བརྩེ་བའི་ལག་ཟུང་ཝུའུ་ཧན་དུ་བརྐྱངས་པ།爱之手伸向武汉

ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དགེ་འབྲོང་ཚོང་ལས་ཚོགས་པས་ཝུའུ་ཧན་གནོད་ཐེབས་མི་དམངས་ལ་དབྱར་རྩ་དགུན་འབུ(རྒྱ་གྲངས༢༦)ཞབས་འདེབས་ཕུལ།

——玉树州杂多县格仲商会给武汉受灾人民捐助冬虫夏草(称:26斤)

ང་ཚོ་ལེ་བར་སྟོང་གིས་ཆོད་ནའང་བྱམས་བརྩེ་ནི་རི་ཆུ་སྟོང་གིས་ག་ལ་གཅོད་ནུས། ང་ཚོའི་བརྩེ་བའི་ལག་ཟུང་ནམ་ཡང་ཁྱེད་ཀྱི་ཕྱོགས་སུ་བརྐྱངས་ཤིང་གདུང་སེམས་མཉམ་སྐྱེད་ཀྱི་ལམ་དུ་ཞུགས་ཡོད། ཁྱེད་ཚོའི་དཀའ་ངལ་ནི་ང་ཚོ་མིའི་རིགས་ཐུན་མོང་གི་ཕྲག་ཏུ་བབ་པའི་འགན་འཁྲི་ཞིག་ཅི་ལ་མིན། དེ་བས་ང་ཚོས་འདི་ནི་བྱམས་བརྩེའི་ཐུགས་ཁུར་དགོས་པ་ཡིད་ལ་དྲན་ཡོད།

འདི་ནི་མཐོ་སྒང་བོད་པའི་བྱམས་བརྩེ་རྒྱང་རིང་ཝུའུ་ཧན་དུ་བསྐྱངས་པའི་བརྩེ་བའི་ཐིགས་པ་ཡིན་ལ། ཁམས་པའི་ཕོ་རྒོད་ཚོས་སྡུག་བསྔལ་གྱི་ཀློང་དུ་ལུས་པའི་གནོད་ཐེབས་མི་དམངས་ལ་ཕུལ་བའི་སྙིང་སྟོབས་ཤིག་དང་། ཡུལ་གྲུ་ཆུང་ཆུང་ཞིག་ཏུ་འཚོ་བཞིན་པའི་ཚོང་ལས་ཚོགས་པ་ཞིག་གིས་རེ་སྨོན་དང་གསོལ་འདེབས་གྲངས་མེད་ཀྱི་ཀློང་ནས་ཁྱེད་ཅག་ལ་ཕུལ་བའི་སྙིང་རྗེའི་སྦྱིན་པའང་ཡིན།

དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་རིག་གནས་མཚོན་པའི་རླབས་ཆེན་གྱི་དར་ཆ་ཞིག་ཡིན་པ་མ་ཟད། མི་རིགས་ང་དྲུག་གི་མཐུན་སྒྲིལ་གྱི་ཟམ་ཆེན་ཞིག་ཀྱང་ཡིན། མཐོ་སྒང་གི་དྲག་རླུང་ཇི་ལྟར་རྒོད་ཀྱང་ང་ཚོའི་ནང་སེམས་ཀྱི་བརྩེ་བ་རབ་ཏུ་འབར། ནད་ངན་ལ་བརྩེ་བ་མེད་ཀྱང་མི་ཡུལ་འདི་བརྩེ་བས་ཁེངས། ང་ཚོའི་བྱམས་བརྩེའི་དྲོད་ཐིགས་ནམ་ཡང་ཡལ་བ་མེད། འདི་ནས་རྒྱང་རིང་ཝུའུ་ཧན་གནོད་ཐེབས་མི་དམངས་ལ་ཕུལ་བའི་རོགས་སྐྱོར་དུ་དབྱར་རྩྭ་དགུན་འབུ་ཕྲན་བུ་ཙམ་ང་ཚོ་དགེ་འབྲོང་ཚོང་ལས་ཚོགས་པས་མ་གྲོས་གཅིག་མཐུན་གྱིས་ཝུའུ་ཧན་སྤུན་ཟླ་ལ་ཕུལ་བའི་སེམས་མཚོན་ཡིན། དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་དཔའ་སྙིང་ལྡན་ཞིང་ལས་ལ་བརྩོན་པའི་ཝུའུ་ཧན་མི་དམངས་ཡར་ལ་ལོངས་ཤོག །གཞི་རྒྱ་ཆེ་བའི་ཝུའུ་ཧན་མི་དམངས་དཔའ་མ་ཞུམ། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤུན་ཟླ་ཚོ་ཁྱོད་དང་ལྷན་དུ་ཡོད་ལ། ང་ཚོས་ཉིན་མཚན་དབྱེར་མེད་དུ་ཝུའུ་ཧན་མི་དམངས་ཀྱི་གནས་ཚུལ་རེ་རེ་བཞིན་གསར་ལམ་ནས་བསྒུག་ཡོད་ལ། ཁྱེད་ཅག་མྱུར་དུ་ནད་ངན་གྱི་འཇིགས་པ་ལས་ཐར་བར་གསོལ་འདེབས་དང་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད། དཀོན་མཆོག་གིས་གཟིགས། ནད་ངན་ལས་མྱུར་དུ་རྒྱལ་བར་ཤོག ། །།

ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དགེ་འབྲོང་ཚོང་ལས་ཚོགས་པས།

2020ལོའི་ཟླ་བ་2པའི་ཚེས་8ཉིན་ཕུལ།

——我们虽然相隔千里,但仁者决不是千山万水所能割舍的。 我们的爱之手永远向你伸出,走上了生死与共的道路。你们的困难并不是我们人类共同肩负的责任。 所以我们想到这是一个亲切的关怀。这是高原藏族亲切长途武汉照耀亲切滴。康巴铁汉们在痛苦中脱漏的灾民的精神、大地小生存的商业集团在一个希望和祈祷无数的雨点到你们的慈悲布施也是,

那不仅是体现中华民族传统美德文化的伟大旗帜。也是56个民族团结的大桥。高原的暴风再猛烈也让我们内心充满了爱。恶病无情,人间充满爱。我们慈爱的温滴永不消逝。

在这里,向远方武汉灾区人民的援助中,一丁点儿冬虫夏草,只是我们的格仲商业集团不约而同地献给武汉同胞的心意。在艰苦的岁月里,勇敢勤劳的武汉人民站起来,广大的武汉人民不要气馁,四面八方的同胞和你在一起。我们日以继夜地等待着武汉人民的消息,祈祷着和祈祷着你们早日摆脱病魔的威胁。

愿上帝保佑你! 但愿早日战胜顽疾。

玉树州杂多县格仲商会

2020年2月8日