“ལག་ཆེན་གྱིས་ལག་ཆུང་བཟུང་ནས། རིམས་ནད་འགོག་རྒོལ་གྱི་གཡུལ་ལས་རྒྱལ་ཕྱིར། ”ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་ཧུར་བརྩོན་བྱེད་བཞིན་ཡོད།

ད་ཐེངས་ཏོག་དབྱིབས་ནད་དུག་གསར་པའི་ནད་ཡམས་ཚབས་ཆེན་ཞིག་རྒྱལ་ཡོངས་གང་སར་མཆེད་བཞིན་པའི་སྐབས་འདིར། ཏང་ཀྲུང་དབྱང་གིས་ཆེས་མཐོང་ཆེན་མཛད་དེ། ཧྲུའུ་ཅིའི་ཞིས་ཅིན་ཕིན་གྱིས་ཚེ་སྲོག་ནི་ཐེའེ་ཧྲིན་རི་བོ་ལས་ལྕི་ཞིང་། ༼རིམས་ནད་ནི་བཀའ་དང་སྔོན་འགོག་ནི་འགན་ཡིན་༽ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ་དང་། གོམ་གང་མདུན་སྤོས་ཀྱི་ཚུལ་དུ་རིམས་ནད་གསར་པ་འགོག་ཟོན་ལས་དོན་ཇེ་ཡག་ཏུ་གཏོང་བ་དང་། ནད་རིམས་གསར་པ་འགོག་ཟོན་གྱི་ཆུ་ཚད་དང་ཁ་གཏད་ཀྱི་ནུས་པ་མཐོ་འདེགས་གཏོང་བ་དང་། དུས་ཐོག་ཏུ་ཕན་ནུས་ལྡན་པའི་འགོག་སྲུང་དང་ཚོད་འཛིན་གྱི་བྱེད་ཐབས་འདྲ་མིན་འདོན་ཐུབ་པའི་ཆེད་དུ། ཁུལ་རིམས་ནད་འགོག་འཛིན་བཀོད་འདོམ་པུའུ་ཡིས་བཀའ་བཀོད་གནང་བའི་འབྲེལ་ཡོད་ཀྱི་ཡིག་ཆ་དང་། ཁུལ་སློབ་གསོ་ལས་དོན་ཨུ་ཡོན་ཚོགས་པ་དང་ཁུལ་སློབ་གསོ་ཅུའུ་ཡིས་བཀའ་བཀོད་གནང་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་བསྟུན་ནས། རང་རེ་སློབ་གྲྭའི་རིམས་འགོག་ལས་དོན་ཚོ་ཆུང་གིས་ནན་ཏན་གྱིས་བཀོད་སྒྲིག་དང་སྒྲིག་བཀོད་འོག་ངེད་བོད་ཡིག་སྡེ་ཁག་གི་དགེ་སློབ་ཡོངས་རྫོགས་རྩ་ འཛུགས་བྱས་ཏེ། “ལག་ཆུང་གིས་ལག་ཆེན་བཟུང་། འགོག་རྒོལ་གྱི་གཡུལ་ལས་རྒྱལ་”ཞེས་པའི་རིམས་ནད་བྱུང་ཚུལ་འགོག་འཛིན་གྱི་སློབ་གསོའི་བྱ་འགུལ་སྤེལ་བ་ཡིན། བྱ་འགུལ་འདིའི་དམིགས་ཡུལ་ནི། དགེ་སློབ་ཡོངས་དང་ཁྱིམ་བདག་ཚོའི་རིམས་ནད་སྔོན་འགོག་དང་འཕྲོད་བསྟེན་གྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། བདེ་ཐང་གི་གོམས་གཤིས་འཇགས་ཐབས་སམ། ཚན་རིག་གི་འགོག་འཛིན་ནུས་པ་མཐོ་རུ་གཏོང་བའི་ཆེད་དུ། སློབ་མ་གཅིག་གིས་ཁྱིམ་ཚང་གཅིག་ཡར་འཐེན་ཐུབ་པ་དང་། ཁྱིམ་ཚང་གཅིག་གི་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཐུབ་ཐོབ་པའི་དམིགས་ཡུལ་འགྲུབ་དགོས། དོན་དངོས་ཐོག་ནས་སློབ་མ་དང་ཁྱིམ་བདག་གི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་ལ་འགན་སྲུང་ཐུབ་པར་བྱ་དགོས།

