抗击疫情,人人有责。安心居家,利我利他。

སྔོན་འགོག་ཇི་ལྟར་བྱ་དགོས།

如何预防新型冠状病毒

ལག་པའི་འཕྲོད་བསྟེན་ཡག་པོ་བྱེད་དགོས། གློ་ལུད་བྱེད་པ་དང་ཟ་མ་ཟ་བ། གསང་སྤྱོད་དུ་འགྲོ་བ། སྲོག་ཆགས་ཀྱི་གཅིན་སྐྱག་གཙང་གཉེར་བྱེད་སྐབས་ངེས་པར་དུ་ལག་པ་བཀྲུ་དགོས་ལ། ལག་པ་བཀྲུ་མི་ཐུབ་པའི་སྐབས་སུ་ཆང་བཅུད་སོགས་ཀྱིས་གཙང་སེལ་བྱ་དགོས།

ཁང་པའི་ནང་དུ་མཁའ་དབུགས་འཁོར་རྒྱུག་བྱེད་དུ་འཇུག་དགོས། མཁའ་དབུགས་འཁོར་རྒྱུག་དཀའ་བའི་འདུ་ར་དང་མི་མང་ཚོགས་སར་འགྲོ་འདུག་ཉུང་ཉུང་བྱ་དགོས། ལོ་སར་སྐབས་སུ་ཚང་མ་ཡར་མར་འགྲོ་རྒྱུ་དགའ་བས། ལོ་ཉུག་དང་འདུ་འཛོམས་ཀྱི་སྐབས་སུ་ཁ་ཐུམ་གོན་དགོས།

ཁ་ཐུམ་ཉོ་དུས་སྤྱིར་བཏང་གི་སྨན་སྤྱོད་ཁ་ཐུམ་དང་ N95ཁ་ཐུམ་ཉོ་དགོས་ལ། སྨན་ཁང་དང་སྒོ་བསྟེན་སྨན་ཁང་། སྒོ་རྩིས་ཚོང་ཁང་སོགས་ནས་རིམ་པ་སུམ་བརྩེགས་ཅན་དང་ཚགས་མ་ཡོད་སའི་ཐེངས་གཅིག་ཁ་ཐུམ་ཉོ་དགོས་ལ། དེ་འདྲ་ཉོ་རྒྱུ་མེད་ན་རྒྱ་ཡིག་(防飞沫)ཅན་ཉོ་དགོས། རིགས་དེ་གཉིས་བཙོང་རྒྱུ་མེད་ན་ཚགས་དམ་པའི་ཁ་ཐུམ་ཉོ་དགོས།

སྲུང་སྐྱོབ་མེད་པའི་ཆ་རྐྱེན་འོག་རི་སྐྱེས་སྲོག་ཆགས་དང་ཉེ་བར་གཅར་མི་རུང་ལ། དེ་དག་གི་ཤ་ཟ་མི་འོས། ཟ་མ་གཡོ་སྐོལ་བྱེད་དུས་ཤ་དང་སྒོ་ངའི་རིགས་ངེས་པར་དུ་ཚོས་དགོས་ལ། རློན་ཟ་བྱེད་མི་ཆོག

མིག་སྔར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཕན་ནུས་ཆེ་བའི་སྨན་རིགས་ཐོན་མི་འདུག་པས། ཟེར་སྒྲོས་ལྟར་སྨན་རིགས་གང་ཞིག་དང་ལུས་ཕུང་གསོ་ཚིས་སོགས་ལ་ཡིད་ཆེས་བྱས་ནས་ཉོ་སྒྲུབ་བྱེད་མི་ཆོག ལུས་མི་བདེ་ན་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱ་དགོས།

小手牵大手 从我做起。

用自己的小手牵起家人的大手 帮助家人养成良好的个人习惯和公共卫生习惯 引导家人掌握科学的疫情防范知识和方法。