ད་ལོའི་ལོ་སར་ལ། ང་ཚོའི་སེམས་པ་ནད་ཡམས་འདིས་ཡང་ཡང་སྐྱོམས་པར་བྱས་ལ། ནང་སེམས་ལ་དངངས་སྐྲག་དང་འཆར་སྒོ་གང་མང་བྱུང་། ཏོག་དབྱིབས་ནད་དུག་སྔོན་འགོག་གི་བྱ་བ་ལེགས་པར་འགྲུབ་ཆེད་དང་བྱིས་པའི་ལུས་སེམས་བདེ་ཐང་། བྱིས་སྐྱོང་ཁང་གི་སློབ་གསོའི་བྱ་བ་རྒྱུན་ལྡན་ལྟར་སྒྲུབ་ནས་ནུས་ཤུགས་ཡོད་རྒུས་ནད་རིམས་སྔོན་འགོག་བྱེད་ཆེད། རྫོང་སློབ་གསོ་ཅུའུ་ཡི་གཅིག་གྱུར་འཐབ་ཕྱོགས་དང་བླང་བྱ་ལྟར་རྫ་སྟོད་རྫོང་ཐང་ནག་ཐང་བྱིས་སྐྱོང་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཕྱོགས་ཡོངས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་འཐབ་ཇུས་བཏོན་ཏེ་ཞིབ་ཚགས་ལྡན་པའི་སྒོ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་བ་བསྒྲུབས།

今年春节,我们的心一直被疫情牵动着......
经历着很多内心变化
有焦虑,有担忧,也有不安......
为切实做好新型冠状病毒防控工作,保障幼儿的身体健康,维护好幼儿园的正常教育教学秩序,全力做好防控工作,根据县教育局的统一部署,杂多县塔娜滩幼儿园第一时间,成立新型冠状病毒防控领导小组,即启动防控病毒感染应急预案,全面、深入、细致地开展“新型冠状病毒”的防控工作。

ཟླ་༢ཚེས༢༨ཉིན། རྫ་སྟོད་རྫོང་ཐང་ནག་ཐང་བྱིས་སྐྱོང་ཁང་གི་སློབ་གཙོ་རྒྱ་མཚོ་འཕྲལ་མར་འབྲིང་རིམ་འགོ་ཁྲིད་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ནས་སྔོན་འགོག་བྱ་བར་འགན་ལེན་ཡག་པོ་བྱས།

1月28日,杂多县塔娜滩幼儿园园长:江措 第一时间内召开了中层领导紧急视频会议,为预防工作打好保障。

ཟླ༢ཚེས༦ཉིན། ཏོག་དབྱིབས་ནད་དུག་གསར་བའི་གློ་བའི་གཉེན་ཚད་རིམས་ནད་འགོག་སྲུང་འགོ་ཁྲིད་ཚན་ཁག་བཙུགས།

2月6日成立了新型冠状病毒感染肺炎疫情防控领导小组。

ཟླ༢ཚེས༩ཉིན། ཏོག་དབྱིབས་ནད་དུག་གསར་བའི་གློ་བའི་གཉེན་ཚད་རིམས་ནད་ལ་གཞིགས་ནས་( ཞང་ཆེན་ཕྱི་ནང་དང་། ཁུལ་ནང་ཁུལ། )དགེ་རྒན་གྱི་དཔུང་སྡེ་དང་བྱིས་སྐྱོང་མི་སྣའི་གྲུབ་པའི་འགོག་སྲུང་ཚན་ཁག་བཙུགས།

2月9日并成立了新型冠状病毒感染肺炎疫情的(省外 省内 州内)的教职工及幼儿管理小组。

ཟླ་༢ཚེས་༡༠ཉིན་འཛིན་བདག་གི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། སློབ་གཙོ་རྒྱ་མཚོ་སློབ་གསོ་ཅུས་ཀྱི་རིམས་ནད་སྔོན་འགོག་གི་ལས་དོན་སྤེལ་བས་འཛིན་བདག་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཡོད།

