ཚང་མ་ཁམས་བཟང་། ང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཤང་རྔམ་ནག་སློབ་ཆུང་གི་སློབ་མ་ཞིག་ཡིན།ངའི་མིང་ལ་ཟླ་བ་མཚོ་མོ་ཟེར། ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས།གློ་ཚད་ནད་ཡམས་སྔོན་འགོག་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱ་དགོས། ཚེ་སྲོག་ནི་རྩ་ཆེན་ཡིན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས།

大家好!我是青海省玉树州杂多县扎青乡昂闹村小学的一名学生,我叫达哇措毛。在这肺炎疫情时,我们要同心协力要做好预防准备。生命是可贵的, 所以做好疫情防控。

ང་ཚོའི་ཁྱིམ་ནས་ཅི་ཞིག་ལ་དོ་སྣང་བྱེད་དགོས་སམ་ཞེ་ན།

༡སྔ་དྲོ་དང་དགོང་མོ་ངོ་དང་སོ་བཀྲུ་དགོས། ངོ་བཀྲུ་བྱེད་ཀྱི་ལག་ཕྱིས་ལ་ཆེད་སྤྱོད་བྱེད་དགོས།

༢དུས་རྒྱུན་ལུས་པོ་དང་རྐང་པ་བཀྲུ་བ།

༣དུས་རྒྱུན་སྐྲ་བཀྲུ་བ་དང་སྐྲ་བཞར་དགོས།

༤སེན་མོ་འབྲེག་པ་དང་སེན་མོ་ནག་པོ་མི་འཇོག་པ།

༥ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་སོང་ཚར་རྗེས་ལག་པ་ཡག་པོ་བཀྲུ་དགོས།

༦ ཁ་ལུད་གང་སར་མ་འཕེན་རོགས།

༧རིམས་ནད་བྱུང་བའི་སྐབས་སུ་སྒོ་ལ་མི་འགྲོ་བ་དང་། ཕྱིར་ལ་འགྲོ་དུས་ཁ་ཐུམ་གྱོན་དགོས།

མཇུག་མཐར་ང་ཚོས་མཉམ་དུ་ལག་འཇུས་བྱས་ཏེ་གཅིག་སེམས་གཅིག་ཏུ་སྦྲེལ་ཏེ་ཐེངས་འདིའི་དཀའ་ཁག་ལས་རྒྱལ་ཁ་ལེན་དགོས།

我们在家还需要注意什么吗?

1.早晚洗脸要刷牙、口杯牙刷毛巾要专用。

2.勤洗澡、勤洗脚。

3.勤洗头、勤理发。

4.勤剪指甲,不留黑指甲。

5饭前便后要洗手。

6.不随地吐痰。

7.疫情期间不串门,出门必须戴口罩。

最后我们共同手牵手,心连心,一起把这次困难期胜过! 中国加油! 武汉加油!

སློབ་གྲྭ། རྔམ་ནག་སློབ་ཆུང་།

学校:昂闹村小学

འཛིན་གྲྭ།ལོ་རིམ་བཞི་བ།

班级:四年级

རུས་མིང་། ཟླ་བ་མཚོ་མོ།

姓名: 达哇措毛