珍爱生命始于心 防控疫情践于行致同仁县全体政协委员及政协工作者的倡议书

弓山

全县政协委员及政协工作者:

当前,新型冠状病毒感染的肺炎疫情防控工作正处于关键时期,更加需要全县政协委员及政协工作者坚持为国履职、为民尽责的情怀,同舟共济、凝聚共识、担当作为,带头落实响应各项部署要求,有力有序落实各项防控举措。为打赢这场疫情防控阻击战,广大政协委员及政协工作者要积极行动起来,贡献智慧和力量!我们倡议:

一要提高站位、响应号召。自出现新型冠状病毒感染的肺炎疫情以来,党中央、国务院高度重视,习近平总书记作出了“要把人民群众生命安全和身体健康放在第一位,坚决遏制疫情蔓延势头”的重要指示,对疫情防控工作作出一系列重要部署。县委、县政府坚决贯彻落党中央、国务院的决策部署和省州委工作要求,广泛动员全县各族人民群众,全力做好疫情防控工作。希望全体政协委员和政协工作者要站在讲政治、顾大局的高度,深刻认识做好新型冠状病毒感染的肺炎疫情防控的重要性和紧迫性,按照省州县党委、政府和县疫情防控处置工作指挥部要求,把疫情防控作为当前最重要的工作来抓,结合各自工作岗位和专业优势,主动发挥作用、积极服务社会、模范履职尽责。

二要加强宣传、助力防控。广大政协委员和政协工作者要树立强烈的政治责任感和使命感,扛起政治责任、岗位责任、工作责任,主动关注最新疫情动态,以身作则切实做到不造谣、不信谣、不传谣,不在网上发布、传播未经证实的信息。坚定信心、相信科学,积极宣传解读党委、政府的政策措施,主动做好思想引领、凝聚共识、解疑释惑工作,推广普及防控知识,引导各族各界人士响应党委、政府号召,听从统一指挥,维护社会稳定,模范行动展现新时代委员风采。

三要强化意识,带头防控。广大政协委员和政协工作者要树立“人人为我、我为人人”的疫情防控理念,增强个人防护意识,做到减少外出,不到人员密集场所、不参与社会集体活动;做到不拜年、不走亲访友等活动;做到带头遵守体温检测、佩戴口罩等日常措施;做到定时开窗通风,保持室内空气流通,家居用品每天清洁并定期消毒,自觉养成良好的生活习惯;做到自己或家人如果出现了咳嗽、发热等症状,应当注意适当隔离,必要时应及时就医。

打赢疫情防控战是当前最重要最紧迫的政治任务,是全体政协委员及政协工作者的政治责任,让我们迅速行动起来,积极履行委员职责,主动做好正面引导和解疑释惑工作,万众一心、众志成城,展现同仁政协新形象,为守护好我们的家园贡献政协力量!祝各位委员、政协工作者新春快乐、身体健康、万事如意!