2月10,召开了班主任视频会议,由江措园长下达了教育局的疫情防控工作,加强了班主任的责任感和使命感。

ངེད་སློབ་གླིང་གིས་ད་རེས་བྱ་བ་འདི་ལ་ཧ་ཅང་དོ་སྣང་ཆེན་པོ་བྱེད་གྱིན་ཡོད་ལ། ཉིན་རེར་བཞིན་སྔ་དྲོའི་དུས་ཚོད་9ནས10བར་སློབ་གསོ་ཅུས་ཡི་བྱ་བའི་ཚོགས་པའི་ནང་། རང་ཉིད་ཀྱི་བདེ་འཇགས་གི་གནས་ཚུལ་དང་སློབ་མ། ཡང་ན་ཁྱིམ་བདག་གི་བདེ་ཐང་གནས་ཚུལ་ཡར་ཞུ་བྱེད་དགོས། གཞན་འཛིན་གྲྭ་སོ་སོ་ནས་ཉིན་རེར་བཞིན་ཡར་ཞུ་ཐེངས་རེ་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས་ལ། འཛིན་བདག་དགེ་རྒན་གྱིས་འཕྲིན་ཕྲན་དང་ཁ་པར་གྱི་ལམ་ནས་ཁྱིམ་བདག་བརྒྱུད་དེ་བྱིས་པར་ཐེབས་པའི་ཤུགས་རྐྱེན་དང་། འཇིན་གྲྭའི་ཁྱིམ་བདག་དང་བྱིས་པའི་གནས་ཚུལ་དུས་ལྟར་རྒྱུས་ལོན་བྱ་དགོས་པར་མ་ཟད་འགོ་གཙོ་ལ་ཡར་ཞུ་བྱེད་དགོས། འགོ་གཙོ་ནས་དུས་ལྟར་སློབ་མ་ཡོངས་ཀྱི་གནས་ཚུལ་སློབ་སྟོན་ཁང་ལ་ཡར་ཞུ་བྱེད་དགོས།

学园非常重视此次工作,每日上午9点到10点在教职工工作群中回报自己的健康动态和学生及家长的健康动态。各班级也实行一日一报制度,班主任利用微信电话通过家长牵动幼儿,对班级家长和幼儿信息动态进行统计,并且及时向组长反馈,在由组长把全园情况反映到教育局。

ང་ཚོས་བྱིས་པ་ཆུང་ཆུང་ཚོའི་ལག་ཟུང་ནས་དམ་དུ་འཇུས་ཏེ་ཡང་དག་པའི་སྒོ་ནས་ཁོ་ཚོ་ལ་ཏོག་དབྱིབས་ནད་དུག་གསར་བ་སྔོན་འགོག་བྱེད་པའི་རྒྱུན་ཤེས་མཛུབ་སྟོན་བྱེད་རྒྱུ།

“小手拉大手”小朋友们教你正确防范新型冠状病毒的日常知识。

༡ བདེ་ཐང་ཞིབ་དཔྱད་ཚད་ལེན། བདེ་ཐང་གི་གནས་ཚུལ་དང་སེམས་ཁམས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། ལུས་པོའི་དྲོད་ཚད་འཇལ་བ་སོགས་ཀྱི་གཞི་རྩའི་ཁྱད་ཆོས་ལ་ལྟ་དགོས། གཙོ་བོ་ཏོག་དབྱིབས་ནད་དུག་བྱུང་བའི་དོག་གཞི་ཅན་གྱི་ནད་རྟགས་ལ་འདི་དག་འདུས་ཡོད(དེའི་ནང་དུ་ཚ་རྒྱག་པ་དང་། གློ་ལུ་བ། མིད་པ་ན་བ། བྲང་ཁ་མི་བདེ་བ། དབུགས་རྔུབ་ལེན་དཀའ་བ། ལུས་ཤུགས་ཞན་པ། སྐྱུགས་པ། སྐྱུགས་མེར་ལངས་པ། མགོ་ན་བ་དང་སྙིང་མི་བདེ་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། རྐང་ལག་ན་བའམ་སྐེད་པ་དང་རྒྱབ་ཁག་གི་ཤ་གནད་ན་བ་སོགས་འདུས།)ལ། རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་ལམ་སང་སྨན་པར་སྟོན་དགོས།

1. 健康检测:做好健康状况、精神状态观测,测量体温等基本生命体征,重点关注新型冠状病毒感染可疑症状(包括发热、咳嗽、咽痛、胸闷、呼吸困难、轻度纳差、乏力、精神稍差、恶心呕吐、腹泻、头痛、心慌、结膜炎、轻度四肢或腰背部肌肉酸痛等),出现异常情况马上就诊。

