(天峻县第一民族中学)

坚决贯彻坚定信心、同舟共济、科学防治、精准施策的总要求,再接再厉、英勇斗争,以更坚定的信心、更顽强的意志、更果断的措施,紧紧依靠人民群众,坚决把疫情扩散蔓延势头遏制住,坚决打赢疫情防控的人民战争、总体战、阻击战。

——习近平

༄༅། །མཚོ་ནུབ་ཁུལ་སློབ་གསོའི་སྡེ་ཁག་གིས་རྩ་དོན་གཅིག་དང་འགན་ལེན་གཉིས། བརྒྱ་ཆའི་བརྒྱ་གསུམ། གཟབ་ནན་གྱི་བྱེད་ཐབས་བཅུ་གཉིས་བཅས་འདོན་སྤེལ་བྱས་ཏེ་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་བྱ་བ་ཐམས་ཅད་རྒྱུན་ལྡན་དང་རིམ་ཅན་དུ་བྱས་པ།

海西州教育系统提出一个原则两个确保三个

百分百严格十二条措施做到春季开学

各项工作正常有序

དཔྱིད་དུས་སློབ་སྐབས་ཀྱི་སློབ་མགོ་ཚུགས་པའི་བྱ་བ་མཐའ་དག་ལེགས་བསྒྲུབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁ་གཏད་གཅོག་ནུས་མཐོར་འདེགས་གཏང་བ། རིམས་ནད་གཞུག་པར་སྔོན་འགོག་བྱ་བ། དགེ་སློབ་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱ་བ། སློབ་རའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་བ་བཅས་ལ་དམིགས་ནས། མཚོ་ནུབ་ཁུལ་གྱིས《རིགས་སོ་སོ་དང་རིམ་པ་སོ་སོའི་སློབ་གྲྭའི༢༠༢༠ལོའི་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་རིམས་འགོག་བྱ་བའི་བྱེད་ཐབས》གཏན་འབེབས་བྱས་ཏེ། “རྩ་དོན་གཅིག”འདོན་སྤེལ་དང་། “འགན་ལེན་གཉིས”ལེགས་བསྒྲུབ། “བརྒྱ་ཆའི་བརྒྱ་གསུམ”མངོན་འགྱུར། “བྱེད་ཐབས་བཅུ་གཉིས”གཟབ་ནན་བྱེད་དགོས་པར་བཏོན་ཡོད།

为全面做好春季学期开学工作,提高疫情防控和应对能力,防止疫情的输入,守护师生安康,维护校园稳定,海西州制定《各级各类学校2020年春季开学疫情防控工作方案》,提出“一个原则”,做到“两个确保”,实现“三个百分百”,严格“十二条措施”。

གཅིག རྩ་དོན་གཅིག་པུ་དམ་སྲུང་བྱས་ཏེ། འགན་འཁུར་ནན་ཏན་གྱིས་དང་ལེན་བྱེད་པ། བཏོན་པའི“རྩ་དོན་གཅིག”ནི། “འགན་འཁྲིའི་ཞིང་ས་དམ་སྲུང་བྱེད་པ། སློབ་གྲྭའི་མི་ཡོངས་ལེགས་སྲུང་བྱེད་པ། འཛུལ་སྒོའི་འགག་སྒོ་དམ་སྲུང་བྱེད་པ། ཞིབ་བཤེར་གནད་སྨིན་གཟབ་ནན་བྱེད་པ། ཕྱི་ནས་ནང་འདྲེན་སྔོན་འགོག་བྱེད་པ”ཡིན་ལ། ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་རིགས་སོ་སོའམ་རིམ་པ་སོ་སོའི་སློབ་གྲྭ་དག་གིས་རྒྱ་ཆེའི་དགེ་སློབ་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་སྟེ། མཉམ་འགོག་མཉམ་སྡོམ་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་ཞིབ་ཚགས་འཛིང་རགས་བཟོ་བ། སྔོན་འགོག་བྱ་བའི་སྔོན་ཇུས་ཞིབ་ཚགས་བཟོ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་ཕྱོགས་ཡོངས་ལ་ཁྱབ་ཅིང་ཟར་ཟུར་མེད་པའི་སྒོ་ནས་རིམས་ནད་ནང་དུ་འཇུག་པར་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།

一、一个原则,压实责任。提出“一个原则”,即:“守好责任田,护好一校人、把好入口关、精准严排查、防止外输入”。各地教育行政部门和各级各类学校要把广大师生的生命安全和身体健康放在第一位,全面落实联防联控措施,构筑群防群治严密防线,对标细化防控工作预案,实现疫情防控全覆盖、无死角,坚决阻止疫情输入。

གཉིས། འགན་ལེན་གཉིས་པོ་ལེགས་བསྒྲུབ་བྱས་ཏེ། སྤྱི་ཡོངས་དོ་དམ་ཡག་པོ་བྱེད་པ། ལེགས་བསྒྲུབ་བྱེད་དགོས་པའི“འགན་ལེན་གཉིས”ནི། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མཐའ་དག་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་པ་དང་། རིགས་སོ་སོའམ་རིམ་པ་སོ་སོའི་སློབ་གྲྭ་དག་བདེ་འཇགས་དང་བདེ་བླག་ངང་སློབ་མགོ་ཚུགས་ཐུབ་པར་འགན་ལེན་བྱེད་པ་ཡིན། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། སྣེ་ཁྲིད་མིག་དཔེ་སྟོན་པ། རང་འགན་རང་འཁུར་བཅས་བྱེད་ཅིང་། གནས་སྲུང་གི་འགན་འཁྲི་ཡོད་པ་དང་། གནས་སྲུང་གི་འགན་འཁྲི་འཁུར་ཐུབ་པར་བྱས་ཏེ། རིམ་པ་གསུམ་པའི་མཉམ་འགོག་མཉམ་སྡོམ་གྱི་དྲ་བ་འཛུགས་དགོས། རིགས་སོ་སོའམ་རིམ་པ་སོ་སོའི་སློབ་གྲྭ་དག་གིས་ཇུས་འདོན་གནད་སྨིན་དང་། ཞིབ་བཤེར་ནན་མོ་བྱས་ཏེ། “མི་གཅིག་ཀྱང་མི་ལུས་པའི” བླང་བྱ་ལྟར། “ཉིན་རེར་སྙན་ཞུ་འབུལ་བ”དང“གནད་དོན་མེད་ཀྱང་སྙན་ཞུ་འབུལ་བའི”ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། དོགས་ཟོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། འགོག་ཟོན་གྱི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་ཅིང་། འགོན་ཟོན་དང་ཁ་གཏད་གཅོག་ནུས་ཆེ་རུ་བཏང་སྟེ། དགེ་སློབ་ཀྱི་བདེ་འཇགས་དང་སློབ་རའི་བདེ་འཇགས། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་བཅས་ལ་འགན་ལེན་བྱེད་དགོས།

