གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་བསོད་ནམས་གཡང་འཛོམས་ཀྱིས།

རིམས་ནད་བཀའ་ཡིན། ། སྔོན་འགོག་འགན་ཡིན།། ་ དེང་སང་ང་ཚོའི་ཐོས་འཛིན་རྣ་བར་རྒྱུ་ཡོང་བ་ནི་འཇིགས་སྐྲག་ཆེ་བའི་རིམས་ནད་གསར་བ་ཞིག་ཡིན་པས་ང་ཚོས་གཟབ་གཟབ་དང་འགོག་སྲུང་བྱ་དགོས།ཇི་ལྟར་བྱ་དགོས་ཞེ་ན་ཐོག་མར་རང་ཉིད་ནས་འབད་པར་བྱ་དགོས་ཏེ།

“རིམས་འགོག་ཚབས་ཆེན་དུས་ལ། ། སྒྲིག་ལམ་ཡག་པོར་བརྩི་དགོས། །

ཀུན་ལ་མཐུན་པར་བྱ་དགོས། ཕན་སེམས་ཡིད་ལ་འཛིན་དགོས།།”ཞེས་པ་ལྟར་དམངས་སེམས་གཅིག་སྒྲིལ་བྱས་ཏེ། རིམས་ནད་འགོག་སྲུང་དང་མི་སྒེར་གྱི་གཙང་སྦྲ་ལའང་དོ་སྣང་དང་ཡིད་གཟབ་བྱ་དགོས། དེ་ནི་ཆེས་ལེགས་པའི་སྔོན་འགོག་བྱེད་ཐབས་ཤིག་ཡིན།

རིམས་ནད་སྔོན་འགོག་བྱ་བའི་ཆེད།།དོན་མེད་མི་ལ་འབྲེལ་མ་བྱ།།

རབ་ན་ཁང་བའི་ནང་དུ་སྡོད།།སྒོ་སྒེའུ་ཕྱེ་སྟེ་རླུང་དབུགས་བརྗེས།།

ཕྱི་རུ་འགྲོ་དུས་ཁ་ཐུམ་རྒྱོབས།། མི་ཚོགས་འདུ་སར་ཉུང་འགྲོ་བྱོས།།

ཡིན་མིན་དཀྲོག་གཏམ་མི་སྒྲོག་པར།།རིམས་ནད་དོགས་ཟོན་ནན་མོ་བྱོས།།

ཕན་ཚུན་འཚམས་འདྲི་ཞུ་བའི་སྐབས།།མགོ་ལྕོག་ལག་གཡུག་བྱེད་པ་ལས།།

གང་བྱུང་དངོས་པོར་མི་རེག་པར།། ལག་འཇུ་བྱེད་པའི་བྱ་སྤྱོད་སྤོངས།།

རྒྱུན་དུ་ཚ་བ་རྒྱག་མིན་ལ།།བལྟས་ཏེ་ཤ་རློན་མི་ཟ་ཞིང་།།

ཁོར་ཡུག་གཙང་སྦྲར་དོ་སྣང་སོགས།།རིམས་འགོག་ནད་ཀྱི་གཉེན་པོ་ཡིན།།

དོགས་གཞིའི་ནད་རྟགས་མངོན་པའི་ཚེ། ། མ་གསང་མྱུར་མོར་སྨན་པར་སྟོན།།

ཁྱིམ་མི་དག་དང་མཉམ་འབྲེལ་གྱིས།། ཚན་རིག་ཐབས་ཀྱིས་འགོག་སྲུང་བྱ།།

————— གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པ།