རྫ་ཆུ་ཆུ་མགོ་འགྲམ་དུ་གནས་པའི་རྔམ་ནག་སློབ་ཆུང་གི་དགེ་སློབ་ཀུན་གྱིས་ནད་ངན་ལ་འཐབ་པའི་སྤྲིན་དཀར་གྱི་འདབ་མ་མནབས་པའི་ལྷག་བསམ་ཅན་གྱི་སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

ལག་ཆུང་གིས་ལག་ཆེན་འཐེན་ནས་མཉམ་དུ་ནད་ཡམས་སྔོནའགོག་བྱེད།

ནད་ཡམས་སྔོན་འགོག་གི་ཐབས་ལམ་ཤེས་བྱ།

དང་པོ། འདུས་འཛོམས་མི་བྱེད་པ་དང་འདུས་འཛོམས་སུ་མི་འགྲོ་བ།

གཉིས་པ། རྒྱུན་དུ་སྒོ་དང་སྒེའུ་ཁུང་ཕྱེ་ནས་དྭངས་གཙང་གི་མཁའ་དབུགས་ནང་དུ་འདྲེན་པ།

གསུམ་པ། སྒོ་ཕྱི་རུ་གལ་སྲིད་མི་འགྲོ་དཀའ་མེད་བྱུང་ན་ཚད་ལྡན་གྱི་ཁ་ཐུམ་གོན་ནས་འགྲོ་བ།

བཞི་བ། ཡར་ཁྱིམ་དུ་སླེབས་སྐབས་ལམ་སང་དུག་སེལ་གྱིས་གཙང་སེལ་བྱས་ནས་ལག་པར་བཀྲུ་བ།

ལྔ་བ། ནད་འདིར་འགོག་པའི་སྨན་མཆོག་ནི་སེམས་བག་ལྷོད་ཀྱི་ངང་ནས་ཁྱིམ་དུ་འདུག་རྒྱུ་གལ་ཆེའོ།།
འདུག་གནས་སུ་བརྟན་པོར་བསྡད་ནས་ཡར་རྒྱུག་མར་འགྲོ་མ་བྱེད།

དོན་མེད་ཀྱི་དཀྲོག་གཏམ་མི་ཉན་པ་དང་མི་བཤད་པ།

དུས་རྣམ་པར་ཀུན་ཏུ་བཀའ་ཁྲིམས་བརྩི་ནས་གསར་འགྱུར་ལ་ཉོན་

པར་འཚལ།

འཁྱག་རླུང་དང་ནད་ངན་གྱི་དགུན་ཁར་འཇའ་ལྟར་ཡལ་ནས།

དཔྱིད་ཀྱི་དཔལ་ཡོན་ཤར་བ་ཡིད་ཆེས་ཡོད།

ཀྲུང་གོ་ཤུགས་རྒྱོབས།། ཝུན་ཧུན་ཤུགས་རྒྱོབས།།