二、两个确保,管好大局。做到“两个确保”,确保防控举措落到实处,确保各级各类学校顺利、平安开学。各级领导干部勇于担当、率先垂范、各司其责,做到守土有责、守土负责,构建三级联防联控网络。各级各类学校精准施策,严格摸排,按照“不漏一人”要求,认真落实“日报告”和“零报告”制度,增强防范意识,掌握防范知识,提高防范和应对能力,确保师生安全、校园安全、社会和谐稳定。

གསུམ། བརྒྱ་ཆའི་བརྒྱ་གསུམ་མངོན་འགྱུར་བྱས་ཏེ། རིམས་ནད་ནང་འདྲེན་སྔོན་འགོག་བྱེད་པ། མངོན་འགྱུར་བྱ་དགོས་པའི“བརྒྱ་ཆའི་བརྒྱ་གསུམ”ནི། ཁུལ་ཕྱི་ནས་ཕྱིར་ལོག་པའི་དགེ་སློབ་དག་གི་ཞིབ་བཤེར་ཡིག་ཚགས100%མངོན་འགྱུར་བྱེད་པ། ཕྱིར་ལོག་པའི་དགེ་སློབ་དག་གིས་སྤྱི་ཁུལ་ལམ་སྡེ་བ་རུ་ཐོ་འགོད་བྱེད་པ100%མངོན་འགྱུར་བྱེད་པ། ཕྱིར་ལོག་པའི་དགེ་སློབ་དག་ཁྱིམ་དུ་ལོགས་བཀར་བྱས་ཚད100%མངོན་འགྱུར་བྱེད་པ་བཅས་ཡིན། སྔར་ལས་ལྷག་པར་གཞི་གྲངས་གསལ་རྟོགས་ཡོང་བ་དང་། ལེབ་བཤེར་གྱི་རྣམ་པའི་སྒོ་ནས་ཞིབ་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་མི་སྣ“རིགས་བཞིའི”(ཞིང་ཆེན་ཕྱིའི་དགེ་རྒན་དང་སློབ་མའི་མི་གྲངས། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཕྱིའི་དགེ་རྒན་དང་སློབ་མའི་མི་གྲངས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་ཝུའུ་ཧན་གྲོང་ཁྱེར་གྱི་དགེ་སློབ་ཀྱི་མི་གྲངས། ཞིང་ཆེན་ཕྱི་ནས་ཕྱིར་ཁུལ་དུ་ལོག་པའམ། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཕྱི་ནས་ཕྱིར་ཁུལ་དུ་ལོག་པའི་དགེ་སློབ་ཀྱི་མི་གྲངས། )གནས་ཚུལ་ཇི་བཞིན་ཁོང་དུ་ཆུད་པར་བྱས་ཏེ། བསྡོམས་རྩིས་ཀྱི་གྲངས་ཀ་ཡང་དག་ཁུངས་བཙུན་ཡིན་པར་འགན་ལེན་བྱེད་པ་དང་། “ལས་མི་ཡོངས་ལ་ཁྱབ་པ་དང་། མི་གཅིག་ཀྱང་མི་ལུས་པར”འགན་ལེན་བྱས་ཏེ། ཞིབ་བཤེར་གྱི་བྱ་བ་མཐའ་གཅིག་ཏུ་ལེགས་བསྒྲུབ་བྱེད་དགོས།

三、三个百分百,防止输入。实现“三个百分百”,州外返回师生摸排建档100%,返回师生社区(村)登记100%,返回师生居家隔离100%。进一步摸清底数,展开拉网式排查,全面准确掌握“四类”人员(省外教师、学生人数,州外省内教师、学生人数,湖北省特别是武汉市师生人数,省外返州、州外省内返州师生人数),确保统计数据权威可靠,确保“全员覆盖,不漏一人”,坚决做好摸排工作。

