དབྱར་གནང་གི་ཉིན་མོར་ཐོན་ལ་ཡོད་པས། འདི་ནི་བྱིས་པ་རྣམས་ཆེས་དགའ་བ་དང་སྐྱིད་པའི་དུས་ཚིགས་ཡིན་པ་དང་། དེ་བས་ཟླ་གཉིས་ལྷག་གི་གནང་བའི་ནང་བྱིས་པའི་ཕ་མ་དང་མཉམ་དུ་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་ནི་ཚང་མའི་རེ་བ་ཡིན་ལ། རྩེད་མོ་སྣ་ཚོགས་ལ་རོལ་ནས་འཚར་ལོངས་འབྱུང་བ་ནི་བྱིས་པའི་སློབ་གསོ་བཟང་པོ་ཡིན་མོད། འོན་ཀྱང་དབྱར་གནང་ལས་བྱ་ཡོང་འགྲུབ་དང་དཔེ་ཆ་འགའ་རེ་ལྟ་བའི་གོམས་གཤིས་ལོབས་རྒྱུ། ཕ་མར་རོགས་བྱས་ཏེ་ལས་ཀར་སྤྲོ་བ་ལྡན་པར་བྱ།ཟོག་འཚོ་བ། འོ་མ་དཀྲོག་པ། འབྲི་མོ་བཞོ་བ། ཡུལ་སྐོར་ལྗོངས་རྒྱུ་འགྲོ་བ་སོགས་བྱ་འགུལ་ཕུན་སུམ་ཚོགས་པར་ཞུགས་ཏེ་རང་གི་མཐོང་རྒྱ་དང་ཤེས་བྱ་མཐོར་འདེགས་བྱེད་པ། བྱ་བ་གང་དང་གང་ཞིག་བྱས་ཀྱང་ཆོག་མོད། འོན་ཀྱང་རང་རང་གི་བདེ་འཇགས་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། འོམ་ཆུ་སློབ་ཆུང་གིས་གཤམ་དུ་ཁྱེད་ཅག་ལ་བདེ་འཇགས་ཐད་ནས་དོན་ཚན་འགའ་གླེང་པར་བྱ།

1.འགྲིམ་འགྲུལ་བདེ་འཇགས་ཀྱི་སྐོར།

1.འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་དང་། འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་། རྒྱ་ལམ་མཁར་ལ་འགྲོ་བའི་དུས་གཡས་གཡོན་གཉིས་ལ་ཡག་པོ་ལྟོས། རྒྱ་ལམ་བཞི་མདོ་བརྒལ་བའི་དུས་གློག་དམར་ཉེན་བརྡ་གསལ་བོར་ལྟོས། དལ་མོར་བགྲོད། རྒྱ་ལམ་འཕྲད་དུ་འགྲོ་བའི་དུས་རྒྱུག་ནས་འཚུབ་ལངས་མི་རུང་། རྒྱ་ལམ་འགྲམ་གྱི་ཁ་རའི་ཐོག་ནས་ལྡིང་མི་རུང་།

2.སློབ་ཆུང་སློབ་མའི་རྒྱ་ལམ་སྟེང་དུ་ལྕགས་རྟ་ཞོན་མི་ཆོག འགྲོ་ལུགས་མི་ཚང་བའི་རླངས་འཁོར་དུ་བསྡད་མི་ཆོག རྐང་འོག་འཁོར་ལོ་སྐོར་ནས་རྒྱ་ལམ་སྟེང་དུ་འགྲོ་མི་ཆོག

3.སྤྱི་ཚོགས་སྒྲིག་སྲོལ་ལ་བརྩི་མཐོང་བྱེད་དགོས། རྒྱ་ལམ་དང་ཚོགས་ར་སོགས་སུ་གང་འདོད་དུ་ཁ་ལུད་དང་གད་སྙིགས་འཕེན་མི་རུང་། རིག་གནས་ཐང་ཆེན་དང་ལུས་ཕུང་སྦྱོང་བརྡར་སོགས་ཀྱི་སྤྱི་རྫས་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ལྡན་དགོས། སྤྱི་འཁོར་དང་རླངས་འཁོར་ནང་སྡོད་དུས་འཚང་ཁ་མི་བརྒྱག་པར་རྒན་བཀུར་ཆུང་བྱམས་ཀྱི་སྒྲིག་ལམ་ཡོད་དགོས་ལ། སྐད་གསེང་མཐོན་པོའི་ཁ་བརྡ་བཤད་མི་རུང་།

