སྙན་ཞུ་གནད་བསྡུས།

泽登桑🐷

སྐབས་བརྒྱད་པ འབའ་ག་ཤང་ལྟེ་བའི་སློབ་ཆུང་ནས། ༢༠༡༩\༩\༣༠

དེ་ཡང་དེ་རིང་ཏེ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན། ངེད་སློབ་གྲྭས་སྤྱི་ལོ་༢༠༡༩ལོའི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ།

སློབ་མ་ཚོའི་མི་རིགས་དང་མོས་སེམས་ཟབ་ཏུ་བཏང་ནས། སློབ་མ་ཚོའི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་ཆེད། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་སྤེལ།

རྒྱལ་གཅེས་ནི་བློ་བརྟན་འགྱུར་མེད་ཀྱི་མི་རིགས་སྙིང་སྟོབས་ཤིག་ཡིན་ལ།  འགན་འཁྲི་འཁུར་སེམས་ཤིག་ཀྱང་ཡིན། “འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པ་ལྟར་ང་ཚོས་བསམ་པའི་སྟོབས་ཤུགས་ཆེན་པོ་དེ་རིགས་ལ་བརྟེན་ནས་མེས་རྒྱལ་གྱི་མ་འོངས་པའི་བརྗིད་ཆེའི་ཕུགས་འདུན་མཚོན་པར་བྱས་ཏེ་ལྷག་བསམ་རྣམ་དག་ངང་ནས་ང་ཚོའི་རླབས་ཆེན་མེས་རྒྱལ་ལགས་ལ་ལ་ལེགས་སྐྱེས་སུ་འབུལ་འདོད།

ཐེངས་འདིའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོའི་ཁྲོད། སློབ་མས་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཤེས་རྟོགས་ཐུབ་པ་དང་།  སློབ་མའི་རྒྱལ་གཅེས་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་ཡོད་པར་ཤེས་ཐུབ།

མཇུག་ཏུ་ངེད་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ།།