བཞི། བྱེད་ཐབས་བཅུ་གཉིས་སྤྱད་དེ། སློབ་གྲྭར་དོ་དམ་ཡག་པོ་བྱེད་པ། གཟབ་ནན་གྱིས་སློབ་མགོ་ཚུགས་པའི་སྔོན་ཇུས་བཟོ་བ། ས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས། ས་གནས་ཁག་གི་སློབ་གྲྭ་ཁག་གིས་དོན་དངོས་ལ་གཞིགས་ཏེ་སློབ་མགོ་ཚུགས་པའི་སྔོན་ཇུས་བཟོས་ཏེ། “སློབ་གྲྭ་རེར་སྔོན་ཇུས་རེ”ཡོད་པར་བྱེད་དགོས། གཟབ་ནན་གྱིས་ཞིབ་བཤེར་གནད་སྨིན་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་ཞིང་ཆེན་ཕྱིའི་དགེ་རྒན་དང་སློབ་མའི་མི་གྲངས། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཕྱིའི་དགེ་རྒན་དང་སློབ་མའི་མི་གྲངས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་ཝུའུ་ཧན་གྲོང་ཁྱེར་གྱི་དགེ་སློབ་ཀྱི་མི་གྲངས། ཞིང་ཆེན་ཕྱི་ནས་ཕྱིར་ཁུལ་དུ་ལོག་པའམ། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཕྱི་ནས་ཕྱིར་ཁུལ་དུ་ལོག་པའི་དགེ་སློབ་ཀྱི་མི་གྲངས་བཅས་ཀྱི་གནས་ཚུལ་ཇི་བཞིན་ཁོང་དུ་ཆུད་པར་བྱེད་ཅིང་། “མི་རེར་རེའུ་མིག་རེ”བཟོས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཁ་གཏད་ཇུས་གཞི་ཡག་པོ་བཟོས་ནས་སྔོན་འགོག་ཚོད་འཛིན་གྱི་གསལ་ཐོ་གྲུབ་པར་བྱས་ཏེ། མི་གཅིག་ཀྱང་མི་ལུས་པར་བྱ་རྒྱུར་འགན་ལེན་བྱེད་དགོས། གཟབ་ནན་གྱིས་ལོགས་བཀར་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། “ཐམས་ཅད་གཉིས” (ཕྱིར་ཁུལ་དུ་ལོག་པའི་དགེ་སློབ་ཐམས་ཅད་རང་འགུལ་གྱིས་སྤྱི་ཁུལ་དུ་སོང་ནས་ཐོ་འགོད་བྱེད་པ། ཕྱིར་ཁུལ་དུ་ལོག་པའི་དགེ་སློབ་ཐམས་ཅད་རང་འགུལ་གྱིས་ཁྱིམ་དུ་ཉིན ༡༤ ལོགས་བཀར་བྱེད་པ།)ལེགས་བསྒྲུབ་བྱེད་ཅིང་། སློབ་གྲྭས་ཕྱིར་ཁུལ་དུ་ལོག་པའི་དགེ་སློབ་ཚང་མར“མི་གཅིག་ལ་ལྟ་རྟོག་བྱེད་མཁན་གཅིག”ལག་བསྟར་བྱས་ཏེ་དོ་དམ་དང་ཁ་བྲལ་བའི་གནད་དོན་འབྱུང་བ་གཏན་འགོག་བྱེད་པ། གཟབ་ནན་གྱིས་སློབ་རའི་བཀག་སྡོམ་དོ་དམ་དོན་འཁྱོལ་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་འགྲོ་འོང་ཞིབ་བཤེར་ཐོ་འགོད་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། ལས་རེས་བརྟན་སྲུང་གི་བྱ་བར་ཤུགས་སྣོན་རྒྱག་དགོས། གཟབ་ནན་གྱིས་ལུས་དྲོད་ཞིབ་དཔྱད་དོན་འཁྱོལ་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་ཕྱིར་སློབ་གྲྭར་ལོག་པའི་དགེ་སློབ་དག་ལ་དུས་ཐོག་ཏུ་ལུས་དྲོད་ཞིབ་དཔྱད་དང་བདེ་ཐང་གནས་ཚུལ་ཐོ་འགོད་བྱེད་ཅིང་། ཞོགས་པ་དང་ཉིན་གུང་གི་ཞིབ་དཔྱད་ལམ་ལུགས་དོན་འཁྱོལ་བྱེད་དགོས། གཟབ་ནན་གྱིས་སློབ་རའི་དུག་སེལ་དོན་འཁྱོལ་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་སློབ་མགོ་མ་ཚུགས་པའི་སྔོན་གྱི་གཟའ་འཁོར་དེའི་ནང་དུ་གཅིག་སྡུད་ཀྱིས་དུག་སེལ་ཐེངས ༢ - ༣ བྱེད་པ་དང་། སློབ་མགོ་ཚུགས་རྗེས་ཟློས་ཕྱོད་མཐོ་བའི་བེད་སྤྱོད་བྱ་ཡུལ་གཙོ་བོར་དུག་སེལ་བྱེད་ཐེངས་མང་དུ་གཏོང་བ་དང་། སྒེའུ་ཁུང་ཕྱེ་སྟེ་རླུང་འགྲོ་ཐུབ་པ་དང་མཁའ་རླུང་འཁོར་རྒྱུག་བྱ་ཐུབ་པར་བྱེད་དགོས། གཟབ་ནན་གྱིས་ཁ་རས་རྒྱག་སྟངས་ཚད་ལྡན་བཟོ་བ། དགེ་སློབ(བྱིས་པ)དང་སློབ་ཁྲིད་རམ་འདེགས་མི་སྣས་གཅིག་སྤྱོད་རང་བཞིན་གྱི་ཕྱི་ནད་ཚན་ཁག་གི་སྨན་སྤྱོད་ཁ་རས་རྒྱག་དགོས་པའི་བླང་བྱ་བཏོན་ཏེ་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས། གཟབ་ནན་གྱིས་ཆ་འཕྲིན་གོང་ཞུ་དོན་འཁྱོལ་ཡོང་བར་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་རིམས་ནད་གནས་ཚུལ་ཀྱི་ཉིན་རེའི་སྙན་ཞུ་དང་སྙན་ཞུ་གཅིག་ཀྱང་མེད་པའི་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། བླང་བྱ་ལྟར་དགེ་སློབ་ཀྱི་འབྲེལ་ཡོད་རེའུ་མིག་སྐོང་འབུལ་བྱེད་དགོས། གཟབ་ནན་གྱིས་བཟའ་བཅའི་བདེ་འཇགས་དོ་དམ་ལེགས་པོ་བྱེད་པ། སློབ་གྲྭ་ཁག་གིས་ཟ་ཁང་གི་ལས་བསྒྲུབ་མི་སྣའི་གཟུགས་པོར་བརྟག་དཔྱད་དང་ཞོགས་པ་དང་ཉིན་གུང་གི་དཔྱད་ཞིབ་བྱ་བ་ལེགས་བསྒྲུབ་བྱེད་དགོས་པ་དང་། ཁག་བགོས་ནས་ཟ་མ་ཟ་བའམ་ཡང་ན་རང་རང་སོ་སོས་ཁ་ཕོར་འཁྱེར་ནས་ཟ་བ་ཟ་བའི་རྣམ་པ་སྤྱད་དེ་གཅིག་སྡུད་ངང་ཟ་མ་ཟ་བ་ཇེ་ཉུང་དུ་གཏོང་བར་བྱས་ཏེ། བཟའ་བཅའི་རྒྱུ་ཆའི་དོ་དམ་དང་བཟའ་བཏུང་ཡོ་བྱད་ཀྱི་དུག་སེལ་ལ་ཤུགས་སྣོན་རྒྱག་དགོས། གཟབ་ནན་གྱིས་སློབ་མའི་ཉལ་ཁང་ལ་དོ་དམ་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་སློབ་མའི་ཉལ་ཁང་གི་འགྲོ་འོང་གནས་ཚུལ་ཐོ་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་འོང་གི་འགག་སྒོ་དམ་སྲུང་བྱེད་པ། གྲ་སྒྲིག་ལོགས་བཀར་ཉལ་ཁང་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། སྤྱི་སྤྱོད་ས་ཁུལ་གྱི་འཕྲོད་བསྟེན་དང་དུག་སེལ་བྱ་བར་ཤུགས་སྣོན་རྒྱག་དགོས། གཟབ་ནན་གྱིས་འཕྲལ་བྱུང་གནས་ཚུལ་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱེད་པ། སློབ་གྲྭ་ཁག་གིས་ངེས་པར་དུ་ལོགས་བཀར་ལྟ་ཞིབ་ཁང་ཞིག་འཛུགས་དགོས་པ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དག་གིས་ལོགས་བཀར་ཉལ་ཁང་ཞིག་ཆེད་དམིགས་ལོགས་སུ་འཛུགས་དགོས་ཤིང་། ཛ་དྲག་ཆེ་བའི་གནས་ཚུལ་མཐོང་ཚེ་ངེས་པར་དུས་ཐོག་ཏུ་ས་གནས་དེ་གའི་ནད་ཡམས་ཚོད་འཛིན་ལྟེ་གནས་སམ་གཞི་རིམ་སྨན་བཅོས་ལས་ཁུངས་ལ་སྙན་སེང་ཞུ་དགོས། གཟབ་ནན་གྱིས་དྲིལ་བསྒྲགས་སློབ་གསོ་དོན་འཁྱོལ་ཡོང་བར་བྱེད་པ། ས་གནས་ཁག་གི་སློབ་གྲྭ་ཁག་གིས་དྲ་རྒྱའི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྣམ་པ་སྣ་ཚོགས་སྤྱད་དེ་དགེ་སློབ་ཚོས་ཚན་རིག་དང་མཐུན་པའི་འགོག་ཟོན་བྱེད་ཐབས་ལ་ཡང་དག་པའི་ཁྲིད་སྟོན་བྱས་ཏེ། གཟབ་ནན་གྱི་བྱེད་ཐབས་བཅུ་གཉིས་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་དོ་དམ་གྱི་བྱ་བའི་བྱེད་ཐབས་མཐའ་དག་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་ཞིབ་ཚགས་ཡོང་བར་བྱེད་ཅིང་། ས་གནས་ཁག་གི་སློབ་གྲྭ་ཁག་གིས་བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་གཟབ་ནན་གྱི་བྱེད་ཐབས་བཅུ་གཉིས་དོན་འཁྱོལ་དང་། འགན་འཁུར་ནན་ཏན་གྱིས་དང་ལེན་བྱེད་པ་དང་འགོག་སྲུང་ནན་པོ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་མཐའ་དག་ཆད་ལུས་མེད་པར་དོན་འཁྱོལ་ཡོང་བར་བྱས་ནས། དགེ་སློབ་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱེད་དགོས་སོ། །

