碌曲县藏族中学关于加强新型冠状病毒感染肺炎疫情防控致全体师生及 家长的一封信

碌曲藏中

ཉེ་ཆར།ཏོག་དབྱིབས་ནད་དུག་གསར་བ་ཕྱོགས་དང་ཕྱོགས་སུ་མཆེད་བཞིན་པའི་སྐབས་འདིར།རྒྱལ་ཁབ་དང་ཞིང་ཆེན།ཁུལ་དང་རྫོང་རིམ་པ་སོགས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ཚང་མས་ནད་ཡམས་སྔོན་འགོག་གི་ཐབས་ལམ་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པས།རང་རེའི་སློབ་གྲྭས་ཀྱང་དེ་ལ་གཞོགས་འདེགས་དང་དོ་སྣང་ཆེན་པོས་ཁྱེད་ཅག་ལ་འཕྲིན་འདི་སྤྲིངས་པ་ལགས།
གཅིགརྒྱ་ཆེ་བའི་དགེ་སློབ་དང་ཁྱིམ་བདག་ཚང་མས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་འཕྲིན་ལམ་དང་གསར་ལམ་ཁག་གི་སྣེ་སྟོན་ལ་དོ་ཁུར་བྱས་ནས།ཡང་དག་པའི་རིམས་འགོག་ཤེས་བྱ་དང་བདེ་སྲུང་ཤེས་བྱར་སློབ་སྦྱོང་གིས་ལུས་སེམས་བདེ་སྲུང་གི་ནུས་པ་མཐོར་འདེགས་གནང་རོགས།
གཉིས།ལོ་སར་གྱི་སྐབས་འདིར་ཕྱི་རོལ་དུ་འགྲོ་འོང་མི་བྱེད་ཅིང་འདུ་འཛོམས་གང་རུང་ལ་མི་ཞུགས་པ།གཉེན་ཚན་ལ་འཚམས་འདྲིར་མི་འགྲོ་ཞིང་མི་ཚོགས་མང་སར་མི་འགྲོ་བ།དགོས་དབང་གིས་འགྲོ་དགོས་བྱུང་ཚེ་ངེས་པར་དུ་ཚད་ལྡན་གྱི་བདེ་སྲུང་ཁ་ཐུམ་གྱོན་དགོས།
གསུམ།རྒྱུན་པར་སྡོད་ཁང་དུ་མཁའ་དབུགས་གསར་བ་རྒྱུ་བར་བྱ་དགོས།དེ་མིན་ཟ་འཐུང་གི་སྔ་རྗེས་དང་།གཙང་སྤྱོད་ལ་ཞུགས་པ།སྲོག་ཆགས་དང་སྒོ་ཕྱུགས་ལ་རེག་རྗེས་འདག་རྫས་ཀྱིས་ལག་པ་གཙང་མར་བཀྲུ་དགོས།ལག་པ་བཀྲུ་བའི་དུས་ཡུན་སྐར་ཆ་ཉི་ཤུ་ཡན་ལོན་དགོས།གཞན་ཡང་།ཁ་ལུད་སྣ་ལུད་གང་སར་མི་འཕེན་ཞིང་བཀོལ་ཟིན་པའི་གཙང་ཤོག་དང་ཁ་ཐུམ་སྙིགས་སྣོད་དུ་འཕེན་དགོས།
བཞི།རི་སྐྱེས་སྲོག་ཆགས་དང་རིང་དུ་གྱེས་དགོས་ཤིང་།ཤ་དང་ཤ་མོག་སོགས་ཚོས་ཡག་བྱས་ནས་བཟའ་དགོས།གཉིད་འདང་བར་བྱ་ཞིང་།ལུས་ཀྱི་དྲོད་གྲང་སྙོམས་པའི་སྒོ་ནས་ལུས་ཕུང་སྦྱོང་བརྡར་སོགས་ཀྱི་ལམ་ནས་རིམས་འགོག་གི་ནུས་པ་བསྐྱེད་དགོས།
ལྔ།རིམ་པ་ཁག་གི་རིམས་འགོག་བྱ་བའི་བཀོད་སྒྲིག་ལ་བརྩི་སྲུང་གིས་རིམས་འགོག་བདེ་སྲུང་གི་འདུ་ཤེས་མཐོ་རུ་འདེགས་དགོས།
