གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཏཱ་རེ་སྐྱིད་ཀྱིས།

སྤྱིར་དགུན་གནང་འདིའི་དུས་ཚོད་བེད་སྤྱད་ནས་གཉེན་ཉེ་རྣམས་དང་མཉམ་དུ་ལོ་སར་གྱི་སྤྲོ་དགའ་ལ་རོལ་བསམ་མོད།འོན་ཀྱང་ད་ལོའི་དགུན་གནང་འདིས་ང་ལ་ཧ་ཅང་སུན་སྣང་ཆེན་པོ་ཞིག་བཟོས་སོང་།རྒྱུ་མཚན་ནི་དགུན་གནང་འདི་ལ་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་ནད་ཡམས་ཤིག་ཝུའུ་ཧན་ནས་རིམ་བཞིན་ས་གང་སར་ཁྱབ་སྟེ་མི་མང་བོ་ལ་འགོས་བྱུང་།

ངས་ཨ་ཕ་ལ་ཅི་ཞིག་ལ་ཏོག་དབྱིབས་ནད་དུག་གསར་བ་རེད་ཟེར།ཨ་ཕས" ཝུའུ་ཧན་གྲོང་ཁྱེར་ནས་རྒྱུ་རྐྱེན་གང་ཡང་མེད་མི་ཤེས་པར་གློ་ཚད་ནད་ཡམས་བྱུང་བའི་དབུགས་ལམ་བརྒྱུད་མཚམས་ཀྱི་ཏོག་དབྱིབས་ནད་དུག་ཅེས་པར་ཏོག་དབྱིབས་ནད་དུག་གསར་བ་རེད"ཟེར། ད་རུང་གོ་ཐོས་ལྟར་ན་ནད་ཡམས་འདིའི་འབྱུང་རྐྱེན་གཙོ་བོ་ནི་མིའི་རིགས་ཀྱིས་སྲོག་ཆགས་སྣ་ཚོགས་ཀྱི་ཤ་ཟས་པའི་རྐྱེན་ཀྱིས་ནད་ཡམས་འདི་ང་ཚོ་འགྲོ་བ་མིའི་མགོ་ལ་བབས་པ་རེད་ཟེར།དེར་བརྟེན་བདག་གི་སེམས་ལ་རྗེས་ཕྱོགས་སྲོག་ཆགས་གང་རུང་གི་ཤ་ཟ་མི་ཉན་པ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པའི་གནས་ལུགས་ཀྱང་རྟོགས་སོང་།

དེའི་ཕྱིར།ངས་རང་རང་གི་སྒྲུབ་རྒྱུའི་སློབ་སྦྱོང་གི་འགན་ཁུར་སྒྲུབ་ཚར་རྗེས།བརྙན་འཕྲིན་ལས་ཀན་ལྷོའི་གསར་འགྱུར་ལ་བལྟས་ནས་དེའི་ནང་དུ་ང་ཚོས་ལག་པ་ཇི་ལྟར་བཀྲུ་དགོས་པ་དང་།ཞོགས་པའི་མཁའ་དབུགས་གཙང་མ་དེ་ཁང་བའི་ནངདུ་རྒྱུ་རུ་འཇུག་དགོས་པ་སོགས་ལ་སློབ་སྦྱོང་བྱས་པ་མ་ཟད་བྱ་བ་ཅི་ཞིག་བསྒྲུབ་ཀྱང་ལག་པ་བཀྲུས་ནས་རང་གཞན་ཀུན་ལ་རིམས་ནད་མི་འབྱུང་བར་འགོག་སྲུང་ལ་འབད་པ་བྱས་པ་ཡིན།

དེ་མིན་ནད་ཡམས་འདི་འགོག་པའི་ཆེད་དུ་ས་ཆ་སོ་སོའི་ལྷ་རྗེ་དང་འགོ་ཁྲིད་ལས་བྱེད་མང་པོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ནད་པ་དག་ལ་སྨན་བཅོས་དང་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་གནས་ཚུལ་ལས་ང་རང་ནར་སོན་ན་མེས་རྒྱལ་དང་མི་རིགས་ལ་ཕན་ཐོགས་པའི་མི་སྣ་ཞིག་ཏུ་འབད་པ་བྱ་རྒྱུའི་འདུན་པ་ཡོད།