四、十二条措施,管好学校。严格制定开学预案,按照属地管理原则,各地各校依据实情,对症制定开学预案,做到“一校一预案”。严格做实精准排查,各地各校准确掌握省外教师、学生人数,州外省内教师、学生人数,湖北省特别是武汉市师生人数,省外返州、州外省内返州师生人数,建立“一人一表”,做好防控应对方案,形成防控清单,确保做到不漏一人。严格落实隔离措施,做到“两个一律”(返州师生一律主动到社区登记,一律主动居家隔离14天)、学校对所有返州师生实行“一人一盯”,严防出现脱管。严格落实校园封闭管理,各地各校落实严格的出入检查和登记制度,强化值班值守工作。严格落实体温检测,各地各校第一时间对返校师生进行体温检测,登记健康情况,落实晨检和午检制度。严格落实校园消毒,各地各校在开学前一周集中消毒2-3次,开学后对高频率使用重点部位加大消毒擦拭次数,做到开窗通风,空气流通。严格规范口罩佩戴,要求师生(幼儿)及教学辅助人员佩戴一次性外科医用口罩,降低感染风险。严格落实信息报送,各地各校要严格落实疫情日报和零报告制度,按要求填报师生相关表格。严格抓好食品安全,各学校要做好食堂从业人员的健康体检和晨午检工作,实行分批就餐或者自带餐盒就餐等形式,减少集中就餐,加强食材管理和餐饮具消毒。严格管理学生宿舍,各地各校要加强学生宿舍出入信息登记,严把入口关,合理设置备用隔离宿舍,加强公共区域的卫生和消毒工作。严格制定应急处置措施,各学校必须设立一间隔离观察室,寄宿制学校设立单独的隔离宿舍,发现紧急情况,必须及时报告当地疾控中心、基层医疗机构。严格落实宣传教育,各地各校通过多种网络渠道,采取多种形式,正确引导师生做好科学防范措施,严格疫情防控纪律。十二条严格措施,将学校管理的各项工作措施缜密部署、落实落细。各地各校要坚定有力落实十二条严格措施,压实责任,严防死守,不折不扣把各项防控措施落实到位,保障好师生生命健康安全。

དོན་འགྲུབ་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར།

“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག་”ཅེས་པའི་བྱ་འགུལ་དང་འབྲེལ་བའི་དྲི་བ་བདུན།

关于“停课不停学”的七问七答

ཉེ་ཆར། ས་གནས་སོ་སོས་དྲ་ཐོག་ནས་“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་བྱ་འགུལ་ལག་བསྟར་བྱས་ཤིང་། དེ་དང་འབྲེལ་བའི་གནད་དོོན་ཁ་ཤས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་དམིགས་ནས། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་གསར་འགོད་པའི་དྲི་བར་ལན་བཏབ་པ་གཤམ་གསལ་ལྟར།
近期,部分地方陆续开始了网上“停课不停学”工作,大家对一些问题比较关心。为此,教育部有关负责人回答了记者提问。跟随教育小微一起来看吧↓↓↓

ཅིའི་ཕྱིར་“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་ལྟ་བ་བཏོན་པ་རེད།

为什么要提出“停课不停学”?

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་བྱེད་པའི་དགོས་མཁོའི་དབང་གིས། སློབ་གྲྭ་དུས་ལྟར་འཚོག་མི་ཐུབ་པ་དང་། སློབ་མ་རྒྱུན་ལྡན་གྱི་འཚོག་ཚོད་ལྟར་སློབ་གྲྭར་འོང་ནས་སློབ་སྦྱོང་ལ་ཞུགས་མི་ཐུབ་པས། རྒྱ་ཆེ་བའི་ཁྱིམ་བདག་རྣམས་ཀྱིས་སློབ་འགོ་ཚུགས་རྒྱུ་འགོར་འགྱངས་བྱས་པའི་དུས་ཚོད་ནང་བྱིས་པའི་ཁྱིམ་བཀག་སློབ་སྦྱོང་གི་གནད་དོན་ལ་དོོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། ཁྱིམ་བདག་ལ་ལ་ཐ་ན་སེམས་ཁྲལ་གྱི་རྒྱ་རུ་ཚུད་ཡོད། སློབ་གསོ་པུའུ་ཡིས་གནས་ཚུལ་འདིར་རྩིས་མཐོང་ཆེན་པོ་བྱས་ཤིང་། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭ་དག་གིས་སློབ་འགོ་ཚུགས་རྒྱུ་འགོར་འགྱངས་བྱས་པའི་དུས་ཚོད་ནང་“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་བྱ་བ་ནན་ཏན་གྱིས་སྒྲུབ་དགོས་པ་དང་། རྒྱ་ཆེ་བའི་སློབ་མ་རྣམས་ལ་སློབ་སྦྱོང་ཐོན་ཁུངས་དང་སློབ་སྦྱོང་རམ་འདེགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། དངོས་ཡོད་གནད་དོན་ཐག་གཅོད་བྱ་དགོས་པའི་བླངས་བྱ་བཏོན། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭ་ཆུང་འབྲིང་གིས་ཧུར་བརྩོན་གྱིས་དང་ལེན་དང་འགན་ལེན་བྱས་ཏེ་འདིའི་ཐད་ལ་བྱ་བ་མང་པོ་བསྒྲུབས་ཡོད། མིག་སྔའི་དྲ་ཐོག་སློབ་སྦྱོང་ནི་གནས་སྐབས་ཀྱི་མཁོ་བསྟུན་བྱེད་ཐབས་ཤིག་ཡིན།
答:因防控新冠肺炎疫情需要,学校延期开学,学生不能在正常开学时间到校上课学习。因此,广大家长十分关心延期开学期间孩子的居家学习问题,有的家长甚至产生了焦虑。教育部对此高度重视,要求各地教育部门和学校认真做好延期开学期间“停课不停学”工作,为广大学生提供学习资源和学习支持服务,帮助解决实际困难。各地教育部门和广大中小学校积极响应、勇于担当,为此做了大量工作,目前采取的网上学习是一项临时应急措施。

