མེས་རྒྱལ་གྱི་ལོ་བདུན་ཅུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་ཕྲུ་གུ་ཚོ་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་གསོ་སྐྱོང་བྱ་ཆེད། ངེད་གླིང་གིས“ང་དང་ངའི་མེས་རྒྱལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

为庆祝祖国七十华诞,进一步培养孩子们爱祖国情怀,我园开展“我和我的祖国”主题活动。

ལོ་ངོ་ལྔ་སྟོང་ཞིག་གི་ཆར་རླུང་གིས་བྱིས་པའི་སེམས་ཁོང་ན་ཡོད་པའི་ཁྱེད་ཀྱི་དད་གུས་འགུལ་མི་ཐུབ་ལ། ལོ་ངོ་ལྔ་སྟོང་རིང་གི་རླུང་སད་ཀྱིས་ཁྱེད་ལ་སྔར་ལས་སྟོབས་འབྱོར་ལྡན་པ་དང་། ལོ་ངོ་ལྔ་སྟོང་རིང་གི་འཇིག་རྟེན་གྱི་བྱ་བ་ལས་ང་ཚོས་ཁྱེད་ཀྱི་དོན་དུ་ང་རྒྱལ་དང་སྤོབས་པ་བསྐྱེད་མྱོང་ཡོད། ཨེ་མ། མེས་རྒྱལ་ལགས། ང་ཚོས་ཁྱེད་ལ་རྩི་ཞིང་ཁྱེད་ལ་དུང་།

五千年的风雨也动摇不了您在孩子们心中的地位,五千年的风霜让您更加富强,五千年的世事让我们为您骄傲。

ཟླ་༡༠ཚེས་༡ཉིན་ནི་ཀྲུང་གོའི་དབུ་བརྙེས་པའི་དུས་ཆེན་ཡིན་ལ། ཕྲུ་གུར་རང་ཉིད་ཀྲུང་གོ་བ་ཡིན་པ་དང་། ཀྲུང་གོའི་མི་དང་། བྱ་བ། དངོས་པོ་གལ་ཆེན་བཅས་ཤེས་རྟོགས་ཐུབ་པ་དང་། བྱིས་པས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་མོ་སྐྱེ་རུ་འཇུག་ཆེད། རང་རྒྱལ་ནི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་ཤེས་དགོས་པ་མ་ཟད། བྱིས་པ་ཚོར་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་པ་དང་ཕྲུ་གུ་ཚོས་མི་རིགས་ཁག་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་འཕེལ་བ་བྱེད་དགོས། བྱིས་པ་ཚོ་སྣ་མང་ཕུན་སུམ་ཚོགས་པའི་རོལ་རྩེད་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་སྤྲོ་སྣང་ཉམས་ལེན་བྱེད་དགོས། མེས་རྒྱལ་ཡོད་པས་ཁྱིམ་ཚང་ཡོད་པ་དང་མེས་རྒྱལ་ཡོད་པས་ང་ཚོར་དགའ་སྤྲོ་ལྡན་པ། ང་ཚོས་འཇོན་ཐང་ཤེས་པ་དང་། གཞོན་ནུ་སྟོབས་ལྡན་ན་རྒྱལ་ཁབ་སྟོབས་ལྡན། རྒྱལ་གཅེས་སློབ་གསོ་ཕྲུ་གུ་ནས་དམ་འཛིན་བཅས་བྱས་ཏེ་མེས་རྒྱལ་གྱི་ཕུགས་འདུན་སྒྲུབ་ཀྱི་ཡོད།

国庆节是祖国妈妈的生日,为了让幼儿了解十月一日是国庆节,为了让幼儿深刻感受知道自己是中国人,了解中国的名胜古迹和重要的人、事、物,萌发幼儿爱祖国的的情感。知道我国是个多民族的大家庭,并让幼儿了解各民族的传统文化,激发幼儿喜爱各民族的情感。激发幼儿参与丰富多彩的游戏活动,体验庆祝国庆的快乐。因为祖国,我们有了家,因为祖国,我们有了快乐,因为祖国,我们学到了本领,少年强则国强,爱国教育从幼儿抓起,为祖国的繁荣昌盛逐梦。

