོ་བ་དང་སློབ་སྦྱོང་གི་ཡོ་བྱད་སོགས་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱེད་དགོས།

བདུན།   སློབ་མགོ་བརྩམས་པའི་རྗེས་སུ་ངེད་སློབ་གྲྭས་བཀག་སྡོམ་དོ་དམ་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ལ།སློབ་གྲྭའི་ཕྱི་རོལ་གྱི་འབྲེལ་མེད་མི་སྣ་སུ་ཡང་སློབ་གྲྭའི་ནང་དུ་ཡོང་མི་ཆོག     གཞན་དགེ་སློབ་ཚང་མས་སློབ་གྲྭའི་བཀོད་སྒྲིག་ལྟར་དུས་རྒྱུན་ལུས་དྲོད་ལ་བརྟག་དཔྱད་བྱེད་པར་རྒྱུན་འཁྱོངས་བྱ་དགོས།དམིགས་བསལ་གྱི་རྒྱུ་རྐྱེན་མེད་ན་སློབ་མ་སློབ་གྲྭ་ལས་ཕྱི་རུ་སོང་མི་ཆོག་ལ་ཁྱིམ་བདག་རྣམས་སློབ་གྲྭའི་ནང་ཡོང་མི་ཆོག

གཞན་རིམས་ནད་སྔོན་འགོག་གི་ཤེས་བྱར་སློབ་སྦྱོང་སྒོས་རང་ཉིད་ནས་མགོ་བརྩམས་ཏེ་ནད་ཡམས་འགོག་སྲུང་གི་བྱ་བར་མུ་མཐུད་དུ་རྒྱུན་འཁྱོངས་ལེགས་པོ་བྱེད་དགོས།སླད་མར་ཁྱིམ་བདག་ལྷན་རྒྱས་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ།སློབ་གྲོགས་ཚོའི་སློབ་སྦྱོང་ཡར་རྒྱས་དང་ནད་མེད་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྨོན་འདུན་ཡང་ཡང་ཞུས་པའོ།།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས2020ལོའི་སྤྱི་ཟླ3པའི་ཚེས8ཉིན་ལ།