ཐང་དཀར་མ་གྲོང་རྡལ་ཡུན་དར་མི་རིགས་བཅའ་སྡོད་སློབ་ཆུང་གིས་རྒྱ་ཆེ་བའི་ཁྱིམ་བདག་དང་མང་ཚོགས།དགེ་སློབ་ཡོངས་ལ་གནམ་ལོ་གསར་བའི་ལེགས་སྐྱེས་ཐོག་མ་དང་རང་ལུས་བདེ་ཐང་ལ་བཏོན་པའི་ངག་འཕྲིན།

རྒྱ་ཆེ་བའི་ཁྱིམ་བདག་དང་མང་ཚོགས།དགེ་སློབ་ཡོངས་ལ།

དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་དུས་འདིར་ཡོད་ཚད་བཀྲ་ཤིས་ཤིང་བདེ་ལེགས་ཡོང་བ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་ཆབས་ཅིག་དམིགས་གསལ་གྱིས་ནན་བཤད་བྱེད་རྒྱུ་ཞིག་ནི་ཁ་སང་དེ་རིང་རང་རྒྱལ་གྱི་ས་ཁུལ་ཁ་ཤས་ཤིག་ལ་ཏོག་དབྱིབས་ནད་དུག་ད་རུང་རེ་གཉིས་བྱུང་དང་འབྱུང་བཞིན་ཡོད།དེ་བས་ཁྱེད་རྣམ་པས་དང་དོད་ནན་མོ་དང་རྒྱ་ཡན་དུ་མི་གཏོང་བར་སྔོན་འགོག་གི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས།།

མཐར་གནམ་ལོ་གསར་བར་ཡོད་ཚད་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན་ཞིང་བྱ་བ་ལམ་འགྲོ་ཡོང་བར་སྨོན།

ཡུན་དར་སློབ་གྲྭས་ཟླ་ཚེས་བཟང་བོ་ལ།