མ་ཡུམ་མེས་རྒྱལ་ལོ་འཁོར༧༠འཁོར་བའི་འཁྲུངས་སྐར་དགའ་སྤྲོའི་བསུ།༽ ཞེས་པའི་བརྗོད་དོན་གཙོ་བོའི་བྱས་པའི་གྱང་དེ་ང་དང་ངའི་མེས་རྒྱལ་ནི་གྲོགས་པོ་ཆུང་ཆུང་ཚོས་རང་ཉིད་ཀྱིས་ལག་པ་འགུལ་ནས་ཁོང་ཚོའི་སེམས་ནང་གི་རི་མོ་ཞིག་འབྲི་རྒྱུའི་ཆེད་དུ་ཡིན་པ་དང་། ཆབས་ཅིག་ཁོང་ཚོས་ལག་པ་འགུལ་ནས་བརྗོད་བྱ་གཙོ་བོའི་གྱང་དེ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་བར་བརྟེན་ནས་བྱིས་པར་རྒྱལ་གཅེས་ཀྱི་འདུ་ཤེས་ཡོད་དགོས་ཤིང་། ཆུང་དུས་ནས་བྱིས་པར་རྒྱལ་གཅེས་ཀྱི་བསམ་བློའི་ས་བོན་འདེབས་དགོས། བྱིས་པས་རང་ཉིད་ཀྲུང་གོ་བ་ཡིན་པ་དང་ཀྲུང་གོ་བའི་ཁྱད་ཆོས་ཤེས་པ་དང་། ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་པ། རང་ཉིད་ཀྲུང་གོ་བ་ཡིན་པས་གཟི་བརྗེད་ལྡན་པ།

《喜迎祖国母亲70周年华诞》 主题墙我和我的祖国是为了让小朋友自己动手画一下他们心中的天安门,同时,让他们动手布置主题墙。 通过活动激励幼儿要有爱国意识,从小给幼儿种下爱国思想的种子。使幼儿知道自己是中国人,知道中国人的特征,了解中国的文化,以自己是中国人为自豪。

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༠འཁོར་བར་རྟེན་འབྲེལ་ཞུ་ཆེད། བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྔར་ལས་ལྷག་པ་འཕེལ་བར་བྱེད་ནས་ཕྲུ་གུ་ཚང་མས་མེས་རྒྱལ་དར་རྒྱས་དང་སྟོབས་འབྱོར་ལྡན་པ་དངོས་འབྲེལ་ཚོར་ཐུབ་པ་བྱས་ཏེ་རང་གི་སེམས་སུ་མེས་རྒྱལ་ཡོད་པ་དང་། མེས་རྒྱལ་ནི་ནམ་ཡང་སེམས་ནང་དུ་གནས་ཐུབ་པ་བྱེད་དགོས།

为庆祝中华人民共和国成立70周年,进一步激发幼儿的爱国主义情怀,让每个幼儿切实感受到祖国的繁荣与富强,真正做到心中有祖国,祖国在我心中。

བྱེད་སྒོའི་ནང་བརྗོད་དོན་གཙོ་བོ་གྱང་བཟོ་བ་མ་ཟད། ད་དུང་བྱིས་པའི་ལག་ཤེས་དང་། རི་མོ། ཞབས་བྲོ། གླུ་དབྱངས་བཅས་ཡོད། དེ་ལས་ལྷག་པ་ནི་ཁོང་ཚོས་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་མེས་རྒྱལ་ཨ་མར་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་ཡོད།

主题活动除了主题墙的制作,同时还有幼儿的手工、绘画,还有舞蹈和歌曲,他们用自己的方式,表达对祖国母亲的热爱。

ད་ཐེངས་ཀྱི་བྱེད་སྒོས་བྱིས་པ་དང་མེས་རྒྱལ་བར་གྱི་བརྩེ་སེམས་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཕྲུ་གུ་ཚང་མས་རང་ཉིད་ཀྱི་འཚར་ལོངས་དེ་མེས་རྒྱལ་གྱི་འཕེལ་རྒྱས་དང་མཉམ་འདྲེས་བྱས་ནས་ཕུགས་འདུན་ཡོད་པ་དང་། ཕུགས་འདུན་དོན་གཉེར་བྱེད་པ། ཕུགས་འདུན་མངོན་འགྱུར་བྱེད་ཕོད་པ་བཅས་ཀྱི་ཕྲུ་གུ་བཟང་པོ་ཞིག་བྱེད་འདོད་ཡོད་ཅེས་གསུངས་པ་རེད། རང་རེའི་མེས་རྒྱལ་འདི་ཉིད་སྔར་ལས་ལྷག་པའི་དགོ་ནས་ནུས་ལྡན་གྱི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་གར་སྟེགས་སུ་འགྱིང་ངེར་ལངས་པའི་སྨོན་འདུན་ཞུ་རྒྱུ་ཡིན།

本次活动,促进了幼儿与祖国的感情交流。同时,愿每一个孩子都把自己的成长融入祖国的发展,做敢于有梦、勤于追梦、勇于圆梦的好孩子。祝福我们的祖国,以更加矫健有力的姿态,屹立世界舞台!