དྲུག གལ་ཏེ།རང་གི་ལུས་སྟེང་དུ་ཚ་བ་རྒྱས་པ་དང་།སྐམ་ལུད་བྱེད་པ།དབུགས་མི་བདེ་བ།ཐང་ཆད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ།ངེས་པར་དུ་ཁ་ཐུམ་གྱོན་ནས་མྱུར་བར་རྫོང་སྨན་ཁང་གི་ཚ་བཅོས་སྒོ་བསྟེན་དུ་དུས་ཐོག་སྨན་བཅོས་བྱ་དགོས་ཤིང་།སློབ་གྲྭར་ཡར་ཞུ་བྱས་ནས་དེ་བསྟུན་འགྲོ་ལུགས་བསྒྲུབ་དགོས།
བདུན།རྣམ་པ་ཚང་མས་སྐད་འཕྲིན་དང་ཁྱེའུ་འཕྲིན་སོགས་འཕྲིན་ལམ་གང་རུང་དུ་བསྒྲགས་པའི་སྒྲོ་བཏགས་ཀྱི་གཏམ་འཆལ་ལ་མི་ཉན་ཞིང་།རང་གིས་ཀྱང་གནས་ཚུལ་རྫུན་བཟོ་སོགས་ཁྲིམས་འགལ་གྱི་གཏམ་སྤྱོད་མི་སྤེལ་བར།ཡང་དག་པའི་ལྟ་སྤྱོད་ལ་བརྟེན་ནས་ནད་ཡམས་ཀྱི་མདུན་དུ་དཔའ་གདེངས་བསྐྱེད་དེ་གདོང་གཏོད་དགོས་པ་ལས་ལྷོད་གཡེང་མི་གཏོང་མི་ཉན།
བརྒྱད།ཁྱིམ་བདག་ཚོས་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་བདག་དམ་གང་ལེགས་བྱས་ནས་འཚོ་བའི་སྤྱོད་ལམ་བཟང་པོར་བསླབ་རྒྱུ་དང་།དགུན་གནང་གི་སྦྱོང་བྱ་དང་སློབ་སྦྱོང་ལ་སྐུལ་ལྕག་གནང་བ་ལས་སྣང་མེད་དུ་འཇོག་མི་རུང་།
དགུ།དགེ་རྒན་དང་སློབ་མ།ཁྱིམ་བདག་བཅས་ཀྱི་ཁྲོད་ལྗོངས་ཞིང་གཞན་པ་དང་།ཁྱད་པར་དུ་ཧུའུ་པེ་ཝུ་ཧན་ནས་ལོག་པ་ཡོད་ཚེ།རང་གི་བདེ་ཐང་གི་གནས་ཚུལ་ལ་གཟབ་རྒྱུ་མ་ཟད།བདུན་ཕྲག་གཉིས་ཀྱི་རིང་ལ་རང་ཁྱིམ་ནས་གསོ་རིག་བརྟག་དཔྱད་བྱ་རྒྱུ་དང་།རང་ལྕོགས་བརྒྱབས་ནས་སློབ་གྲྭ་དང་།།ཡུལ་ཚོ།རང་སྡོད་གྲོང་ཁུལ་སོགས་ལ་ཡར་ཞུ་བྱ་དགོས།
བཅུ།ང་ཚོ་ཚང་མས་གནད་འགག་གི་སྐབས་འདིར་རང་གཞན་གཉིས་ཀའི་བདེ་ཐང་གི་ཆེད་དུ།རང་ཉིད་ནས་བརྩམས་ཏེ།ད་ལྟ་ནས་བརྩམས་ཏེ།དོན་དངོས་ནས་བརྩམས་ཏེ་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་གི་ཤེས་བྱ་བརྒྱུད་བསྒྲགས་དང་ལག་བསྟར་རྒྱུན་འཁྱོངས་ལ་འབད་དགོས།
མཇུག་མཐར།ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་ཡང་དག་པའི་དབུ་ཁྲིད་མཛུབ་སྟོན་དང་།ཏང་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་འོག་རིམས་ནད་འགོག་རྒོལ་གྱི་བྱ་བར་རྒྱལ་ཁ་ཐོབ་པ་བྱ་དགོས།
ལོ་གསར་བའི་ནང་དགེ་སློབ་ཁྱིམ་བདག་དང་བཅས་པར་ཚེ་རིང་ནད་མེད་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ། ཁ་དྲོ་བཀྲ་ཤིས།

