ཞིབ་འཇུག་ལ་བརྟེན་ནས་སློབ་གསོར་སྐུལ་འདེད་གཏོང་དགོས།-བྱིས་པའི་སྲོལ་རྒྱུན་དམངས་གླུའི་རིག་རྩལ་འགྲན་སྡུར།

.泽库县东格尔幼儿园.

དམངས་གླུ་ནི་མི་རྣམས་ཀྱི་སེམས་གཏིང་གི་སྐད་ཆ་ཡིན་ལ། གླུ་དབྱངས་ནི་དུས་རབས་ཀྱི་འབོད་སྒྲ་ཡིན། བྱིས་དུས་ཀྱི་གླུ་ནི་མི་ཚེའི་ཁྲོད་ཕྱིར་དྲན་མི་བྱེད་ཐབས་མེད་ཀྱི་རྨི་ལམ་ཞིག་ཡིན། བྱིས་པས་བོད་ཀྱི་སྲོལ་རྒྱུན་དམངས་གླུ་ལ་རྒྱུས་ལོན་བྱེད་པ་དང་འབྲེལ་འདྲིས་བྱེད་པ་རྒྱ་ཁྱབ་ཏུ་གཏོང་བ་དང་ཧུར་ཐག་གིས་སྒྱུ་སྩལ་བྱ་འགུལ་ལ་ཞུགས་ཆེད། ངེད་དུང་དཀར་བྱིས་སྐྱོང་ཁང་གིས་སྤྱི་ལོ2019ལོའིཟླ12ཚེས11ཉིན “བོད་ཀྱི་སྲོལ་རྒྱུན་དམངས་གླུར་མྱོང་རོལ་བྱེད་པའི་ལོ་ཆུང་བྱིས་པའི་དམངས་གླུའི་འགྲན་སྡུར་གྱི་བྱེད་སྒོ”ཞེས་པ་འདི་སྤེལ་བ་ཡིན།

དམངས་གླུ་ལོངས་སུ་སྤྱོད་པ་དང་དམངས་གླུ་ཤེས་རྟོགས་བྱས་པ་བརྒྱུད། བྱིས་པར་ཆུང་དུས་ནས་མི་རིགས་རིག་གནས་ཀྱི་བག་ཆགས་བཟང་པོ་ཐེབས་སུ་བཅུག་སྟེ། བྱིས་པའི་སྐྱོན་བྲལ་ཡར་ཐོན་གྱི་མཛེས་དཔྱོད་ལྟ་བ་དང་མཛེས་སྡུག་ལ་རོལ་མྱོང་བྱེད་པའི་སྤྲོ་སྣང་སྐྱེད་སྲིང་བྱས་ཡོད།

དགེ་རྒན་དང་ཁྱིམ་བདག་ཚོས་གྲོགས་པོ་ཆུང་ཆུང་ཚོར་གནང་བའི་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་ནི་སྐུལ་མ་ཞིག་ཡིན་ལ་ཁོ་ཚོ་གཞན་གྱིས་དེ་བས་ཁས་ལེན་བྱེད་པ་ཞིག་ཀྱང་ཡིན་པས། གྲོགས་པོ་ཆུང་ཆུང་ཚོས་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་བཟུང་ནས་གད་མོ་ཤོར་བ་ནི་གཞུང་དྲང་བཅོས་མིན་ཞིག་རེད།

སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། བྱིས་སྐྱོང་ཁང་གི་རོལ་དབྱངས་སློབ་གསོའི་ཁྲོད་དུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སློབ་གསོ་ཕན་ནུས་ལྡན་པའི་སྒོ་ནས་སིམ་འཛུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། བྱིས་པར་གླུ་དབྱངས་རོལ་མྱོང་དང་། རོལ་དབྱངས་ཀྱི་བྱེད་སྒོར་ཞུགས་པ་བཅས་བྱས་པ་བརྒྱུད་རང་ཉིད་འགྲེམ་སྟོན་གང་ལེགས་བྱས་ཏེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་རེད།