致全县中小学、幼儿园师生及家长的一封信

杂多教育

རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་བཅས་ཀྱི་དགེ་སློབ་དང་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་བཅས་ཀྱི་དགེ་རྒན་རྣམ་པ།

གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུ།

རྫ་སྟོད་རྫོང་སློབ་གསོ་ཅུའུ་ཡིས་རྫོང་ཡོངས་ཀྱི་དགེ་སློབ་དང་ཁྱིམ་བདག་རྣམས་ལ་ལོ་གསར་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

ད་ལྟ་ཏོག་དབྱིབས་ནད་དུག་ས་ཆ་མང་པོར་ཁྱབ་ཅིང་གནས་ཚུལ་རྙོག་འཛིང་ཆེ་བར་གྱུར་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙིགས་ཆེན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐེངས་མང་པོར་ཚོགས་འདུ་འཚོགས་ནས་ནད་ཡམས་སྔོན་འགོག་གི་བྱ་བ་ལ་བཀོད་སྒྲིག་ནན་མོ་བརྒྱབ་ཡོད། ཞིང་ཆེན་དང་ཁུལ། རྫོང་གི་བཀོད་འདོམས་ལྟར་དུ་སློབ་གསོ་སྡེ་ཁག་གིས་དགེ་སློབ་དང་ཁྱིམ་བདག་རྣམས་ཀྱི་སྔོན་འགོག་ནུས་པ་མཐོ་རུ་གཏོང་ཆེད་གསལ་བརྡ་འདི་དག་བཏང་བ་ཡིན།

༡ གཞུང་ཕྱོགས་ཀྱི་ཆ་འཕྲིན་ལས་ནད་ཡམས་ཀྱི་འབྲེལ་ཡོད་ཤེས་བྱ་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། ཚན་རིག་དང་མཐུན་པར་སྔོན་འགོག་བྱེད་པ། འཆལ་གཏམ་མི་བཤད་པ། འཆད་གཏམ་མི་སྤེལ་བ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ། དངངས་སྐྲག་མི་སྐྱེས་པ། སྣང་མེད་དུ་མི་འཇོག་པ།

༢ དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་ཞིང་ཆེན་དང་ཁུལ། རྫོང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ནད་ཡམས་ཐད་ཀྱི་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ། སློབ་མར་རང་ཉིད་ཀྱི་ནད་ཡམས་སྔོན་འགོག་བྱེད་པར་སློབ་གསོ་དང་མཛུབ་སྟོན་བྱ་དགོས། རང་ཁྱིམ་དུ་ལོ་གསར་ལ་རོལ་བར་རེ་བ་འདོན་པ་དང་། གནས་ཚུལ་ཁྱད་པར་ཅན་མེད་ན་ཕྱིར་མི་འགྲོ་བ། སྒོ་རུ་འགྲོ་དུས་ཁ་ཐུམ་རྒྱག་པ། ལག་པ་བཀྲུ་བ། རླུང་དབུགས་བརྗེ་པ། ཁ་ལུད་གང་སར་མི་འཕེན་པ། གད་སྙིགས་གང་སར་མི་གཡུག་པ། མི་ཚོགས་ཡོད་སར་མི་འགྲོ་བ།

༣ སྤྲོ་ཚོགས་དང་འདུ་འཛོམས་ལ་མི་ཞུགས་པ། བྱིས་པ་སློབ་ཕྱིའི་གསབ་སྦྱོང་འཛིན་གྲྭར་མི་སྐྱེལ་བ།

༤ ཁྱིམ་དུ་ཤ་དང་སྒོ་ང་སོགས་ཟ་མ་བཟོ་དུས་ཚོས་ཐག་ཆོད་དུ་འཇུག་པ།

༥ རི་སྐྱེས་སྲོག་ཆགས་དང་འབྲེལ་འདྲིས་མི་བྱེད་པ། གསོ་གཉོར་མི་བྱེད་པ། ཤ་མི་ཟ་བ།

༦ གློ་ལུད་དང་སྣ་སྤྲིད་བྱེད་དུས་གཙང་ཤོག་གམ་ལག་པས་ཁ་སྣ་འགེབ་པ།

༧ གལ་ཏེ་ཚ་རྒྱག་པ། གློ་ལུད་བྱེད་པ། དབུགས་འཚང་བ། དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་རྟགས་བྱུང་ཚེ་ཁ་ཐུམ་བརྒྱབ་ནས་མྱུར་དུ་ཐག་ཉེ་སའི་སྨན་ཁང་དུ་འགྲོ་དགོས།

༨ ལུས་ཕུང་སྦྱོང་བརྡར། བཟའ་བཏུང་གི་འཚོ་བཅུད་ལ་ཤུགས་སྟོན་རྒྱག་པ། རང་ལུས་ཀྱི་ནད་ཡམས་སྔོན་འགོག་གི་ནུས་ཤུགས་མཐོ་རུ་གཏོང་བ། རྒྱུན་ལྡན་གྱི་འཚོ་བའི་སྤྱོད་ལམ་བསྟེན་པ། ངལ་རྩོལ་དང་ངལ་གསོ་ཟུང་དུ་འབྲེལ་བ།