“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་སློབ་སྦྱོང་ནང་དོན་དང་སློབ་སྦྱོང་བྱེད་སྟངས་ལ་ཇི་ལྟར་གོ་བ་ཡང་དག་ལེན་དགོས།

如何准确把握“停课不停学”的学习内容和学习方式?

“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པ་ནི་དྲ་ངོས་ཀྱི་སློབ་ཁྲིད་གཅིག་པུར་གོ་བ་མིན་ལ། སློབ་གྲྭའི་བསླབ་ཚན་གྱི་སློབ་སྦྱོང་ཙམ་ལ་གོ་བའང་མ་ཡིན་པར། དེ་ནི་སྒྲ་ཡངས་འཇུག་གི་སློབ་སྦྱོང་ཞིག་ཏེ། སློབ་མའི་འཚར་ལོངས་དང་འཕེལ་རྒྱས་ལ་ཕན་ཐོགས་པའི་ནང་དོན་དང་བྱེད་སྟངས་མཐའ་དག་ལ་ཟེར་བ་རེད། རྒྱལ་ཁབ་ཀྱི་བསླབ་ཚན་སློབ་སྦྱོང་དང་རིམས་ནད་སྔོན་འགོག་ཤེས་བྱའི་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ལྷག་པར་ཏུ་རིམས་ནད་འགོག་སྲུང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ། ཚེ་སྲོག་སློབ་གསོ་དང་སྤྱི་པའི་བདེ་དོན་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ་སོགས་ལ་ཤུགས་སྣོན་བྱ་དགོས། རིམས་འགོག་འཐབ་འཛིང་ཁྲོད་ཀྱི་བྱས་རྗེས་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱས་ཏེ། སྤྱི་ཚོགས་སྤྱོད་བཟང་དར་སྤེལ་དང་། སློབ་མའི་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བསམ་བློའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། གཞན་གསུང་རབ་གྲགས་ཅན་དང་རྩོམ་ཡིག་ལེགས་པོ་མང་ཙམ་གྱེར་ཀློག་བྱས་ཀྱང་ཆོག མདོར་ན་སློབ་སྦྱོང་གི་ཐབས་ལམ་ནི་རྣམ་པ་སྣ་ཚོགས་ཡིན། ས་ཆ་ལ་ལར་དྲ་ཐོག་སློབ་ཁྲིད་ལག་བསྟར་བྱེད་ཀྱིན་པའང་དོན་དུ་“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་རྣམ་པ་གཅིག་ཙམ་ཡིན་ལ། དེ་ནི་ཆ་འཕྲིན་གྱི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་བྱེད་པའི་ཉམས་ཞིབ་ཐེངས་ཤིག་ཡིན།
答:“停课不停学”不是指单纯意义上的网上上课,也不只是学校课程的学习,而是一种广义的学习,只要有助于学生成长进步的内容和方式都是可以的。要坚持国家课程学习与疫情防控知识学习相结合,特别注重疫情防护知识普及,加强生命教育、公共安全教育和心理健康教育;认真学习防疫阻击战中涌现的先进事迹,弘扬社会美德,增强学生爱党爱国爱人民爱社会主义的思想情感,也可以多读一些经典名著名篇。学习的方式应该是多种多样的,一些地方开通网上教学,只是“停课不停学”的方式之一,是利用信息化手段实施教学的一种探索。

ས་གནས་ག་གེ་མོར་དགེ་རྒན་རྩ་འཛུགས་བྱས་ཏེ་དྲ་ངོས་སློབ་ཚན་སྒྲིག་བཟོ་བྱེད་པ་ལ་ཇི་ལྟར་ངོས་འཛིན་བྱ་དགོས།

如何看待一些地方组织教师录播网上课程?

