༢༠༡༩ལོའི་རྫ་སྟོད་གྲོང་རྡལ་ལྟེ་གནས་བྱིས་སྐྱོང་གླིང་གི་རང་སློབ་གླིང་ནས་དགེ་རྒན་ཡོངས་ཀྱིས་༼PPTསློབ་ཚན་སྒྲུག་བཟོ་༽སློབ་ཁྲིད་འགྲན་སྡུར་བྱ་འགུལ།

2019年扎朵镇中心幼儿园全园教师“PPT课件制作”大赛活动。

དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དེ་སློབ་ཁྲིད་བྱེད་སྐབས་བེད་སྤྱོད་བྱེད་པར་སྐུལ་འདེད་དང་།དགེ་རྒན་གྱིས་ཧུར་བརྩོན་དང་རང་འགུལ་གྱིས་ཆ་འཕྲིན་ལག་རྩལ་དང་རིག་གཞུང་ཚན་ཁག་སྡེབ་སྒྲིག་བྱས་པའི་སློབ་ཁྲིད་ཚོད་ལྟ་སྤེལ་བ།ཟླ་11ཚེས་18ཉིན་ངེད་སློབ་གླིང་ནས་དགེ་རྒན་རྣམས་པས་ཆ་འཕྲིན་སློབ་ཚན་བཟོ་བའི་འགྲན་བསྡུར་བྱས་པ་དང་འགྲན་ཞུགས་དགེ་རྒན་རྣམས་གྱིས་སློབ་ཁྲིད་ཀྱི་དོན་དངོས་གཞིར་བཟུང་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཇུས་འགོད་བྱས་ཏེ།powerpoint་་flashorwareམཉེན་ཆས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ།དགེ་རྒན་རྣམས་ཀྱི་ངག་དང་བརྩེ་དུང་མཉམ་རྒྱས་ཤིང་གསོན་ཉམས་ལྡན་པ།མཐུད་མཚམས་མཛེས་པ།སློབ་གསོ་རང་བཞིན་དང་ཚན་རིག་རང་བཞིན།ལག་རྩལ་རང་བཞི་དང་སྒྱུ་རྩལ་རང་བཞིན།ཉེར་སྤྱོད་རང་བཞིན།སྤེལ་རེས་རང་བཞིན།སྤྲོ་སྣང་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་།ངེད་སློབ་གླིང་ཆ་འཕྲིན་ཚན་ཁག་གི་དགེ་རྒན་རྣམ་པས་སློབ་ཁྲིད་དབྱེ་ཞིབ་དང་།སློབ་ཁྲིད་ཀྱི་འདུ་ཤེས་དམིགས་ཚད་བཟོ་བ་སོགས་ཀྱི་ཐད་རྒྱས་བཤད་བྱས་པ་མ་ཟད།ད་དུང་སློབ་ཚན་གྱི་ལྷུ་ལག་ལ་འགྲེམས་སྟོན་དང་གསལ་བཤད་ཀྱང་བྱས་པ་རེད།ད་ཐེངས་ཀྱི་འགྲན་བསྡུར་ནང་དགེ་རྒན་གྱི་སློབ་ཁྲིད་སྒྲིག་ཆས་བཟོ་བའི་ཆུ་ཚད་དང་ཆ་འཕྲིན་ལག་རྩལ་དང་སློབ་ཚན་བསྡུ་སྒྲིལ་གྱི་ནུས་པ་ཆེ་རུ་བཏང་བ་མ་ཟད།དགེ་རྒན་གྱི་ཁྱད་དུ་འཕགས་པའི་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་སྒྲིག་ཆས་བཟོ་བའི་ཆུ་ཚད་ཀྱང་མངོན་པ་བྱས་ནས་དགེ་རྒན་གྱི་ཆེད་ལས་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

为了推动现代信息技术在教学中的运用,鼓励教师积极主动开展信息技术与学科整合的教学实验,11月18日,在我园举行了教师多媒体课件制作比赛。我园参赛教师以教学实际为出发点精心设计,综合运用powerpoint、flash、Authorware 等软件,融入多种多媒体元素,做到声情并茂、生动形象,界面美观,具有教育性、科学性、技术性、艺术性、实用性、交互性、趣味性的等特点。老师们从教材分析、教学理念、目标制定等方面进行了阐述,并对课件进行了演示与说明。此次比赛,不但提高了教师的课件制作水平及信息技术与课程整合的能力,同时也展示了教师高超的多媒体课件制作水平,有效地促进教师专业水平的进一步提高。

གླིང་གཙོ་ཨ་མ་ཉི་མ་གཡང་མཚོ་ལགས་ཀྱིས་སློབ་ཁྲིད་བྱེད་པའི་དགེ་རྒན་རྣམས་ལ་འཛུབ་སྟོན་བྱེད་པ་དང་སྐར་གྲངས་དཔྱད་བསྡུར་བྱེད་པའི་རྣམ་པ།

园长妈妈给各位课件制作的老师们进行指导和评分 ❤

གླིང་གཙོ་གཞོན་པ་དགེན་ཆོས་འགྲུབ་བཟང་མོས་ལགས་ཀྱིས་སྤྲོ་སྣང་ལྡན་པའི་ངང་ནས་སློབ་བུ་རྣམས་ལ་སློབ་ཁྲིད་བྱེད་པའི་རྣམ་པ།

前勤副园长求周松毛老师在面带微笑进行讲课。

མཁོ་སྒྲུབ་ལས་བཟོའི་གླིང་གཙོ་གཞོན་པ་དགེན་དོན་འགྲུབ་ལགས་ཀྱིས་སྤྲོ་སྐྱིད་དང་འཛུམ་མདངས་ཁེངས་ནས་སློབ་ཁྲིད་གནང་བཞིན་པ།

后勤副园长旦周松保老师认真中带着微笑进行讲课。

ཀུན་གྱི་མཛེས་པའི་འཛུམ་མདངས་ལ་ཡར་བ་མེད་ཞིང་།

སྙིང་སྟོབས་དང་སྤོབས་པ་སྔར་ལས་ཆེ་ནས་སློབ་ཁྲིད་བྱེད་པའི་རྣམ་པ།

དུས་དེ་ནས་བཟུང་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ལས་དོན་ནང་རང་རེའི་སློབ་གླིང་དགེ་རྒན་གྱི་སློབ་ཁྲིད་ནུས་པ་མཐོ་རུ་གཏོང་རྒྱུ་དང་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པའི་འགྲན་བསྡུར་དེ་རྒྱུན་རྣམ་ཅན་གྱི་བྱེད་སྒོར་བསྒྱུར་ནས་དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་དང་ནུས་པ་འགྲན་རྩོད་ཁྲོད་རིམ་བཞིན་མཐོ་རུ་བཏང་སྟེ་སློབ་གླིང་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་བརྟན་པོའི་ངང་ཆེ་རུ་གཏོང་རྒྱུ་རེད།

在今后的教育教学改革工作中,我园将把类似有助于提高教师教学能力、促进教育教学改革创新的比赛开展为常态化的活动,力求教师的教育教学水平和能力在竞争中逐步提升,我园的教育教学工作稳步提高。

信息办

2019年11月21日