༢ དུས་རྒྱུན་དུ་ལག་པ་བཀྲུ་བ། སྒོ་ཕྱིར་འགྲོ་རྒྱུ་ཇེ་ཉུང་དུ་གཏོང་བ་དང་ཁ་བཏུམ་རྒྱག་པ། དུས་རྒྱུན་སྒོ་ཕྱིར་འགྲོ་ཐེངས་རེར་ཁ་བཏུམ་རྒྱག་དགོས།(གལ་ཏེ་རྒྱུན་ལྡན་འཚོ་བའི་ཁྲོད་དགོས་གལ་ཆེ་བའི་དོན་མེད་ཚེ་ཕྱི་ལ་མི་འགྲོ་བ།)ཁ་བཏུམ་དུས་ལྟར་བརྗེ་བ། ཁ་བཏུམ་ཕྱི་ནང་ལ་མི་རེག་པ། ཁྱིམ་དུ་ལོག་རྗེས་སྔོན་ལ་ལག་པ་བཀྲུ་བ་དང་དེ་རྗེས་དུག་སེལ་བྱེད་དགོས།

2. 勤洗手、少出门、戴口罩,每次出门都要戴口罩(如无日常需求不出门),每次换口罩,不触摸口罩正面,回家先洗手后消毒。

༣ ཁོར་ཡུག་གཙང་སྦྲ། ཁྱིམ་ནས་རྒྱུན་དུ་སྒེའུ་ཁུང་ཕྱེ་བ་དང་མཁའ་དབུགས་རྒྱུ་རུ་འཇུག་པ། ཅོག་ཙེ་དང་ཞབས་པང་དུ་དུག་སེལ་གཤེར་ཁུ་84དང་ཆུ་ཡིས་ཕྱིས་ནས་གཙང་སྦྲ་ལེགས་པོ་བྱེད་དགོས།

3. 环境卫生:家里常打开窗,让空气流通,桌子或底板用84消毒液和水擦拭,做好干净卫生。

༤ བཟའ་བཅའི་བདེ་འཇགས། རི་སྐྱེས་ཟས་རིགས་མི་ཟ་བ་དང་། བདེ་ཐང་མིན་པའི་ཟས་རིགས་མི་ཟ་རྒྱུ། སྔོ་ཚོད་མང་དུ་ཟ་བ་དང་གང་ཐུབ་ཀྱིས་ཟས་རིགས་ཚད་ལྡན་དུ་སྤྱོད་པ། འགུལ་སྐྱོད་མང་དུ་བྱས་ནས་ནད་འགོག་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས།

4. 食品安全:不吃野味、不吃不健康的食物,多吃蔬菜,尽量保持饮食规律,多运动,提高自生免疫力。

ངེད་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་དོན་མེད་དུ་ཕྱི་རོལ་ལ་མི་འགྲོ་བ་དང་།དཀྲོག་གཏམ་ལ་ཡིད་མི་ཆེས་བ། དཀྲོག་གཏམ་མི་བསྒྲོགས་པ། ཁ་བཏུམ་བརྒྱག་པ།ལག་པ་གཙང་མར་བཀྲུ་བ། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་ཏེ། ནད་དུག་སྔོན་འགོག་བྱེད་པ། བབ་བརླིང་གིས་ཁ་གཏད་འཇལ་བ་དང་། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ།སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བར་དམ་བཅས་པ་ཡིན།

我园全体师生承诺,少出门、不信谣、不造谣,戴口罩,勤洗手,服从组织安排,不给病毒有可乘之机。沉着应对, 科学防治, 同心协力 ,战胜疫情。

མཇུག་མཐར་འདི་རུ་འབད་འཐབ་བྱེད་མཁན་སྨན་བཅོས་མི་སྣ་དང་།ལས་དོན་མི་སྣ།ས་ཁུལ་གཞན་དག་གི་ལས་དོན་མི་སྣ་བཅས་ལ་གུས་འདུད་ཞུ།ཁྱེད་ཚོ་ཡོད་ན།ང་ཚོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཤུགས་རྒྱོབ། ཝུ་ཧན་ཤུགས་རྒྱོབ།

最后,在此为奋战在一线的医护人员及工作人员和其他地区的工作人员致敬,我相信有你们在,我们一定会战胜疫情!中国加油!武汉加油!