༩ ཟས་རིགས་ཀྱི་བདེ་འཇགས་དང་གཙང་སྦྲ་ལ་མཉམ་འཇོག་བྱེད་པ། ཆུ་ཁོལ་མང་ཏུ་འཐུང་བ། ཟས་བཅུད་ཆ་སྙོམས་བྱེད་པ། སྔོ་ཚོད་དང་སིལ་ཏོག་སོགས་གཙང་མར་བཀྲུ་བ།

༡༠ ཏོག་དབྱིབས་ནད་གློ་ཚའི་ནད་ཡམས་ལ་འཇིགས་སྐྲག་མི་སྐྱེས་ཤིང་། ཚན་རིག་དང་མཐུན་པར་སྔོན་འགོག་བྱེད་པ། རང་འགུལ་གྱིས་འཆལ་གཏམ་མི་བཤད་པ། འཆད་གཏམ་མི་སྤེལ་བ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ།

༡༡ རྒྱུས་ལོན་གཏིང་ཟབ་བྱེད་པ། ནད་ཡམས་ཀྱི་སྔོན་འགོག་བྱ་བ་ལེགས་པར་བསྒྲུབ་པ།

ང་ཚོས་ཏང་དང་སྲིད་གཞུང་གི་དབུ་ཁྲིད་བརྟན་པོ་དང་། ཞིབ་ཚགས་ཀྱི་བཀོད་འདོམས། ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཡིད་ཆེས་བྱས་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་བཅས་ཀྱི་དགེ་སློབ་དང་ཁྱིམ་བདག་རྣམས་རྡོག་རྩ་གཅིག་བསྒྲིལ་་བྱས་ནས་ནད་ཡམས་སྔོན་འགོག་དང་ཚད་འཛིན་གྱི་བྱ་བ་ནན་གྱིས་བསྒྲུབས་པ།ན་ཆུང་ཤེས་ལྡན་པས་མང་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ་རྒན་གཞོན་བར་མའི་སྐྱེས་བོ་ཐམས་ཅད་ཀྱིས་ཤེས་པར་བྱས་ན།ད་ཐེངས་ཀྱི་ནད་ཡམས་ལས་རྒྱལ་ཁ་ལོན་ཁོ་ཐག་ཡིན།

མཇུག་མཐར། དགེ་སློབ་དང་ཁྱིམ་བདག་རྣམས་པར་བཀྲ་ཤིས་བདེ་ལེགས་ཞུ།

རྫ་སྟོང་རྫོང་སློབ་གསོ་ཅུའུ་ཨུ་ཡོན་ལྷན་ཁང་།

རྫ་སྟོང་རྫོང་སློབ་གསོ་ཅུའུ།

༢༠༢༠ལོའི་ཟླ་དང་པོའི་ཚེས༣༡ཉིན།

致全县中小学、幼儿园师生及家长的一封信

全县中小学、幼儿园师生及家长:

新春佳节,欢乐喜庆!杂多县教育局特向广大师生和家长致以节日的问候和美好的祝福!

随着新型冠状病毒性感染的肺炎疫情蔓延,形势十分严峻。党中央、国务院高度重视,习近平总书记多次作出批示,省委省政府多次召开部署会议。根据省州县工作安排部署,教育系统有序开展疫情防控工作,为进一步加强自我防护措施,保障广大师生和家长的健康,特提示如下:

一、请从官方媒体学习、了解相关知识,科学防控,不信谣、不传谣,不恐慌,不轻视。

二、教师和家长要关心、关注省州县卫健委发布的疫情信息,教育、引导学生做好个人防护,建议师生及家长在家居住过年;无特殊情况不外出,出门戴口罩,勤洗手,常通风,不随地吐痰,不乱扔乱倒;尽量避免到公众场所以及密闭的人员集中的场所。

三、不参加同学、家庭、亲朋好友团拜聚会,不送孩子参加各种校外培训和补课,不去人多且封闭的场所。

四、家庭做饭一定要烧熟煮透,尤其是肉类和蛋类。

五、不食用、不接触、不养殖任何野生动物和活禽。

六、咳嗽和打喷嚏时使用纸巾或屈肘遮掩口鼻。

七、如若出现可疑症状(包括发热、咳嗽、胸闷、呼吸困难等),请戴好口罩第一时间就地前往附近正规医院就诊。

八、加强锻炼,加强营养,增强体质,提高自身抗病能力,保持正常的生活规律,注意劳逸结合。

九、注意食物安全和卫生,多饮水,均衡饮食,生食蔬菜水果前应仔细清洗,不要吃生或没煮熟的奶类、蛋类和肉类等,也不要吃有可能被动物分泌物、排泄物污染的食物。

十、对于本次新型冠状病毒感染肺炎的疫情,请大家不要恐慌,以平静的心态来面对,自觉做到不造谣、不信谣、不传谣,用科学的措施来防控,避免过度紧张。

十一、要提高认识,科学预防,做好疫情防控工作。我们坚信,有党和政府的坚强领导、周密安排、科学应对,有全县中小学、幼儿园师生及家长在内的所有群众万众一心、众志成城,以“小手拉大手”宣传疫情预防知识,认真做好各项防控防护工作,就一定能够赢得这场疫情防控战。

最后祝广大师生和家长身体健康,阖家幸福,扎西德勒!

中共杂多县教育局委员会

杂多县教育局

2020年1月31日

师生

家长

疫情

防控

杂多县

中小学

幼儿园

全县

教育局

冠状病毒