གངས་ཆུ།

གངས་ཆུ།

བསྡུས་འཕྲིན།

(འདོན་ཐེངས་གཉིས་པ)

དེ་ཡང་མི་སྒེར་དང་ཐུན་མོང་གང་ཞིག་ཡིན་ཡང་སོ་སོའི་ལས་འགན་ལེགས་གྲུབ་འབྱུང་བར་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་དོ་དམ་གྱིས་གཅུན་ཞིང་སྡོམ་པ་ནི་སྤྱི་ཚོགས་ཀྱི་རྩ་བའི་ཆོས་ཉིད་ཅིག་ཏུ་གྲུབ་པ་ལྟར། རང་རེའི་སློབ་གྲྭས་ཀྱང་ཉེ་བའི་ལོ་ཤས་སྔོན་ནས་བཟུང་སློབ་གྲྭའི་སློབ་ཁྲིད་སློབ་གསོ་དང་སློབ་རའི་བདེ་འཇགས་སོགས་སུ་དཀའ་ཚེགས་རྒྱང་དུ་དོར་ནས་ས་གནས་ཀྱི་མ་འོངས་པ་དང་བུ་སློབ་ཚོའི་མདུན་ལམ་གྱི་ཆེད་དུ་ནུས་པ་ཕུལ་དང་འབུལ་བཞིན་པ་ལ། ངེད་དམའ་གཅིག་སློབ་སྐོར་གྱིས་ཀྱང་རླབས་ཆེ་བའི་བྱ་གཞག་ལ་ཟུར་རྒྱན་ཁུལ་གྱིས་སློབ་རའི་བདེ་འཇགས་ཀྱི་ཆེད་སྤྱི་ལོ༢༠༡༩ལོའི་ཟླ་༡༠བའི་ཚེས་༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཅུའི་སྟེང་དུ་གསང་སྟབས་ཀྱིས་སློབ་སྐོར་གྱི་དགེ་རྒན་ཡོངས་ཚོ་ཆུང་གཉིས་སུ་བགོས་ནས་སློབ་མའི་ལུས་སེམས་ལ་གནོད་པའི་ཞོར་ཟས་དང་ཁ་པར། མཚོན་ཆ་སོགས་ལ་སྔོག་བཤེར་བྱས་པ་ཡིན།

ཚོ་ཆུང་དང་པོས་སྐྱེས་པའི་སྡོད་ཤག་ལ་སྔོག་བཤེར་བྱེད་བཞིན་པའི་ཡུལ་དངོས།

ཚོ་ཆུང་དང་པོས་སྐྱེས་པའི་སྡོད་ཤག་ལ་སྔོག་བཤེར་བྱེད་བཞིན་པའི་ཡུལ་དངོས།

ཚོ་ཆུང་གཉིས་པས་སློབ་ཁང་ལ་སྔོག་བཤེར་བྱེད་བཞིན་པ།

ཚོ་ཆུང་གཉིས་པས་སློབ་ཁང་ལ་སྔོག་བཤེར་བྱེད་བཞིན་པ།

སྔོག་བཤེར་ཁྲོད་སློབ་འབྲིང་སློབ་མའི་སྒྲིག་ལམ་དང་འགལ་བའི་དངོས་པོ་སོགས་ཆེར་མེད་ཀྱང་རྩེད་ཆས་དང་ཤོག་བྱང་སོགས་ཅི་འབྱོར་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་དགེ་རྒན་ཚོས་ཐོ་འགོད་དང་ཕྱོགས་སྡོམ་བྱས་ནས། དགེ་སློབ་ཡོངས་ལ་ཞོར་ཟས་དང་མཚོན་ཆ་སོགས་ཀྱིས་བཟོས་པའི་ནག་ཉེས་གསལ་སྟོན་གྱིས་རྗེས་ཕྱོགས་སུ་དེ་དག་དང་རྒྱང་དུ་གྱེས་དགོས་པའི་རེ་བ་ནན་གྱིས་བཏོན་ནས་བྱེད་སྒོའི་མཇུག་ཡོངས་སུ་བསྡུས།