慈善的美篇

慈善

གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་བསྟན་འཛིན་ཡིད་དགའ་ཡིས།

ད་ཐེངས་ཀྱི་རིམས་ནད་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་པས་ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་དོ་སྣང་བྱ་དགོས་པ་ནི་གཤམ་ལྟར།

༡ ལག་པ་གཙང་མར་བཀྲུ་བ།ལག་པ་འཁྲུད་སྐབས་འདག་རྫས་ཀྱིས་གཙང་མར་བཀྲུས་ཏེ་ལག་ཕྱིས་གཙང་མས་ཕྱི་དགོས།

༢ རྒྱུན་དུ་ཁ་ཐུམ་རྒྱག་པ།ཁ་ཐུམ་གྱི་ཁ་དོག་གསལ་ཕྱོགས་དེ་ཕྱི་ལ་བཏོད་དགོས་པ་དང་།སྤྱོད་ཡུན་དུས་ཚོད་ངེས་གཏན་ཡིན་དགོས།

༣ མི་ཚོགས་མང་སར་མི་འགྲོ་བ། སྐབས་འདིར་མི་མང་ཚོགས་ས་རུ་ནད་དུག་ཁྱབ་བཞིན་ཡོད་པས་ཕན་ཚུན་ལ་འགོ་བའི་ཉེན་ཁ་ཆེ།

འཛམ་གླིང་ཡོངས་ལ་ཁྱབ་བཞིན་པའི་རིམས་ནད་ལ་གོང་གི་རེ་འདུན་ལྟར་རང་ཉིད་ནས་མགོ་བརྩམས་ཏེ་ལག་ལེན་མཐའ་འཁྱོལ་བྱས་ན་ད་གཟོད་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་དུ་འགྱུར་ངེས་ཤིང་།ལུས་ཕུང་བདེ་ཐང་ཡིན་ན་ང་ཚོའི་སློབ་སྦྱོང་དང་འཚོ་བ་གང་ལའང་ཕན་པར་མ་ཟད།ཆུང་ཁྱིམ་ཚང་ནས་ཆེ་རྒྱལ་ཁབ་ལ་ཡང་དཀའ་ངལ་དང་འོ་བརྒྱལ་བཟོ་མ་དགོས་པས་ངས་བསམས་ན་རང་གིས་བསྒྲུབ་ཐུབ་པའི་འགན་ཁུར་ཞིག་གམ་བྱ་བ་དགའ་ཞིག་ཏུ་འདོད་ཀྱིན་ཡོད།

སྤྱིར་ན་ད་ལོ་ནི་ལོ་ནག་ཅིག་ཡིན་པས་ང་ཚོས་ཕྱོགས་ཡོངས་ནས་གཟབ་དགོས་ཏེ།ལག་རྩེད་སྤོ་ལོ་བ་གྲགས་ཅན་ཁད་པེ་ལགས་གནམ་གྲུ་ཐང་ལ་ལྷུང་བའི་དོན་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པ་དང་།ང་ཚོའི་ས་ཆེན་པོའི་ཁྱོན་ལ་ཡ་ང་སྙིང་རྗེ་མེད་པའི་རིམས་ནད་དྲག་པོ་ཞིག་གིས་མི་མང་བོ་ཞིག་གི་ཚེ་སྲོག་འཕྲོག་པ་རེད།དེར་བརྟེན་ང་ཚོས་རིམས་ནད་ལ་རང་ཉིད་ནས་མགོ་བརྩམས་ཏེ་འགོག་སྲུང་ནན་མོ་བྱ་དགོས་སོ།།

གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ།