སློབ་ཆུང་སློབ་མ—༼གཏམ་རྒྱུད་བཤད་པའི་འགྲན་་བསྡུར༽

洛小藏文组工作动态

གཏམ་རྒྱུད་ནི་མིའི་རིགས་ཀྱིས་ངལ་རྩོལ་གྱི་གོ་རིམ་ཁྲོད་རང་གི་ཉེ་འཁོར་གྱི་ངོ་མཚར་བའི་བྱུང་བ་ཅི་རིགས་ལ་འཆར་ཡན་དང་བློ་བཟོ་བྱས་ཤིང་།ཡར་སྐུལ་དང་སློབ་གསོའི་རང་བཞིན་ལྡན་པའི་ངག་ཐོག་རྩོམ་རིག་གི་གྲས་ཤིག་ཡིན།ང་ཚོའི་བོད་མི་རིགས་ལ་རང་གི་མདོ་དབུས་མཐོ་སྒང་གི་ས་ཆའི་གནས་བབ་དང་འཚོ་བའི་གོམས་སྲོལ།རིག་གནས་མཁའ་དབུགས་དང་བསྟུན་པའི་དམངས་ཁྲོད་གཏམ་རྒྱུད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ངེད་བོད་ཡིག་ཚོ་ཆུང་གིས་དམངས་ཁྲོད་གཏམ་རྒྱུད་ཀྱི་རིག་གནས་མ་ཉམས་གོང་འཕེལ་དང་སློབ་མའི་ངག་ཐོག་སྨྲ་བརྗོད་ཀྱི་ནུས་པ་གོང་འཕེལ་གཏོང་ཆེད་བྱ་བའི་འཆར་གཞི་ལྟར་ཟླ་འདིའི་ཚེས་༡༤ཉིན་གཏམ་རྒྱུད་བཤད་པའི་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ།

བྱ་འགུལ་མ་སྤེལ་སྔོན་གྱི་གཟའ་འཁོར་གཅིག་གི་རིང་འཛིན་གྲྭ་སོ་སོའི་བོད་ཡིག་དགེ་རྒན་གྱིས་བྱ་འགུལ་གྱི་རེ་འདུན་ལྟར་འགྲན་ཞུགས་མི་སྣ་བདམས་རྗེས།གཏམ་རྒྱུད་བཤད་སྐབས་སྐད་ཆའི་གདངས་དང་ལུས་ཀྱི་ཉམས་འགྱུར།གདོང་གི་རྣམ་འགྱུར་སོགས་ཅི་ལྟ་བུའི་སྒོ་ནས་བཤད་དགོས་པའི་ཐད་མཛུབ་སྟོན་བྱེད་པ།

དཔྱད་འདེམས་པ་དགེ་རྒན་རྣམས་ཀྱིས་སློབ་མའི་ངག་གི་རྩལ་དང་ཕྱི་ལུས་ཀྱི་ཉམས་འགྱུར།གཏམ་རྒྱུད་གོ་རིམ་བཅས་ལ་བལྟས་ནས་དཔྱད་འདེམས་བྱས་ཏེ།ལོ་རིམ་སོ་སོར་ཨང་དང་པོ་གཅིག་དང་།ཨང་གཉིས་པ་གཅིག་བཅས་ཁྱོན་བསྡོམས་སློབ་མ་བཅུ་གཉིས་བདམས་ཐོན་བྱུང་བ།

སློབ་གཙོ་ཐང་མེན་དང་སློབ་གཙོ་གཞོན་པ་འཇམ་བསྟན་འཛིན་ལགས་གཉིས་ཀྱིས་བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་མར་བྱ་དགའ་གནང་བ།

སློབ་གཙོ་གཞོན་པ་ཆོས་རྒྱས་ཉི་མ་ལགས་ཀྱིས་བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མར་བྱ་དགའ་གནང་བ།

ཐེངས་འདིའི་བྱ་འགུལ་གྱིས་སློབ་མ་རྣམས་ལ་གཏམ་རྒྱུད་བཤད་པའི་གལ་ཆེའི་རང་བཞིན་དང་དེ་ཡང་མིའི་འཚོ་བའི་ཆ་ཤས་དང་བསམ་པའི་རྒྱགས་ཕྱེ་ཞིག་ཡིན་པ་ངོས་ཟིན་ཏུ་བཅུག་གོ།