དྲིན་དྲན་དུས་ཆེན།

善男子

ངེད་བྱིས་སྐྱོང་གླིང་གིས་བྱིས་པ་ཚོ་གཙོར་བྱས་ནས་༼ དྲིན་དྲན་གྱི་དུས་ཆེན༽ བསུས། ང་ཚོ་བོད་མི་རིགས་ལ་མཚོན་ན་ཆུང་བྱིས་པ་ནས་ཕ་མ་དྲིན་ཆེན་ཡིན་པ་དང་དྲིན་ལན་ལོག་བྱེད་མི་རུང་བ་སོགས་དང་ཆེ་བཀུར་ཆུང་བྱམས་ཀྱི་བསམ་པའི་འདུ་ཤེས་ཡོད་ལ། དྲིན་དྲན་ཤེས་པ་དང་། དྲིན་གྱི་ལན་འཇལ་བའི་གོམས་གཤིས་ཡག་པོ་དང་ལུགས་སྲོལ་བཟང་པོ་གནའ་ནས་ད་བར་མི་ཚང་མའི་བློ་སེམས་གཏིང་དུ་རྡོ་རྐོས་རི་མི་ཇི་བཞིན་གྲུབ་ཡོད།

ཁྱེད་རྣམས་ནི་ང་ལ་མཚོན་ན་འཇིག་རྟེན་མི་ཡུལ་ནས་ཆེས་བསོད་ནམས་ཆེ་བ་ཞིག་རེད་ཨང་།

ཨ་ཕ་ལགས། ཨ་མ་ལགས། དགེ་རྒན་ལགས། ཁྱེད་ཚོ་འོ་བརྒྱལ་ཆེའོ།

ཁྱེད་ཚོ་ནི་ང་ཡི་རྒྱབ་རི་སྨུག་པོ། སེམས་ཀྱི་ཉི་ཟླ། ལམ་སྟོན་གྱི་སྒྲོན་མེ་ཡིན་ལ།

ངས་བྱ་བ་ཆུང་ཆུང་གི་ཁྱེད་རྣམས་ཀྱི་དྲིན་ལན་རང་ཅི་ཅོག་གིས་འཇལ།

ཁྱིམ་གྱི་ཁྱིམ་ལས། སློབ་གྲྭའི་སློབ་གསོ། ཡོད་ཚད་བརྗོད་དུ་མེད་ལ་ཟད་དུ་མེད་པའི་ངལ་བ་ཤིག་ཡིན་པ་ངས་ཤེས་བཞིན་ཡོད།

ལོ་ཟླས་ཁྱེད་ཀྱི་མཛེས་ཞལ་དལ་གྱི་བསུབ། ངལ་བས་ཁྱེད་ཀྱི་སྟོབས་ཤུགས་ལྐོག་གིས་འཕྲོག འོད་ཀྱང་། ཁྱེད་ཀྱི་བྱམས་བརྩེ་དེ་སུ་དང་གང་གིས་ཀྱང་འཇོམས་དུ་མི་སྲིད།

ཡོད་ཚད་ཁྱེད་ཀྱི་ལྷད་མེད་ཀྱི་འཛུམ་མདངས་དྲོད་མོའི་ཆེད། ངས་ཡོད་ཚད་བློས་གཏོང་ཆོག་ཆོག་ཡིན།

ཨ་ཕ་ལགས་ཁྱེད་དངོས་གནས་རྒས་སོང་ཟིག

ཁྱེད་ཀྱི་ང་ལ་བཅོལ་བའི་བྱམས་སྐྱོང་དང་སེམས་ཁུར་ལོ་ཟླ་ཆེད་ཟབ་སར་བསྙལ་ཡོད། འབྱུང་འགྱུར་ངའི་མི་ཚེའི་ཟིན་ཐོ་དུ་སླར་ཡང་མངོན་ཡོང་།

ཨ་མ་ཁྱེད་ཀྱི་ཞལ་གྱི་འཛུམ་མདངས་དེ།

ངའི་སེམས་གཏིང་གི་མཛེས་ལྗོངས་ཆེས་ཡག་ཤོས་དེ་རེད་ཨང་།

ཁྱེད་ཚོ་ང་ཚོ་ཡི་ཚེ་རབས་གྲངས་མང་བསགས་པའི་བསོད་ནམས་ཤིག་རེད། ཁྱེད་ཀྱི་དྲིན་དེ་ངས་ཤེས་བཞིན་ཡོད་ལ་ཚོར་བཞིན་ཡང་ཡོད།

ཁྱེད་ཀྱི་དྲིན་གྱིས།

ང་ཡི་རྨི་ལམ་ལ་གཤོག་ཟུང་སྐྱེས། མི་ཚེ་ལ་བདེ་སྐྱིད་ལྡན། འཛུམ་མདངས་ལ་ཚོན་མདོག་བཀྲག

ལོ་ཟླ་ཁྱེད་རང་དལ་བར་བཞུད་དང་།

ངའི་ཨ་མའི་མཛེས་སྡུག་གི་ལང་ཚོ་མ་བསུབ་ཅིག

ཁྱེད་ཀྱི་བརྩེ་བ་ཉི་འོད་དྲོད་པོའི་ང་ཡི་སེམས་པའི་མེ་ཏོག་རྩ་བ་ནས་ཡལ་ག་རྒྱས་སོང་།