新型冠状病毒感染的肺炎疫情形势严重,党中央高度重视,习近平总书记作出重要指示,生命重于泰山,疫情就是命令,防控就是责任。为进一步做好新型冠状病毒感染的肺炎疫情防控工作,提高新型冠状病毒感染的肺炎的防控水平和应对能力,及时、有效地釆取各项防控措施,根据州疫情防控指挥部相关指令和州教育工委,州教育局的要求及相关文件精神,我校新型冠状病毒肺炎疫情防控应急工作领导小组认真安排部署下藏文秘系组织师生开展了“小手牵大手,打赢阻击战”疫情防控教育活动,目的在于提高师生及家长的卫生意识,养成健康的行为习惯,提升科学防控能力,达到“一名学生带动一个家庭、一个家庭影响整个社会”的目的,切实保障全体学生及家人的身体健康和生命安全

班主任们第一时间联系学生,告诉疫情,做好放控工作

འཛིན་བདག་དགེ་རྒན་རྣམ་པས་སྐད་འཕྲིན་དྲྭ་ལམ་རྒྱུད་ནས་སློབ་མ་རྣམས་ལ་ནད་ཡམས་གྱི་ཚབས་ཆེན་རང་བཞིན་དང་སྔོན་འགོག་གི་ཐབས་ལམ་དག་ གསལ་བཤད་མཛད་བཞིན་པ།

སློབ་ཕྲུག་རྣམ་པས་བརྙན་འཕྲིན་དང་ཁ་པར་རྒྱུད་ནས་གསར་འགྱུར་ལ་རྒྱུས་ལོན་བྱེད་བཞིན་མ་སྐུལ་དང་བླང་གི་ལམ་ནས་རྒྱལ་ཁབ་བདེ་འཇགས་དང་ཁྱིམ་ཚང་བདེ་སྐྱིད་ཀྱི་ཆེད་དུ་རིམས་འགོག་ཤེས་བྱའི་སྐོར་ནས་ཁྱབ་སྒྲོག་མཛད་བཞིན་པའི་རྣམ་པ།

学生们纷纷通过电视、电脑、手机等媒体平台时刻关注新闻动态,和自己的爸爸妈妈一起认真学习新型冠状病毒感染的肺炎疫情相关知识,并做成一幅幅手抄报、电子报,人人争做防控疫情宣传员。

སློབ་བུ་འཕྲིན་ལས་ནོར་བུ་གཙོ་བྱས་པའི་བོད་ཡིག་སྡེ་ཁག་གི་སློབ་ཕྲུག་རྣམ་པས་རྒྱ་བོད་གཉིས་ཀྱི་སྐད་ལམ་ནས་རིམས་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་སྒྲོག་བྱེད་བཞིན་པ།

