མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་གིས་སློབ་འགོ་མ་ཚུགས་པའི་སྔོན་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

共和县小雪莲幼儿园

སྙིང་ཉེ་བའི་ཁྱིམ་བདག་དང་གཅེས་ཕྲུག་ཚོ།

ཁྱེད་རྣམ་པས་ཁམས་བཟང་།

གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱིས་མི་ཚང་མའི་སེམས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

ཁྱིམ་བདག་རྣམ་པས་གཤམ་གྱི་ནང་དོན་དག་ཞིབ་ཏུ་ཀློག་རོགས།

དང་པོ། སྔོན་འགོག་བྱེད་དགོས་པའི་གྲོས་འདོན་གཤམ་གསལ།

དུས་སྐབས་འདིར་མི་མང་བའི་ས་ཆར་མི་འགྲོ་བ་དང་།འདུ་ཚོགས་སྣ་ཚོགས་ལ་མི་ཞུགས་པ།

གཉིས། ཧུར་བརྩོན་གྱིས་རང་ཉིད་འགོག་སྲུང་གི་རྒྱུ་རྐྱེན་གསུམ་སྟེ།དུས་ཚོད་གཏན་འཁེལ་གྱིས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་བཅུག་སྟེ་ཁང་པའི་ནང་གི་མཁའ་དབུགས་འགྲོ་རྒྱུག་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཐེངས་རེར་སྐར་མ་15ནས་30བར་རྒྱག་དགོས། ཟ་མ་མ་ཟོས་སྔོན་དང་གཅིན་སྐྱག་བཏང་རྗེས་དང་།སྲོག་ཆགས་ཀྱི་གཅིན་སྐྱག་ལ་རེག་པའམ་གཙང་བཅོས་བྱས་རྗེས།འདག་ཆུ་

དང་ཡང་ན་ཆང་བཅུད་འདྲེས་པའི་ལག་པ་བཀྲུ་བྱེད་ཆུ་ཡིས་ལག་པ་བཀྲུ་དགོས་ཤིང་།སྐར་ཆ་20ལས་མི་ཉུང་བ་བྱ་དགོས། ཕྱི་ལ་འགྲོ་དུས་ངེས་པར་དུ་ཁ་ཐུམ་རྒྱག་དགོས།

གསུམ། ངལ་གསོ་བྱེད་པར་གོ་རིམ་ཡོད་པ་དང་བདེ་ཐང་གི་བཟའ་བཏུང་གོམས་གཤིས་ཆགས་པ་བྱས་ཏེ་ལུས་རྩལ་སྦྱོང་བརྡར་མང་ཙམ་བྱེད་དགོས།

བཞི། གལ་ཏེ་ཚ་བ་རྒྱག་པ་དང་ནད་ཕོག་ཚེ་ངེས་པར་དུ་དམིགས་འཛུགས་བྱས་པའི་སྨན་ཁང་དུ་སྨན་བཅོས་བྱེད་པར་དུས་ཐོག་ཏུ་འགྲོ་དགོས།

ལྔ། རྩད་ཞིབ་བྱེད་པར་གཞོགས་འདེགས་བྱས་ཏེ་རང་འགུལ་གྱིས་སྙན་སེང་ཞུ་དགོས།

དྲུག གལ་ཏེ་ཁྱོད་ཀྱི་བྱིས་པའི་དགེ་རྒན་གྱིས་ཉིན་རེའི་ཚགས་པར་གྱི་བྱ་བར་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ན།བྱིས་པ་དང་ཁྱིམ་ཚང་གི་གནས་ཚུལ་ངོ་མ་རྣམས་དགེ་རྒན་ལ་ཇི་མ་ཇི་བཞིན་སྙན་སེང་ཞུས་ཏེ།བྱིས་གཉོར་ཁང་དང་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

བདུན། གལ་ཏེ་ཁྱེད་རང་ཉེ་ཆར་ཞིང་ཆེན་ཕྱི་རོལ་ནས་ཕྱིར་ལོག་གམ་ཡང་ན་ནད་གཞི་བརྟག་པའམ་ཡང་ན་འགོས་ནད་ཕོག་དོགས་ཆེ་བའི་མི་སྣ་དང་ཐུག་འཕྲད་བྱུང་ཚེ།མྱུར་མར་རང་འགུལ་ངང་བུ་བཅོལ་ཁང་དང་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་མ་ཟད།རང་རྟོགས་ངང་ཁྱིམ་དུ་ལོག་དགོས། འདི་ནི་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ་མི་གཞན་ལ་འགན་འཁུར་བ་ཡང་ཡིན། གལ་ཏེ་ཁྱེད་ལ་ཚ་རྒྱག་པ་དང་དབུགས་ལམ་ན་བ་སོགས་ཀྱི་ནད་རྟགས་ཡོད་ན།ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ།ནད་འབྱུང་བ་སྔོན་འགོག་བྱེད་དགོས་པ་མ་ཟད།དུས་ཐོག་ཏུ་འབྲེལ་ཡོད་སྨན་བཅོས་སྡེ་ཁག་ཏུ་ཕྱིན་ནས་ཚ་རྒྱག་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དགོས།

