བསླབ་གཞི་གསར་པའི་ནང་དོན། མཐོང་བ་མྱོང་བ་མྱོང་གྲོལ།

普布斯达

<h1>གསར་དུ་བསྒྲིགས་པའི་ལྗོངས་དང་ཞིང་ཆེན་ལྔའི་མཐོ་འབྲིང་བོད་སྐད་ཡིག་ངེས་སྦྱོང་བསླབ་གཞིའི་ནང་དོན་དང་ཡོངས་སུ་འཚམ་པ། མཐོ་རྒྱུགས་འདོན་ཕྱོགས་ཀྱི་དགོངས་དོན་ལྟར་དུ་གསར་དུ་བཅོས་བསྒྲིགས་བྱས་པའི《མཐོང་བ་མྱོང་གྲོལ》གྱི་དཔར་གཞི་གསར་པ་དེ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་འགྲེམ་སྤེལ་བྱས་ཟིན་ཅིང་། ངེས་སྦྱོང་བསླབ་གཞིའི་སློབ་ཚན་གྱི་ནང་དོན་གོ་རིམ་བཞིན་བསླབ་གཞི་རེར་གནས་ཚད་བརྟག་པའི་སྦྱོང་བརྡར་རྒྱུགས་གཞི་དྲུག་རེས་གྲུབ་པ་དག་ཀྱང་། <font color="#ed2308"><b>དང་པོ་འདེམ་འཇུག་དྲི་གཞི། གཉིས་པ་སྟོང་འཇུག་གམ་འགྲེལ་པ་བྱ་རྒྱུའི་དྲི་གཞི། གསུམ་པ་སྟབས་བདེའི་དྲི་བར་ལན་རྒྱག་པའི་དྲི་གཞི། བཞི་པ་ལྟ་ཀློག་དབྱེ་ཞིབ་དྲི་གཞི། ལྔ་པ་འཚོལ་དཔྱད་རང་བཞིན་ནམ་ཚིག་སྦྱོར་སྤེལ་བའི་དྲི་གཞི། དྲུག་པ་རྩོམ་ཡིག་གི་སྐོར་</b></font>བཅས་ཀྱི་དྲི་བའི་རྣམ་པས། སློབ་མ་མི་རེ་ངོ་རེར“མཐོ་རྒྱུགས”རྒྱུགས་སྤྲོད་དངོས་ལ་སྤྲོ་བས་འཇུག་ཐུབ་པ། མཐོ་འབྲིང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་མ་ཟད་སྐད་ཡིག་གི་རྨང་གཞིའི་ནུས་པ་གསོ་བ་དང་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་འཚམ་པ།&nbsp;སློབ་མའི་ལག་ལེན་གྱི་ནུས་པ་དང་གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པར་ཕན་ནུས་ཐོན་པའི་ཁྱད་ཆོས་ཀྱིས་སློབ་མའི་རང་སྦྱོང་ལ་མཛུབ་སྟོན་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པས།<b> <font color="#ed2308">སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ནས་སློབ་ཁྲིད་བྱེད་བདེ་བ་དང་། བསྐྱར་སྦྱོང་དབྱེ་ཞིབ་སྦྱོང་བརྡར་ལ་འཇུག་བདེ་བ། རྒྱུགས་གཞིར་དབྱེ་ཞིབ་བྱེད་བདེ་བ། སློབ་མའི་བསྐྱར་སྦྱོང་འཆར་འགོད་བྱེད་བདེ་བ། སྦྱང་གཞི་སྐུལ་སླ་བ།</font></b><font color="#333333"><b> </b>དེ་བས།&nbsp;</font><b><font color="#167efb">གུང་གསེང་སྦྱོང་ཚན་སྐུལ་བདེ་བས། སྦྱོང་ཚན་བཞག་པ་དང་། སློབ་མས་བསམ་གཞིག་སྦྱོང་བརྡར་བྱེད་བདེ་བ། ཚོགས་ཐུན་སྦྱོང་བརྡར་དང་གཟའ་འཁོར་སྦྱོང་བརྡར། སྡེ་ཚན་སྦྱོང་བརྡར། སྔོན་སྦྱང་རྗེས་ཁྲིད། ལྟ་སྦྱོང་ཁྲིད་གསུམ། སྦྱང་ཕྱོགས་སྣེ་སྟོན་བྱེད་པ་</font></b>སོགས་ཀྱི་སློབ་ཁྲིད་བྱེད་ཐབས་གསར་པ་དག་དོན་འཁྱོལ་ཡང་དག་ཐུབ་པར་ཕན་ནུས་ཆེ་བ།དགེ་སློབ་མཉམ་དུ་འཕེལ་རྒྱས་ཡོང་བ་ལ་ལྷག་པར་ཕན་ཆེའོ། །</h1><div><br></div> <font color="#167efb">ངེས་སྦྱོང་བསླབ་གཞིའི་གནས་ཚད་བརྟག་པའི་དྲི་གཞི། མཐོང་བ་མྱོང་གྲོལ།</font> <font color="#167efb">བོད་ཡིག་གི་དཔར་དབང་དང་གོང་ཚད་སོགས།</font> <font color="#167efb">རྒྱ་ཡིག་གི་དཔར་དབང་དང་གོང་ཚད་སོགས།</font> <b>དཀར་ཆག</b> <b>དཀར་ཆག</b> <b>སྔོན་འགྲོ། རྩོམ་སྒྲིག་གི་དམིགས་ཡུལ་དང་དཔྱད་གཞིའི་ནུས་པ།</b> <b>སྔོན་འགྲོ། རྩོམ་སྒྲིག་གི་དམིགས་ཡུལ་དང་དཔྱད་གཞིའི་ནུས་པ།</b> དཔེ་སྐྲུན་ཁང་དང་རྩོམ་སྒྲིག་པས་ཆོག་མཆན་མེད་པའི་དཔེ་དེབ་ཚོང་ཁང་ཁག་ལ་འཚོང་རྒྱུ་མེད་པས། གལ་ཏེ་ཡོད་ན་དེ་རྣམས་ནི་དཔར་སློག་བྱས་པ་ཁོ་ན་ཡིན་པར་ངེས་སོ། ། གལ་ཏེ། སློབ་གྲྭ་སྤྱི་དང་། ལོ་རིམ། འཛིན་གྲྭའི་སློབ་མ་རྣམས་ལ་དཔྱད་གཞི་འདི་མཁོ་བ་ཡོད་ན་འདི་གར་འབྲེལ་བ་གནང་ན་ཆོག་གོ །