སྙན་ངག་ཁག་གཅིག

美友83298873

ཁྱེད་དང་ང་།

ཁྱེད་རང་བྱང་ལམ་ནས་ཕེབས་ཀྱང་།

ང་ཡང་ལྷོ་ལམ་ནས་འོང་མོད།

ལམ་བུ་སྣེ་འཛོལ་རང་བྱུང་བ།

ལས་དང་སྐལ་བ་ཡིས་ལན་འདུག།

ཡིན་ཡང་ ཁ་སང་རླུང་བུ་དེ་ཡིས།

སྦྲང་མ་མེ་ཏོག་དང་ཁ་གཏོར།

ཉ་མོ་ཆུ་དང་བྲལ་དགོས་པའི་དོན་ཞིག་བྱུང་ཡང་དོན་གྱི་ངོ་བོ་གཞན་ཞིག་ནས་བཤད་ན་འདི་ནི་ཕྱེ་མ་ལེབ་མེ་དང་བྲལ་བ་མ་ཡིན་ནམ།

གྲོགས་པོ་ལགས།

འདུ་བྱེད་ཐམས་ཅད་མི་བརྟག་གི་རང་བཞིན་ཡིན་ལ་ངེད་གཉིས་ཀྱི་འདུ་བྲལ་ནི་སྔོན་ལས་ཀྱི་བཀོད་པ་ཞིག་ལོས་ཡིན།

བློ་མ་ཕམ། ཡིད་མ་སྐྱོ།

ང་ཚོའི་ཆེ་ཉེ་ཤོད་ཀྱི་ཡབ་ཡུམ་དང་ཁ་བྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་དང་ངད་གཉིས་ནི་མི་ཚེ་ལམ་ཕྲན་ཐོག་གི་བགྲོད་རོག་ཙམ་ཡིན་པས་འདུ་བྲལ་འདི་ལ་ཧང་སང་དགོས་པ་ཅི་ཡོད།

འདས་པའི་ལོ་ཟླ་ནང་ཁྱེད་ནི་ཤེས་རབ་དང་རྣམ་དཔྱོད་ལྡན་པའི་གངས་ཅན་གྱི་གཞོན་ནུ་དྭངས་མ་ཞིག་པས་ངའི་རེ་བ་ཉག་གཅིག་སྟེ་གནས་གང་དུ་སླེབས་ཀྱང་རང་ཉིད་ཀྱི་སྐད་དང་གོམ་གཤིས་དེ་མ་བརྗེད་པ་བརྟན་པོ་རི་བོ་བཞིན་དུ་ནམ་ཡང་མཐོང་རྒྱུ་ཡོད་པ་དེ་ཡིན།

སྤོབས་པ། ཡིད་ཆེས། སྙིང་སྟོབས་ཆེན་པོའི་སྒོ་ནས་མདུན་དུ་བསྐྱོད་དང་།

བཀྲ་ཤིས་དུས་བཟང་ཞིག་ལ་ལྷ་ཡུལ་ལྟ་བུའི་ཡུལ་བཟང་གངས་ཅན་ལྗོངས་ལ་སླར་ཡང་མཉམ་འཛོངས་བྱུང་སྲིད་ལ་ཤེས་བྱའི་ལ་མོ་བརྒལ་ནས་ཀུན་དགའ་བཀྲ་མདངས་འཛམ་གླིང་ཡངས་རྩེར་བཀྲ། །

༿ཁྱེད་ཞེད་པ་ནི་ཤ་རུས་གཅིག་པའི་གངས་ཅན་གྱི་སློབ་བུ་ཞིག་ལ་གོ།༾

བསྟན་འཛིན་ལྷུན་འགྲུབ་ཀྱིས་བྲིས།