“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པ་ལག་བསྟར་བྱ་རྒྱུ་དང་དྲ་ཐོག་སློབ་ཁྲིད་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར། དགེ་རྒན་ཡོངས་ཀྱིས་དྲ་ངོས་སློབ་ཚན་སྒྲིག་བཟོ་བྱ་དགོས་པའི་ངེས་པ་མེད། དོན་དུ་རྒྱལ་ཁབ་དང་ས་གནས། སློབ་གྲྭ་སོགས་ཀྱི་ད་ཡོད་དྲ་རྒྱའི་སློབ་ཚན་གྱི་ཐོན་ཁུངས་སྤུས་ལེགས་བེད་སྤྱོད་གང་ལེགས་བྱས་པས་ཆོག གལ་ཏེ་དངོས་གནས་དགོས་མཁོ་ཡོད་ཚེ། སློབ་གསོའི་སྡེ་ཁག་གི་རྩ་འཛུགས་དང་བཀོད་སྒྲིག་འོག ཕུལ་བྱུང་རྐང་འཛིན་དགེ་རྒན་ཉུང་ཤས་ཀྱིས་དྲ་རྒྱའི་སློབ་ཚན་གསར་བ་རེ་སྒྲིག་བཟོ་བྱས་ཤིང་། མཁོ་དུས་ཀྱི་ཁ་གསབ་ཏུ་བཟུང་སྟེ་ཐོན་ཁོངས་མཉམ་སྤྱོད་བྱ་དགོས། ས་གནས་སོ་སོས་དྲ་ཐོག་སློབ་སྦྱོང་གི་ཁྱད་ཆོས་དང་བསླབ་ཚན་རེ་རེའི་ཁྱད་ཆོས་ལ་དམིགས་ཏེ། ཞིབ་འཇུག་ནན་མོ་བྱས་ནས་དྲ་ཐོག་སློབ་ཁྲིད་ལ་འོས་འཚམ་ཡིན་པའི་སློབ་ཚན་འདེམ་དགོས་ཤིང་། རྒྱུན་ལྡན་སློབ་ཁྲིད་ཀྱི་སློབ་ཁྲིད་བྱེད་སྟངས་དང་དུས་ཡུན་བཀོད་སྒྲིག སློབ་ཁྲིད་བཀོད་སྒྲིག་སོགས་ཇི་མ་ཇི་བཞིན་ཏུ་ལག་བསྟར་བྱས་མི་ཆོག གལ་ཏེ་བཙན་ཤེད་ཀྱིས་དགེ་རྒན་ཡོངས་ལ་དྲ་ངོས་སློབ་ཚན་སྒྲིག་བཟོ་བྱ་དགོས་པའི་རེ་བ་བཏོན་ན། སྤུས་ཚད་ལ་ཁག་ཐེག་བྱེད་མི་ཐུབ་པ་མ་ཟད། དགེ་རྒན་གྱི་འགན་ཁུར་ཡང་ཇེ་ཆེར་སོང་ཡོད་པ་རེད། ད་དུང་ཐོན་ཁུངས་ཆུད་ཟོས་སུ་གཏོང་བའི་གནད་དོན་ཡང་ཡོད་པས། སྣང་ཚུལ་འདི་རིགས་ངེས་པར་སྔོན་འགོག་བྱ་དགོས།
答:开展“停课不停学”、做好网上教学工作没有必要普遍要求教师去录播课程。要充分利用好国家、地方、学校现有的优质网络课程资源,确有需要的,可由教育部门统筹组织少数优秀骨干教师适当新录一些网络课程,作为必要补充,共享优质资源。各地要针对网上学习特点和学科特点,认真研究明确适合线上学习的课程,防止照搬套用正常课堂教学方式、时长和教学安排。如果强行要求所有教师进行录播,不仅质量上难以保障,而且也会增加教师负担,并且造成资源浪费,这种现象必须予以制止。

སློབ་མའི་འགན་ཁུར་ཇེ་ཆེར་འགྱུར་བར་ཇི་ལྟར་སྔོན་འགོག་བྱ་དགོས།

如何防止增加学生负担?

“ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པ་ལག་བསྟར་བྱ་སྐབས། ས་གནས་སོ་སོས་སློབ་རིམ་མི་འདྲ་བའི་སློབ་མའི་དངོས་ཡོད་གནས་ཚུལ་དང་དྲ་ཐོག་སློབ་སྦྱོང་གི་ཁྱད་ཆོས་ལ་གཞིགས་ཏེ། དོན་དངོས་གཞིར་འཛིན་རྒྱུ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག

སློབ་སྦྱོང་ཐོན་ཁུངས་གདམ་གསེས་གནང་བ་གནས་ལུགས་དང་མཐུན་དགོས། དྲ་ཐོག་ནས་སློབ་སྦྱོང་བྱེད་པའི་རེ་བའི་ཐད། ས་གནས་གཞན་པའི་བྱེད་ཐབས་དཔེ་ལེགས་ཅན་མིག་དཔེ་བྱས་ཆོག སློབ་ཆུང་གི་ལོ་རིམ་དམའ་ཤོས་ལ་དྲ་ཐོག་སློབ་སྦྱོང་ཐད་གཅིག་གྱུར་གྱི་རེ་བ་གང་ཡང་མེད། ཁྱིམ་བདག་དང་སློབ་མས་རང་མོས་ལྟར་གདམ་གསེས་གནང་ཆོག སློབ་རིམ་གཞན་པའི་སློབ་མར་དུས་ཡུན་དང་གྲངས་ཀྱི་ཚད་བཀག་ཡོད་པའི་བྱེ་བྲག་གི་སློབ་སྦྱོང་ནང་དོན་གཏན་འཁེལ་གསལ་བོ་བྱས་ཏེ། སློབ་མའི་དྲ་ཐོག་སློབ་སྦྱོང་གི་དུས་ཚོད་རིང་དྲགས་པའི་སྣང་ཚུལ་སྔོན་འགོག་བྱ་དགོས། དུས་མཚུངས་སུ། སློབ་མར་ཉིན་རྒྱུན་དྲ་ཐོག་ལ་དུས་ལྟར་ཞུགས་རྒྱུ་དང་སློབ་སྦྱོང་བྱེད་པའི་བརྙན་རིས་སྐུར་དགོས་པའི་བཙན་ཤེད་ཀྱི་རེ་བ་བཏོན་མི་ཆོག སློབ་མའི་དགོས་པ་མེད་པའི་འགན་ཁུར་ཇེ་ཆེར་འགྲོ་བར་སྔོན་འགོག་བྱ་དགོས། དགེ་རྒན་གྱིས་སློབ་མས་ལས་ཞུགས་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱེད་པར་མཛུབ་སྟོན་གནང་སྟེ། ངལ་གསོའི་དུས་ཡུན་ཇེ་རིང་དང་། མིག་དབང་བདེ་སྲུང་སྦྱོང་བརྡར་རྒྱུན་འཁྱོངས། ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མིག་དབང་ལ་སྲུང་སྐྱོབ་དང་། ལུས་སྟོབས་ཇེ་རྒྱས་སུ་བཏང་ནས་ལུས་སེམས་བདེ་ཐང་ལ་ཁག་ཐེག་བྱ་དགོས། བྱིས་སྐྱོང་ཁང་གིས་དྲ་ཐོག་སློབ་ཁྲིད་བྱ་འགུལ་གང་ཡང་སྤེལ་མི་ཆོག
答:实施“停课不停学”,各地要区别不同学段学生的实际情况和网上教学的特点,坚持从实际出发、科学安排,合理选择学习资源。对上网学习的要求,可借鉴一些地方好的做法,对小学低年级上网学习不作统一硬性要求,由家长和学生自愿选择,对其他学段学生作出限时限量的具体规定,避免学生网上学习时间过长。同时,不得强行要求学生每天上网“打卡”、上传学习视频等,防止增加学生不必要的负担。要指导学生合理安排作息时间,通过增大休息间隔、做视力保健操、强化体育锻炼等方式,保护视力,增强体魄,保障身心健康。严禁幼儿园开展网上教学活动。

སློབ་འགོ་ཚུགས་རྗེས་ཀྱི་སློབ་ཁྲིད་དང་ད་ལྟའི་ཁྱིམ་སྡོད་སློབ་སྦྱོང་གི་བར་ཇི་ལྟར་འབྲེལ་ཆགས་པ་བྱ་རྒྱུ།

如何做好开学后教学与现在居家学习的衔接?