ཞེས་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས།
2020.01.29 ལ་ཕུལ།

碌曲县藏族中学关于加强新型冠状病毒感染肺炎疫情防控致全 体师生及家长的一封信
尊敬的各位老师、家长、亲爱的同学们:
大家新年好!
近期,我国多地发生新型冠状病毒感染的肺炎疫情。针对新型冠状病毒感染的肺炎疫情呈上升趋势,我省已启动重大突发公共卫生事件一级响应,采取了一系列强有力的果断措施,赢得了人民群众和社会各界的充分理解和广泛支持。现正值春节期间,人员流动频繁,疾病传播风险增加,为严防新型冠状病毒感染肺炎疫情传播,确保全校师生身心健康,度过一个欢乐、祥和、安宁的假期,现特向全体师生和广大家长朋友,温馨提示如下:
一、请广大师生和家长朋友们多了解关注新华网、人民网等和省、州、县政府官方发布的信息,学习正确的防护知识,正确认识新型冠状病毒感染的肺炎疫情,了解疫情防控工作情况,学习健康防病知识,提高自我防护能力。
二、近期不外出,不参加聚会,不走亲访友,避免去人群密集场所。必须外出的,佩戴好防护口罩。
三、注意个人卫生及防护。勤洗手,多开窗,保持室内空气流通。饭前便后,接触和处理动物排泄物后,要用肥皂、洗手液洗手,每次洗手至少20秒。不随地吐痰,打喷嚏或咳嗽时用纸巾或袖肘遮住口鼻,防止飞沫传播,使用后的纸巾、口罩应包裹密闭后丢弃在有害垃圾箱内。
四、保持安全的饮食习惯,避免接触野生动物。不要购买和食用野味;少去海鲜、活禽市场或农场,尽量避免接触野生或养殖动物。制作各种肉类和蛋类要确保煮熟,处理生食和熟食的切菜板和刀具要分开。
五、要保证睡眠充足,营养合理,生活有规律,注意保暖,适度体育锻炼,提高免疫力。
六、服从疫情防控工作安排,动员家庭成员、亲朋好友增强防护意识,服从大局安排。
七、如出现呼吸道感染、发热咳嗽、肌肉乏力等症状,一定要佩戴口罩,及时到县医院发热门诊就诊,并及时向学校报告,做好信息登记工作。
八、全体师生、家长要做到疫情面前保持乐观冷静,不在微信、QQ等媒体传播不实信息。正确对待新型冠状病毒感染肺炎,要做到不懈怠、不恐慌,不造谣,不信谣、不传谣。
九、寒假期间,请家长和学生保持科学良好的作息规律,同学们要做好自主管理,完成假期前老师布置的各项作业,坚持自学、总结、补缺补差,避免沉溺于手机和电脑网络游戏,实现学业进步。
十、由外地特别是湖北武汉等疫区返回的教师、学生和家长,应密切关注自己的健康状况,自觉居家医学观察两周(14天),并主动向学校及所在乡镇、社区报告情况。观察期间要佩戴口罩,不与外人接触,室内勤通风、勤换气,家居用品每天清洁并定期消毒。
十一、要随时关注自己及家人的健康状况。新型冠状病毒感染肺炎初期主要以发热、乏力、干咳为主要表现。若出现相关症状时,请第一时间佩戴口罩到县医院、藏医院发热门诊就医,主动告知疫区流动史或病例接触史,绝不可贻误病情。
十二、在自觉养成并长期坚持良好的健康卫生习惯的同时,争做卫生健康文明的传播者,积极宣传新型冠状病毒感染的肺炎传染病的防控知识,为早日战胜新型冠状病毒感染肺炎作出我们的贡献。
让我们从现在做起,自我做起,携起手来,共同防控,全力保护师生和广大家长们的身体健康。
在党中央、国务院的坚强领导下,在各级党委、政府的科学部署下,我们一定会取得新型冠状病毒肺炎疫情防控工作的胜利!

祝大家新春快乐、身体健康、阖家幸福!

碌曲县藏族中学
2020年1月29日

冠状病毒

肺炎

疫情

新型

感染

家长

防控

全体师生

口罩

碌曲县