政协同仁县委员会

2020年1月29日

སེམས་སྟེང་ནས་ཚེ་སྲོག་ལ་གཅེས་སྤྲས་དང་། ལག་ལེན་དངོས་ཀྱིས་རིམས་ནད་སྔོན་འགོག་བྱ་དགོས། ཐུན་རིན་རྫོང་གི་སྲིད་གྲོས་ཨུ་ཡོན་ཡོངས་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་ལ་སྤྲིངས་པའི་གྲོས་འདོན་ཡི་གེརྫོང་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་རྣམ་པ། མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་ལག་བསྟར་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ལྷག་བསམ་སྔར་བས་བརྟན་པོར་བྱས་ནས། ཕན་ཚུན་གཞོགས་འདེགས་དང་ངོས་འཛིན་གཅིག་མཐུན། འགན་འཁྲི་ཕྲག་ཏུ་ལེན་པ་བཅས་བྱས་ནས། བཀོད་སྒྲིག་དང་བླང་བྱ་སྣ་ཚོགས་ཀྱི་འབོད་སྐུལ་དང་དུ་ལེན་པ་དང་། ནུས་ཤུགས་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ལག་བསྟར་བྱས་ཏེ། རིམས་འགོག་གཡུལ་འགྱེད་འདི་ལ་རྒྱལ་ཁ་ལེན་ཆེད། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་རིམས་འགོག་ཁྲོད་ཧུར་ཐག་གིས་ཞུགས་ནས། བློ་གྲོས་དང་སྟོབས་ཤུགས་འབུལ་བར། ང་ཚོས་འདིར་གྲོས་མགོ་བཏོན་པ་ནི། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་འབོད་སྐུལ་དང་དུ་ལེན་པ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་ཕུང་གི་བདེ་ཐང་ཨང་དང་པོར་བཞག་ནས་རིམས་ནད་མཆེད་པ་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་བཀོད་སྒྲིག་རབ་དང་རིམ་པ་བྱས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཐག་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་སྐུལ་སློང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཧུར་ཐག་གིས་བསྒྲུབ་བཞིན་ཡོད་ལ། རེ་བ་ནི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གིས་ཆབ་སྲིད་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བལྟས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་བྱ་བའི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་ཡང་དག་བྱས་ནས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ནི་མིག་སྔར་གྱི་བྱ་བ་གལ་ཆེན་དུ་བརྩིས་ནས་འཛིན་པ་དང་། རང་ཉིད་ཀྱི་ལས་གནས་དང་ཆེད་ལས་ཀྱི་དགེ་མཚན་དང་ཟུང་འབྲེལ་སྒོས། རང་རྟོགས་ཀྱིས་ནུས་པ་འདོན་སྤེལ་དང་ཧུར་ཐག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ནས་འགན་ནུས་ལག་བསྟར་བྱེད་པའི་དཔེ་སྟོན་པ་ཞིག་བྱེད་དགོས། གཉིས་ནས་དྲིལ་སྒྲོག་ལ་ཤུགས་སྣོན་དང་སྔོན་འགོག་ཚོད་འཛིན་ལ་གཞོགས་འདེགས་བྱེད་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གིས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་དང་ལས་གནས་ཀྱི་འགན་འཁྲི། བྱ་བའི་འགན་འཁྲི་བཅས་ཕྲག་ཏུ་འཁུར་ནས། རིམས་ནད་ཀྱི་གནས་ཚུལ་ལ་རང་རྟོགས་སྒོས་དོ་སྣང་བྱེད་ཅིང་། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྒྲོག་ཅིང་། དོན་དངོས་མིན་པའི་གནས་ཚུལ་སོགས་དྲ་ཐོག་ཏུ་མི་སྤེལ་བ་དང་རྒྱུད་སྒྲོག་མི་བྱེད་པ། ཡིད་ཆེས་བརྟན་པ་དང་ཚན་རིག་ལ་ཡིད་རྟོན་བྱས་ནས། ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་དྲིལ་སྒྲོག་དང་འགྲེལ་བཤད་གནང་ནས། བསམ་བློའི་སྣེ་ཁྲིད་དང་ངོས་འཛིན་གཅིག་མཐུན་ཡོང་བ། སེམས་ཀྱི་དོགས་གཞི་སེལ་བ་བཅས་ཀྱི་བྱ་བ་རང་འགུལ་གྱིས་བསྒྲུབ་པ་དང་། རིམས་ནད་སྔོན་འགོག་ཤེས་བྱ་ཁྱབ་གདལ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་ལེན་པ་དང་། གཅིག་གྱུར་གྱི་བཀོད་འདོམས་བརྩི་སྲུང་བྱེད་པར་སྣེ་ཁྲིད་ནས། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་དང་། གཞན་ལ་མིག་དཔེ་སྟོན་པའི་དུས་རབས་གསར་བའི་ཨུ་ཡོན་གྱི་ཉམས་འགྱུར་མངོན་དགོས། གསུམ་ནས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྔོན་འགོག་ཚོད་འཛིན་བྱ་བར་སྣེ་ཁྲིད་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གིས། མི་ཚང་མས་རང་ཉིད་དང་ཕན་ཚུན་གྱི་ཆེད་དུ་འབད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཆགས་པར་བྱས་ནས། རང་ཉིད་ཀྱི་སྔོན་འགོག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཕྱི་རུ་འགྲོ་བ་ཉུང་དུ་གཏོང་བ། མི་ཚོགས་འདུ་སར་མི་འགྲོ་བ་དང་སྤྱི་ཚོགས་ཀྱི་ཐུན་མོང་བྱ་འགུལ་ལ་མི་ཞུགས་པ། ལོ་སར་ལ་རྟེན་འབྲེལ་ཞུ་རུ་མི་འགྲོ་བ་དང་ཉེ་མི་དང་གྲོགས་པོ་མཉམ་དུ་འདུ་བ་སོགས་ཀྱི་བྱ་འགུལ་ལ་མི་ཞུགས་པ། ཁང་བའི་ནང་རླུང་རྒྱུ་བ་དང་ཉིན་རེ་བཞིན་ཁྱིམ་ཆས་དུག་སེལ་བྱས་ཏེ་འཚོ་བའི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་པ། རང་ཉིད་དང་ཁྱིམ་མིར་ལུ་བ་དང་ཚ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ཚེ་འོས་འཚམས་ཀྱིས་ལོགས་སུ་བཀར་བ་དང་། དགོས་གལ་བྱུང་ཚེ་དུས་ལྟར་སྨན་བཅོས་བྱེད་པ། རིམས་འགོག་གཡུལ་འགྱེད་ལ་རྒྱལ་ཁ་ལེན་རྒྱུ་ནི་མིག་སྔར་གྱི་ཆེས་གལ་ཆེ་ཞིང་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཆབ་སྲིད་ཀྱི་ལས་འགན་ཡིན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གི་ཆབ་སྲིད་ཀྱི་འགན་འཁྲི་ཡང་ཡིན་པས། ང་ཚོ་མྱུར་དུ་འགུལ་སྐྱོད་བྱས་ནས། ཨུ་ཡོན་གྱི་འགན་ནུས་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། དྲང་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་དོགས་གཞི་སེལ་བའི་བྱ་བ་ལེགས་པོར་བསྒྲུབས་ནས། དམངས་སེམས་གཅིག་མཐུན་སྒོས་ཐུན་རིན་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་གསར་བ་མངོན་པ་དང་། ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པར་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས། མཇུག་མཐར། ཨུ་ཡོན་རྣམ་པ་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་དག་གི་ལུས་ཕུང་བདེ་ཐང་དང་ཇི་བསམ་ཡིད་བཞིན་དུ་འགྲུབ་པའི་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུ། །

སྲིད་གྲོས་ཐུན་རིན་རྫོང་ཨུ་ཡོན་ལྷན་ཁང་།

2020ལོའི་ཟླ1པོའི་ཚེས29ཉིན།

防控

政协

疫情

政协委员

工作者

做到

工作

冠状病毒

党委政府

肺炎