ལག་ཆུང་གིས་ལག་ཆེན་བཟུང་ནས། རིམས་ནད་འགོག་རྒོལ་གྱི་གཡུལ་ལས་རྒྱལ་ཕྱིར། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་ལྔ་པ་ཚང་གིས་ཧུར་བརྩོན་བྱེད་བཞིན་ཡོད།
ཏོག་དབྱིབས་ཅན་གྱིས་ནད་དུག་གསར་པའི་གློ་ཚད་འགོས་ཁྱབ་གནད་ཚུལ་ཛ་དྲག་ཆེས་ཆེ་བས། ཏང་ཀྲུང་དབྱང་གིས་ཆེས་མཐོང་ཆེན་མཛད་དེ། ཧྲུའུ་ཅིའི་ཞིས་ཅིན་ཕིན་གྱིས་ཚེ་སྲོག་ནི་ཐེའེ་ཧྲིན་རི་བོ་ལས་ལྕི་ཞིང་། རིམས་ནད་བྱུང་ཚུལ་ནི་བཀའ་ཡིན། ནད་འགོག་བྱ་བ་ནི་འགན་འཁྲི་ཡིན་ཞེས་པའི་གལ་ཆེན་མཛུབ་སྟོན་གལ་ཆེན་གནང་། གོམ་གང་མདུན་སྤོས་ཚུལ་དུ་རིམས་ནད་གསར་པ་འགོག་ཟོན་ལས་དོན་ཡག་ཏུ་གཏོང་བ་དང་། ནད་རིམས་གསར་པ་འགོག་ཟོན་གྱི་ཆུ་ཚད་དང་ཁ་གཏད་ཀྱི་ནུས་པ་མཐོ་འདེགས་གཏོང་བ་དང་། དུས་ཐོག་ཏུ་ཕན་ནུས་ལྡན་པའི་འགོག་སྲུང་དང་ཚོད་འཛིན་གྱི་བྱེད་ཐབས་འདྲ་མིན་འདོན་ཐུབ་པའི་ཆེད་དུ། ཁུལ་རིམས་ནད་བྱུང་ཚུལ་འགོག་འཛིན་བཀོད་འདོམ་པུའུ་ཡིས་བཀའ་བཀོད་གནང་བའི་འབྲེལ་ཡོད་ཀྱི་ཡིག་ཆ་དང་། ཁུལ་སློབ་གསོ་ལས་དོན་ཨུ་ཡོན་ཚོགས་པ་དང་ཁུལ་སློབ་གསོ་ཅུའུ་ཡིས་བཀའ་བཀོད་གནང་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་བསྟུན་ནས། རང་རེ་སློབ་གྲྭའི་རིམས་འགོག་ལས་དོན་ཚོ་ཆུང་གིས་ཀྱང་། ནན་ཏན་གྱིས་བཀོད་སྒྲིག་དང་སྒྲིག་བཀོད་བྱས་ཏེ། དགེ་སློབ་ཡོངས་རྫོགས་རྩ་འཛུགས་བྱས་ཏེ། ལག་ཆུང་གིས་ལག་ཆེན་བཟུང་། འགོག་རྒོལ་གྱི་གཡུལ་ལས་རྒྱལ་ཞེས་པའི་རིམས་ནད་བྱུང་ཚུལ་འགོག་འཛིན་གྱི་སློབ་གསོའི་བྱ་འགུལ་སྤེལ་བ་ཡིན། བྱ་འགུལ་འདིའི་དམིགས་ཡུལ་ནི། དགེ་སློབ་ཡོངས་དང་ཁྱིམ་བདག་ཚོའི་རིམས་ནད་སྔོན་འགོག་དང་འཕྲོད་བསྟེན་གྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། བདེ་ཐང་གི་གོམས་གཤིས་འཇགས་ཐབས་སམ། ཚན་རིག་གི་འགོག་འཛིན་ནུས་པ་མཐོ་རུ་གཏོང་བའི་ཆེད་དུ། སློབ་མ་གཅིག་གིས་ཁྱིམ་ཚང་གཅིག་ཡར་འཐེན་ཐུབ་པ་དང་། ཁྱིམ་ཚང་གཅིག་གི་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཐུབ་ཐོབ་པའི་དམིགས་ཡུལ་འགྲུབ་དགོས། དོན་དངོས་ཐོག་ནས་སློབ་མ་དང་ཁྱིམ་བདག་གི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་ལ་འགན་སྲུང་ཐུབ་པར་བྱ་དགོས།

བློ་སེམས་གཅིག་ཏུ་སྒྲིལ་ནས། རིམས་ནད་སྔོན་འགོག་བྱེད་པ།

རིམས་འགོག་ཤེས་བྱ།

རིམས་ནད་སྔོན་འགོག་གི་ཤེས་བྱ་འདི་ལག་ལེན་གྱི་ཁྲོད་ནས་སྔོན་སྲུང་བྱེད་དགོས།

ལག་ཆེན་གྱིས་ལག་ཆུང་བཟུང་ནས། རིམས་ནད་འགོག་རྒོལ་གྱི་གཡུལ་ལས་རྒྱལ་ཕྱིར། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་ལྔ་པས་ཧུར་བརྩོན་བྱེད་བཞིན་ཡོད།

ལག་ཆུང་གིས་ལག་ཆེན་འཇུས་ཏེ། ནད་ཡམས་སྔོན་འགོག་གི་བྱ་བ་ལ་སྣེ་ཁྲིད་བཟང་པོ་ཡོང་བའི་ཆེད་དུ། དགེ་རྒན་དང་སློབ་མ། ཁྱིམ་བདག་ཡོངས་ཀྱིས་ཤུགས་མཉམ་རྒྱག་གི་འོག་ནས། ནད་ཡམས་སྔོན་སྲུང་གི་བྱ་བ་ཉིན་ལྟར་བློ་སེམས་གཅིག་ཏུ་སྒྲིལ་ནས། ནུས་ལྡན་སྔོོོན་འགོག་གི་བྱ་བ་ཁྱིམ་ཚང་རེེེེེེ་རེའི་བརྒྱུད་ནས་སྤེལ་བཞིན་ཡོད།

རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་གཞན་གྱི་ཚེ་སྲོག་སྐྱོབ་ཐབས་བྱེད་པ།

མཚོ་སྔོན་བོད་ཡིག་གསར་འགྱུར་ལས་དྲངས།