བརྒྱད། ཁྱིམ་སྡོད་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་།

༡ 75%ཡི་ཨ་རག་ཉིང་ཁུས་དུག་སེལ་བྱེད་པའི་བརྒྱུད་རིམ་ནང་དུ་ཁང་པའི་ནང་དུ་སྨན་གཏོར་བ་ལྟ་བུའི་དུག་སེལ་མི་ཆོག་པར་ཕྱི་བརྡར་གྱི་བྱ་ཐབས་སྤྱད་ནས་དུག་སེལ་བྱེད་དགོས་པ་མ་ཟད།དུག་སེལ་བྱེད་པའི་བརྒྱུད་རིམ་ནང་དུ་ཟ་ཤོར་མི་ཡོང་བ་བྱེད་དགོས་པ་དང་།མཁའ་རླུང་ནང་གི་གར་ཚད་དེ་3%ལས་བརྒལ་མི་ཆོག དེ་ལྟར་བྱས་ན་མེ་སྐྱོན་མི་ཐོན་པ་དང་ཁང་པའི་ནང་དུ་རླུང་མི་རྒྱུ། ཁང་པའི་ཕྱི་རོལ་དུ་སྨན་གཏོར་རྣམ་པའི་དུག་སེལ་བྱེད་ཐབས་སྤྱད་དེ་མེ་མི་འབར་བར་བྱས་ནས་ཆ་ཤས་སུ་སྨན་གཏོར་བའི་གར་ཚད་མཐོ་དྲགས་པར་སྔོན་འགོག་བྱེད་དགོས། ལྷག་པར་དུ་ཁྱིམ་བདག་རྣམས་ལ་གསལ་འདེབས་བྱས་ཏེ་ལུས་སྟེང་དུ་ཆང་བཅུད་གཏོར་མི་རུང་ལ།དུ་བ་འཐེན་མཁན་དག་གིས་ཆང་བཅུད་དང་བར་ཐག་རིང་དགོས།

༢ ཁྱིམ་དུ་བསྡད་ནས་དུག་སེལ་བྱེད་དུས།བསྒར་ཁུང་དང་།བསད་སྤར།གློག་ཆས་སོགས་གློག་ལྡན་སྒྲིག་ཆས་ལ་གཤེར་གཟུགས་ཀྱི་དུག་སེལ་སྨན་གཏོར་དྲགས་ན་གློག་རླངས་སྐུད་ལམ་ཐད་ཐུག་གིས་མེ་སྐྱོན་མི་ཡོང་བ་བྱེད་ཐུབ།

༣ རིམས་ནད་ཕོག་རིང་ཁྱིམ་སྡོད་དུས་ཚོད་མང་དུ་སོང་བ་དང་ཉིན་རེའི་ཁྱིམ་སྤྱོད་སོལ་རླངས་སྤྱོད་ཚད་མང་དུ་འགྲོ་གི་ཡོད། དེ་བས།སོལ་རླངས་དང་གློག་བདེ་འཇགས་ལ་མཉམ་འཇོག་བྱས་ཏེ།མེ་སྐྱོན་མི་ཡོང་བ་དང་།ཁྱིམ་མིའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

༤ བཟའ་འཐུང་བདེ་ཐང་ལ་དོ་སྣང་བྱེད་དགོས་པ་དང་།ཟ་མ་ཚོས་ཐག་ཆོད་པ་དང་གཙང་མ་ཡིན་དགོས།གཡོས་སྦྱོར་བྱེད་སྐབས་གཙང་སྦྲ་ཡིན་དགོས།བཟའ་བཅའ་བཙོས་ནས་བཙོས་ཏེ་ཚོས་པར་བྱེད་དགོས། “

བུ་བཅོལ་ཁང་གིས་ཁྱིམ་བདག་དང་གྲོགས་པོ་ཚོས་ཕྲུ་གུར་རིམས་ནད་སྔོན་འགོག་ཚོད་འཛིན་མང་ཙམ་བྱེད་པའམ་ཡང་ན་བདེ་ཐང་སོགས་འབྲེལ་ཡོད་ཤེས་བྱ་མང་ཙམ་ཤོད་པ་དང་།ཕྲུ་གུར་རང་ངོས་འགོག་སྲུང་ཡག་པོ་བྱ་རྒྱུའི་ལྕག་སྐུལ་གཏོང་བ།ནད་དུག་འགོས་པའི་ཐབས་ལམ་གཅོད་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། ཁྱིམ་བདག་དང་གྲོགས་པོ་དང་ཕྲུ་གུ་ཚོར་ཕ་བུའི་བྱེད་སྒོ་དང་།ལུས་རྩལ།ངལ་རྩོལ།དཔེ་ཀློགརོལ་རྩེད་སོགས་ཀྱི་བྱེད་སྒོ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་དམིགས་བསལ་གྱི་ཕ་བུའི་དུས་ཚོད་སྤྱད་དེ་བརྩེ་སེམས་དང་དྲོ་སྐྱིད་མཉམ་སྤྱོད་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

སློབ་འགོ་ཚུགས་པའི་དུས་སུ་གོང་རིམ་གྱི་བརྡ་ཐོའི་བཀོད་སྒྲིག་ལྟར་ཁྱིམ་བདག་གིས་བུ་བཅོལ་ཁང་གི་བཀོད་སྒྲིག་དང་བརྡ་ཐོ་ལ་དོ་སྣང་བྱེད་དགོས། གུང་གསེང་ནང་བུ་བཅོལ་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་རྒྱ་ཆེའི་དགེ་རྒན་དང་བྱིས་པའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།

མཇུག་ཏུ་ང་ཚོས་ཐུན་མོང་ཐོག་མཚོ་སྔོན་ལ་ཤུགས་རྒྱག་རྒྱུ་དང་།ཝུའུ་ཧན་ལ་ཤུགས་རྒྱག་རྒྱུ།ཀྲུང་གོ་ལཤུགས་རྒྱག་རྒྱུ་ཡིན།

མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་ནས།

2020ལོའི་ཟླ་2བའི་ཚེས་24ཉིན།