ཁྱིམ་སྡོད་སློབ་སྦྱོང་ནི་དངོས་ཡོད་ཆ་རྐྱེན་དང་། སློབ་མའི་རང་འགུལ་སློབ་སྦྱོང་གི་ནུས་པ་སོགས་ཀྱི་དབང་གིས་སློབ་སྦྱོང་གི་གྲུབ་འབྲས་ལ་ཁྱད་པར་ཡོད་པ་རེད། ཁྱིམ་སྡོད་སློབ་སྦྱོང་གིས་སློབ་གྲྭའི་རྒྱུན་ལྡན་སློབ་ཁྲིད་མཐའ་གཅིག་ཏུ་འཐུས་ཚབ་བྱེད་པར་སྔོན་འགོག་བྱ་ཆེད། དངོས་སུ་སློབ་འགོ་ཚུགས་ཏེ་རྒྱུན་ལྡན་གྱི་སློབ་ཁྲིད་བསྐྱར་གསོ་གནང་རྗེས། ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་སློབ་མའི་གནས་ཚུལ་དངོས་ལ་དབྱེ་ཞིབ་ནན་མོ་བྱས་ཤིང་། ཁྱིམ་སྡོད་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་དང་སློབ་སྦྱོང་གི་སྤུས་ཚད་ལ་བརྟག་དཔྱད་གདེང་འཇོག་བྱས་ཏེ། དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་ཁྲིད་འཆར་གཞི་བཀོད་སྒྲིག་བྱ་དགོས། ཁྱིམ་དུ་དྲ་ཐོག་སློབ་སྦྱོང་ལ་ཞུགས་ཟིན་པའི་སློབ་མར་མཚོན་ན། གཙོ་གནད་གཞིར་བཟུང་སྟེ་སྦྱངས་ཟིན་པའི་ཤེས་བྱ་ལ་འགྲེལ་བཤད་དང་བསྐྱར་སྦྱོང་བྱ་དགོས་པ་དང་། སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་སློབ་མར་རོགས་འདེགས་ཀྱི་ནུས་ཤུགས་ཆེ་རུ་བཏང་སྟེ། སློབ་མ་རེ་རེས་སྦྱངས་ཟིན་པའི་ཤེས་བྱར་གོ་བ་ངེས་ཅན་ཞིག་ལེན་ཐུབ་པར་ཁག་ཐེག་བྱས་རྗེས་ད་གཟོད་སློབ་ཁྲིད་གསར་བ་བཀོད་སྒྲིག་བྱས་ཆོག སློབ་ཆུང་ལོ་རིམ་དམའ་ཤོས་ལས་དྲ་ཐོག་སློབ་སྦྱོང་ལ་ཞུགས་མེད་པའི་སློབ་མ་ལ་སློབ་ཁྲིད་འགོ་ནས་ཆ་ཚང་བྱེད་དགོས། ལྷག་པར་ཏུ་ཕ་མ་རིམས་འགོག་འཐབ་འཛིང་གི་གཡུལ་སར་ཞུགས་ཡོད་པའི་བྱིས་པ་དང་ཞིང་གྲོང་གི་གཞིས་སྲུང་བྱིས་པའི་སློབ་སྦྱོང་ལ་མཛུབ་སྟོན་དང་། འཚོ་བར་སེམས་ཁུར་དང་རོགས་རམ་གནང་རྒྱུར་ཤུགས་སྣོན་བྱ་དགོས།
答:居家学习因客观条件、学生自主学习能力等方面的原因,学习效果会有差别。要防止以居家学习完全代替学校课堂教学,正式开学恢复课堂教学后,各地各校要精准分析学情,认真对学生居家学习情况进行摸底,对学习质量进行诊断评估,有针对性地制订教学计划。对已经居家在网上学习过的学生,有重点地对已学内容进行讲解和复习,加大对学习困难学生的帮扶力度,确保每名学生较好地掌握已学知识内容,然后再进行新的课程教学;对小学低年级没有参加网上课程学习的要从头开始。特别要加强对防疫阻击战一线人员子女和农村留守儿童的学习指导和关爱。

དྲ་ངོས་སློབ་ཁྲིད་ཀྱིས་དྲ་རྒྱ་འགག་པའི་སྣང་ཚུལ་ཇི་ལྟར་གདོང་ལེན་བྱ་དགོས།

如何应对网上教学出现的网络拥堵现象?

དྲ་རྒྱ་རྒྱུན་ལྡན་འཁོར་བསྐྱོད་བྱ་རྒྱུ་ནི་དྲ་ཐོག་སློབ་ཁྲིད་ཁག་ཐེག་བྱེད་པའི་མ་མཐའི་ཆ་རྐྱེན་ཡིན། རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གྲངས་འབོར་མང་བ་དང་། ས་གནས་སོ་སོའི་དྲ་རྒྱའི་རྨང་གཞིའི་ཆ་རྐྱེེན་ལ་ཁྱད་པར་ཆེན་པོ་ཡོད་པ། སློབ་འགོ་ཚུགས་རྒྱུ་འགོར་འགྱངས་བྱས་པའི་གཅིག་གྱུར་གྱི་དུས་ཡུན་ནང་། ཚང་མས་གཅིག་སྡུད་ཀྱིས་དྲ་ཐོག་ནས་སློབ་སྦྱོང་བྱས་པས་དྲ་རྒྱ་འགག་པའི་སྣང་ཚུལ་བྱུང་བ་རེད། ས་གནས་སོ་སོས་བཟོ་ལས་ཆ་འཕྲིན་སྡེ་ཁག་དང་དྲ་རྒྱ་འཁོར་བསྐྱོད་ཁེ་ལས་བར་གྱི་མཐུན་སྦྱོར་ཤུགས་སྣོན་བྱས་ཏེ། རྒྱབ་སྐྱོར་ཐོབ་པར་ཧུར་བརྩོན་བྱ་དགོས། ས་གནས་སོ་སོས་རང་རང་གི་གནས་ཚུལ་ལྟར། དོན་དངོས་གཞིར་བཟུང་སྟེ་ས་གནས་ཀྱི་དྲ་རྒྱའི་གནས་ཚུལ་དང་ཞབས་ཞུའི་ནུས་པ། སློབ་མའི་ཁྱབ་ཚུལ་སོགས་ལ་དབྱེ་ཞིབ་ནན་མོ་བྱས་ཏེ། དམིགས་ཡུལ་ལྡན་པའི་སྒོ་ནས་དྲ་རྒྱར་འཇུག་ཚུལ་མཛུབ་སྟོན་བྱ་དགོས།
答:确保网络正常运行是保障网上教学的基本前提。由于我国中小学生人数众多,各地网络基础条件差异较大,在延期开学的同一时间段内集中上网学习,出现了网络拥堵。各地要加大与工信部门及网络运行企业的协调力度,积极争取支持。要因地制宜、从实际出发,根据当地网络情况、服务能力、学生分布等做好分析研判,有针对性地指导“错峰”登录上网。