学生们在宣传防控知识

疫情防控小常识

ནད་ཡམས་སྔོན་འགོག་རྒྱུན་ཤེས།

小小手,拉大手,我们都做小卫士

好学生,学在前,防疫知识记在心

在家里,当老师,卫生健康教父母

同学们,快快来,一起行动你我他

ལག་ཆུང་གིས། ལག་ཆེན་འཇུས། ང་ཚོ་སྲུང་དམག་ཆུང་ངུ་བྱ།

སློབ་བུ་བཟང་། སློབ་རྒྱུ་སྔོན། རིམས་འགོག་ཤེས་བྱ་ཡིད་ལ་ཞག

རང་ཁྱིམ་ནས། དགེ་རྒན་བྱེད། འཕྲོད་བསྟེན་ཤེས་བྱ་རྒན་རབས་ཞུ།

སློབ་གྲོགས་ཚོ། མགྱོགས་པོར་ཤོག ང་ཚོ་མཉམ་དུ་སྒྲུབ་མགོ་རྩོམ།

小小手,拉大手,人人参与氛围好

要外出,请谨记,不戴口罩勿出门

回到家,不能忘,坚持做到勤洗手

没大事,不出门,家和才能万事兴

ལག་ཆུང་གིས། ལག་ཆེན་འཇུས། ཐམས་ཅད་བསྒྲུབས་ན་བཟང་པོ་ཡོང་།

སྒོར་འགྲོ་དུས། སེམས་ནང་ནས། ཁ་ཁེབས་གོན་རྒྱུ་བརྗེད་མི་ལོ།

ཁྱིམ་ལོག་རྗེས། རྒྱུན་འཁྱོངས་དགོས། ལག་པ་བཀྲུ་རྒྱུ་བརྗེད་མི་ཉན།

དོན་ཆེན་མེད། ཕྱིར་མི་འགྲོ། ཁྱིམ་ཚང་འཆམ་མཐུན་དོན་ཀུན་འགྲུབ།

讲规律,不迷信,科学防护要做好

在家里,要注意,多喝开水好处多

讲卫生,守公德,健康生活你我创

剪指甲,勤洗手,病毒侵袭我不怕

ཆོས་ཉིད་བརྩི། རྨོངས་དད་དོར། འགོག་སྲུང་ཚན་རིག་དང་མཐུན་དགོས།

ཁྱིམ་ནང་ནས། དོ་སྣང་སྟེ། ཆུ་ཁོལ་མང་ཙམ་འཐུང་ན་བཟང་།

གཙང་སྦྲ་བྱེད། ཀུན་སྤྱོད་སྲུང་། བདེ་ཐང་འཚོ་བར་མཉམ་དུ་རོལ།

ལག་པ་འཁྲུད། སེན་མོ་བྲེག ནད་དུག་དེ་ལ་ང་མི་སྐྲག

要通风,勤锻炼,任何疾病绕着走

防病毒,促健康,快快乐乐一家亲

新病毒,不可怕,讲究卫生是关键

大家好,暖寒冬,健健康康迎祥瑞

ཁའི་དབུགས་བརྗེ། ལུས་པོ་སྦྱོང་། འགོས་ནད་གང་ཡང་འབྱུང་མི་སྲིད།

ནད་དུག་ལ། སྔོན་འགོག་བྱེད། དགའ་དགའ་སྤྲོ་སྤྲོ་ཁྱིམ་ཚང་སྐྱིད།

ནད་ཡམས་གང་། སྐྲག་མི་དགོས། གཙང་སྦྲ་བྱེད་རྒྱུ་གལ་ཆེའོ།

ཚང་མ་བཟང་། ལྷགས་ཀ་ཆེའང་། དྲོད་འཇམ་ལྡན་པའི་འཚོ་བར་སྤྱོད།

不信谣,不传谣,社会正能要传播

小举动,大担当,点滴践行爱国情

手挽手,克艰难,和谐玉树共同建

གཏམ་འཆལ་ནི། ངས་མི་བསྒྲགས། བདེན་པའི་སྤྱི་ཚོགས་དར་སྤེལ་གཏོང་།

སྒྲུབ་རྒྱུ་ཆུང་། འགན་འཁྲི་ཆེ། བྱ་བ་ཆུང་ཡང་རྒྱལ་གཅེས་སེམས།

ལག་གདང་སྦྲེལ། དཀའ་ངལ་སེལ། འཆམ་མཐུན་ཡུལ་ཤུལ་མཉམ་དུ་བསྐྲུན།

ཝུའུ་ཧན།

དཔྱིད་གསར་གྱི་དུས་མགོ་ཚེས་པའི་སྐབས་འདིར།

ན་འཆིའི་གཡུལ་ས་དེ་རུ།

དབང་མེད་དུ་ཚུད་པ་ནི།

ལས་དབང་གིས་ཁྱོད་ལ་བརྙས་པ་མ་ཡིན་ཏེ།

དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་རྟོགས་དགོས།

འོན་ཀྱང་།

བྱམས་བརྩེའི་ཕྱུག་ཅིང་ཤེས་རབ་ཀྱིས་རྒྱན་པའི་སྨན་པ་ཁྲི་ཕྲག་གིས་ནུས་ཤུགས་ཡོད་དགུ་བཏོན་ཏེ་

གཡུལ་ས་དེ་ནས་ཁྱེད་སྐྱོབ་པ་འབད་བཞིན་ཡོད་ལ།

སྙིང་རྗེའི་དང་ནུས་མཐུ་ལྡན་པའི་ང་དྲུག་མི་རིགས་དག་གིས་ཁྱེད་ལ་ནམ་ཡང་མགོན་གྱིན་ཡོད་པས།

དེ་རིང་གི་ཉི་མ་འདས་རྗེས།

སང་ཉིན་བདེ་སྐྱིད་ཀྱི་ཉི་གཞོན་བསུ་ཆེད།

དཔའ་མ་ཞུམ། ཡིད་མ་སྐྱོ། སེམས་མ་སྐྲག་པ་ང་ཚོ་མཉམ་དུ་མདུན་ནས་མདུན་དུ་བསྐྱོད་དགོས།

武汉你一定会好起来的,大家都在为了你努力。凛冽的寒风,一定会过去,待到春暖花开的时,我们再相聚!加油!加油!加油!