མ་འོངས་རེ་བའི་ཀ་རྩོམ།

ཀྭ་ཡེ་གསོན་དང་རིགས་རྒྱུད་གཅིག་པའི་སྤུན།།

ཁ་བའི་ལྗོངས་འདིར་འཐོར་རླུང་ཆེ་དྲག་པས།།

ག་ས་གང་དུ་ཡོད་པའི་མི་རྣམས་ཀྱི།།

ང་ཡི་རེ་བར་ཅུང་ཙམ་གསན་རོགས་ཞུ།།

ཅ་ཅོ་གཞན་ཟེར་རྗེས་ལ་མི་འབྲང་ཞིང་།།

ཆ་མེད་བོད་རིགས་ཡིན་པ་མ་བརྗེད་པར།།

ཇ་ཆང་ཤོ་བག་མ་བརྒྱབ་དགེ་བར་བརྩོན།།

ཉ་གང་ཟླ་ལྟར་རྒྱས་པའི་རིག་གནས་སྦྱོངས།།

ཏ་ལའི་ལོ་མ་བྲིས་པའི་ལོ་རྒྱུས་དང་།།

ཐ་སྙད་རིག་པའི་གཞུང་ལ་ཉིན་ལྟར་འབད།།

ད་ནས་བཟུང་སྟེ་མི་རིགས་ཆེད་དུ་འབད།།

ན་ཚ་འཕོག་ཀྱང་སྟོབས་ཤུགས་མི་ཉམས་པར།།

པ་ཕ་ཨ་མའི་དྲིན་ལན་གསོབ་པ་དང་།།

ཕ་ཡུལ་འཛུགས་བསྐྲུན་བྱེད་དེ་རང་གཤིས་གནས།།

བ་གླང་མི་འདྲ་བོད་རིགས་མི་རྣམས་ཀྱིས།།

མ་འོངས་གངས་ལྗོངས་སྔར་ལས་མཛེས་པ་བྱེད།།

ཙ་རི་གནས་ཆེན་བཞིན་དུ་བསྟན་པོ་གནས།།

ཚ་བོ་ཚ་མོས་སྡིག་སྤོང་དགེ་བསྒྲུབ་གྱིས།།

ཛ་ཡའི་གསུང་རབ་ཀློག་པ་དགེ་གྱུར་ཡང་།།

ཝ་སྐྱེས་སིང་སྤགས་གྱོན་འདྲ་མ་བྱེད་ཨང་།།

ཞ་བོ་ཡིན་ཡང་རྣམ་དཀར་ལས་ལ་བརྩོན།།

ཟ་གོས་ལྟོ་བརྒྱག་ཙམ་ལ་མ་འཁོར་ནས།།

འ་ཅག་རང་རིགས་ཆེད་དུ་མདུན་དུ་བསྐྱོད།།

ཡ་རབས་བོད་ཀྱི་ཡུལ་སྲོལ་རྣལ་མ་སྟེ།།

ར་སྐད་ལུག་སྐད་མི་བཤད་ཕ་སྐད་སྨྲ།།

ལྭ་བ་དཀར་པོ་གྱོན་ཞིང་རང་ཚུགས་ཟུངས།།

ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམས།།

ས་ལའི་ལྗོངས་འདིས་འཛམ་གླིང་རྒྱན་གྱུར་ཅིག།

ཧ་རི་ཎ་བཞིན་མ་བྱེད་དཔྱོད་ལྡན་རྣམས།།

ཨ་དརྴ་ལ་ལན་གཅིག་གཟིགས་པར་ཞུ།།

༉སྤྱི་ལོ་༡༠༡༦ལོ་ཟླ་བ་༡༡པའི་ཚེས་༢༢ཉིན་བསྟན་འཛིན་ལྷུན་འགྲུབ་ཀྱིས་བྲིས།