ཁྱིམ་བདག་ལ་བྱིས་སྐྱོང་ཁང་གི་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྔར་ལས་ཤེས་རྟོགས་ཐུབ་པ་དང་ཁྱིམ་བདག་ལ་སློབ་གསོའི་འདུ་ཤེས་གསར་བ་ཟམ་མི་ཆད་པར་ཐོབ་རྒྱུར་རོགས་རམ་བྱས་ཏེ་བྱིས་སྐྱོང་ཁང་དང་། དགེ་རྒན། ཁྱིམ་བདག་བཅས་གྱི་འབྲེལ་བ་དང་འབྲེལ་གཏུག་ཇེ་ཟབ་ཏུ་བཏང་ནས་ཁྱིམ་ཚང་དང་བྱིས་སྐྱོང་ཁང་གཉིས་ཀྱི་མཉམ་གསོའི་དམིགས་ཡུལ་སྔར་བས་ལེགས་པའི་སྒོ་ནས་བསྒྲུབ་ཆེད། 2019ལོའི་ཟླ11པའི་ཚེས27ཉིན་གྱི་སྔ་དྲོར། དུང་དཀར་བྱིས་སྐྱོང་ཁང་འཛིན་གྲྭ་འབྲིང་བས་སློབ་སྐབས་འདིའི་ཁྱིམ་བདག་གི་སྒོ་དབྱེའི་ཉིན་མོའི་བྱ་འགུལ་སྤེལ་ཏེ་ཁྱིམ་བདག་ཚོ་འཛིན་གྲྭར་གདན་དྲངས་ནས་བར་ཐག་མེད་པར་བྱིས་པ་ཚོའི་བྱིས་སྐྱོང་ཁང་གི་འཚོ་བར་རོལ་མྱོང་ཟབ་མོ་བྱེད་དུ་བཅུག་པ་རེད།

སློབ་སྦྱོང་བྱ་འགུལ་ཁྲོད་དགེ་རྒན་ཚོས་བྱིས་པའི་སྤྲོ་སྣང་དང་ཁྱད་ཆོས་ལ་དོ་སྣང་བྱས་ཏེ་འཚོལ་ཞིབ་དང་། བཀོལ་སྤྱོད། མཉམ་ལས་སོགས་སློབ་སྦྱོང་གི་རྣམ་པ་བྱ་འགུལ་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་པ་དང་། རོལ་རྩེད་ཀྱི་ཞོར་ལ་བྱིས་པ་ཚོར་སློབ་གསོ་ཐེབས་པ་དེས་བྱིས་པ་ཚོའི་གཙོ་ཞུགས་རང་བཞིན་གང་ལེགས་སྒོས་མངོན་ཡོད། དེ་དང་ཆབས་ཅིག་བྱིས་པར་བརྩི་འཇོག་དང་། བྱིས་པར་ཡིད་ཆེས། བྱིས་པར་སྐད་ཆ་གང་ལེགས་ཤོད་པ་བཅས་བྱས་ནས་མངོན་ཡོང་བའི་གོ་སྐབས་ཀྱི་སློབ་གསོའི་འདུ་ཤེས་དེ་ཁྱིམ་བདག་ལ་བརྒྱུད་སྤྲོད་བྱས་པ་རེད།

【晨检环节】

【早餐环节】

【上课环节】

ཐེངས་འདིའི་ཁྱིམ་བདག་གི་སྒོ་དབྱེའི་ཉིན་མོའི་བྱ་འགུལ་ནང་ད་དུང་ཕ་མ་དང་བྱིས་པའི་རོལ་རྩེད་བྱ་འགུལ་སྤེལ་བ་དང་། བྱ་འགུལ་ཁྲོད་ཁྱིམ་བདག་དང་བྱིས་པ་ཚོ་མཉམ་དུ་ལུས་རྩལ་རོལ་རྩེད་ནང་ཞུགས་ལ། དེའི་ཁྲོད་བྱིས་པ་ཚོ་དང་ཁྱིམ་བདག་ཚོ་སྤྲོ་དགའ་མྱོས་པར་གྱུར།

【室内活动】

【饮水环节】

【午餐环节】

ཁྱིམ་བདག་གིས་ཉིན་ཕྱེད་སྒོ་དབྱེའི་བྱ་འགུལ་སྤེལ་བ་བརྒྱུད། ཁྱིམ་བདག་གིས་བྱིས་སྐྱོང་ཁང་གི་ཉིན་རེའི་འཚོ་བའི་གནས་ཚུལ་སྔར་བས་མང་བ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ཅིང་། ཞིབ་ཕྲ་རེ་རེའི་གོ་རིམ་ཁྲོད་ཁྱིམ་བདག་ཚོས་བྱིས་པ་ཚོའི་སློབ་སྦྱོང་ཁྲོད་ཀྱི་སྤྲོ་སྣང་མྱོང་ཚོར་ཟབ་མོ་བྱུང་བ་དང་ཆབས་ཅིག དུང་དཀར་བྱིས་སྐྱོང་ཁང་གི་ལས་དོན་ལ་ངོས་འཛིན་སྔར་བས་གསར་བ་བྱུང་ཞིང་། ཁྱིམ་ཚང་དང་བྱིས་སྐྱོང་ཁང་བར་གྱི་འབྲེལ་བ་ནུས་ལྡན་ངང་ཟབ་ཏུ་ཕྱིན་པ། བྱིས་སྐྱོང་ཁང་དང་ཁྱིམ་བདག་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གྱུར་བ། བྱིས་པའི་སློབ་གསོའི་འདུ་ཤེས་གཅིག་གྱུར་བྱུང་བ། ཁྱིམ་ཚང་དང་བྱིས་སྐྱོང་ཁང་གཉིས་ཀྱིས་ཐུན་མོང་ཐོག་བསམ་ཚུལ་སྤེལ་རེས་བྱས་ཆོག་པའི་སྟེགས་བུ་བསྐྲུན་པ་རེད།