མིག་སྔའི་སློབ་ཕྱིའི་ཟབ་སྦྱོང་སྡེ་ཁག་གི་ཟབ་སྦྱོང་བྱེད་སྟངས་ཇི་ལྟར་ཚད་མཐུན་དུ་བསྒྱུར་དགོས།

如何规范当前校外培训机构的培训行为?

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་མིག་སྔའི་ལས་འགན་དང་པོ་ཡིན་ལ། སློབ་ཕྱིའི་ཟབ་སྦྱོང་སྡེ་ཁག་གིས་ས་གནས་ཀྱི་རེ་བ་ལྟར་ཡུལ་དངོས་ཟབ་སྦྱོང་སྒྲུབ་མཚམས་འཇོག་དགོས་པ་དང་། གང་འདོད་ལྟར་སྔོན་ལ་སློབ་འགོ་བཙུགས་ཏེ་སློབ་མ་མཉམ་དུ་བསྡུས་མི་ཆོག རིམས་ནད་འགོག་སྲུང་ལ་མཐའ་གཅིག་ཏུ་ཤུགས་སྣོན་བྱ་དགོས། གཞན་སྐུད་ལམ་གྱི་ཟབ་སྦྱོང་བྱེད་སྟངས་ཚད་དང་མཐུན་པ་ཡིན་དགོས། ནང་དོན་ཚད་བརྒལ་དང་དུས་ཚོད་སྔོན་བརྒལ། རྒྱུགས་གཉེར་སློབ་ཁྲིད། འཆལ་གཏམ་ཁྱབ་སྒྲོག སེམས་ཁྲལ་བཟོ་བ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡོད་ཚེ་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་གྲྭ་སོ་སོས་རང་འགན་རང་ཁུར་གྱིས་ “ཁྲིད་མཚམས་བཞག་ཀྱང་སློབ་མཚམས་མི་འཇོག”ཅེས་པའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།
答:做好新冠肺炎疫情防控工作是当前的首要任务。校外培训机构必须根据各地要求,停止线下培训行为,不得擅自提前开课形成学生聚集,严防疫情扩散。要规范线上培训行为,对超标超前、应试导向、虚假宣传、制造焦虑等违法违规行为予以严肃查处。各地教育部门和学校要切实负起责任,做好“停课不停学”有关工作。

དངོས་གྲུབ་འབྱུང་གནས་ཀྱིས་བོད་ཡིག་ཏུ་བསྒྱུར།

全省中小学各学段、各版本教材电子版下载网址(2020年春季学期)
1.人民教育出版社电子版教材网址:
http://bp.pep.com.cn/jc/
出版单位技术支持服务电话:
岳小龙 18410910003
龙正武 17810381357
2.北京师范大学出版社电子版教材网址:
基础教育教材网 http://www.100875.com.cn/
出版单位技术支持服务电话:
王报华 13552692678
3.教育科学出版社电子版教材网址:
http://jkzx.esph.com.cn/free/
出版单位技术支持服务电话:
李 鹏 电话1:13810057870
电话2:18601081566
4.外语教学与研究出版社电子版教材网址:
https://cdu.unischool.cn/nse/h5/textbook/resDownload.html
出版单位技术支持服务电话:
杨超 15011416287
张羽 18601016533
5.清华大学出版社电子版教材网址:
http://resource.qinghuazhijiao.com
出版单位技术支持服务电话:
彭远同 13911263851
陈 健 13439136304
6.江苏凤凰教育出版社电子版教材网址:
http://zt.ppmg.cn/textbook/
出版单位技术支持服务电话:
赵 博 电话1:025-66825359(凤凰数字客服)
电话2:15951868646
7.人民音乐出版社电子版教材网址:
https://pan.baidu.com/s/1CUuaBip1AlrueiNxeuMMwA
出版单位技术支持服务电话:赵雨童 18600002969
赵思远 18519929951
8.山西教育出版社电子版教材网址:
https://news.wendao12.com/news/newsArticle?newsId=1229&bennerName=&bennerId=0
出版单位技术支持服务电话:徐立强 18003512280
马 宏 13934505515
9.人民出版社电子版教材网址:
http://f.idcpub.cn/
出版单位技术支持服务电话:
陈秋旻 18513325489
10.星球地图出版社电子版教材网址:
http://www.emapedu.com
出版单位技术支持服务电话:
孙亚伟 电话1:01066722258
电话2:13718114562
11.中国地图出版社电子版教材网址:
http://www.ditu.cn/a/tongbuziyuan/dianzikeben/
出版单位技术支持服务电话:
杨 忆 18698417525
吴劲松 13910712586
12.人民美术出版社电子版教材网址:
www.renmei.com.cn
出版单位技术支持服务电话:
段 涛 13810746829
马晓宁 13671198058
13.河北美术出版社电子版教材网址:
http://hebeijiaoyu.com.cn/
出版单位技术支持服务电话:
李慧娟 电话1:13643307165
电话2:0311-85915057
14.山西人民出版社电子版教材网址:
https://www.sxpmg.com/rms/6353.jhtml
出版单位技术支持服务电话:
宣海丰 电话1:15110369789
电话2:13007028858
15.广东教育出版社电子版教材网址:
http://www.gjs.cn/UploadFiles/xkzy/2020/2/202002072153037355.pdf
出版单位技术支持服务电话:
江丽茹 15521382113
钟文广 13226517200
16.湖南美术出版社电子版教材网址:
https://pan.baidu.com/s/1mgK7TtUBDthwnACOyPmxHg
出版单位技术支持服务电话:
程 序 18570393573
唐竟恩 18607317924

海西州新型冠状病毒感染的肺炎疫情防控处置工作指挥部通告(第14号)

2020ལོའི་སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་

ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་བསྒྲགས།

2020年2月15日

天峻县第一民族中学宣