ཆ་རྒྱུས་མེད་པའི་རླངས་འཁོར་དུ་མི་འདུག་པ་དང་ཆ་རྒྱུས་མེད་པའི་མི་དང་འབྲེལ་འདྲེས་མི་བྱེད་པ་དང་དེས་བྱིན་པའི་ཀ་ར་སོགས་མི་ཟ་བ། སློབ་མས་འཕྲུལ་རྟ་དང་རླངས་འཁོར་བསྐོར་མི་ཆོག་པར་འགྲིམ་འགྲུལ་བདེ་འཇགས་ལ་བརྩི་སྲུང་བྱེད་དགོས།

2.ཆུའི་བདེ་འཇགས།

1.སློབ་མའི་རང་ཉིད་འགེབ་སྲུང་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་བ།

2.རང་འགུལ་གྱིས་ཆུ་ཆེན་དང་ཆུ་རྐ། ཆུ་མཛོད་སོགས་ཉེན་ཁ་ཡོད་སར་ཆུ་རྐྱལ་བ་དང་ཉ་འཛིན་པ་སོགས་མི་བྱེད་པ།

3.ཆར་བ་འབབ་དུས་དང་འབྲུག་སྒྲ་གྲགས་དུས་གློག་སྐུད་དང་གློག་ཆས་སོགས་བཀོལ་སྤྱོད་བྱེད་མི་རུང་།

3.གློག་གི་བདེ་འཇགས།

1.བྱིས་པའི་ཕ་མའི་མཛུབ་སྟོན་འོག་ཁྱིམ་སྤྱོད་གློག་ཆས་བཀོལ་སྤྱོད་གསལ་བོར་ཤེས་དགོས།

2.བྱིས་པ་གང་འདོད་དུ་ཁྱིམ་གྱི་གློག་སྐུད་དང་གློག་སྒོ། གློག་འདྲེན་སོགས་ཉེན་ཆེ་སར་གཏན་ལག་ལེན་བྱ་མི་རུང།

3.གློག་སྒམ་དང་གློག་སྡོང་ཡོད་སར་རྩེད་མོ་རྩེ་མི་རུང་། ལྷག་པར་དུ་ཁ་པར་སོགས་ལ་གློག་བསོག་ནས་བཀོལ་པ་འམ་ཁ་པར་གཏོང་བར་ཉེན་ཁ་ཆེ།

4. ཟས་རིགས་བདེ་འཇགས།

1.རང་འགུལ་གྱིས་རང་ལུས་གཙང་དག་བྱེད་པའི་གོམས་གཤིས་བཟང་པོ་ལོབས་སུ་འཇུག་དགོས། ཟ་མ་བཟའ་དུས་ལག་པ་བཀྲུ་བ་དང་འགོས་ནད་རིགས་ལ་སྔོན་འགོག་བྱེད་པའི་འདུ་ཤེས་ཆུང་དུས་ནས་གོམས་པར་བྱ།

2.ཤོག་སྒམ་དང་འགྱིག་ཁུག་ནང་གི་ཟས་རིགས་ཉོ་སྐབས་ཚོང་རྟགས་དང་། ལས་སྣོན་བྱས་པའི་དུས་ཚོད་དང་ཉར་ཚེགས་ཟླ་ཚེས་ལ་གསལ་བོར་ལྟ་དགོས་ཏེ་འགོར་འགྱངས་བྱུང་བའི་ཟས་རིགས་ཉོ་བར་གཏན་འགོག་བྱེད་དགོས།

3. སིལ་ཏོག་གི་རིགས་ཀུ་ཤུ། ཁམ་བུ། སྔོ་ཚོད་སོགས་བཟའ་དུས་གཙང་མ་བཀྲུས་ནས་ཟ་བའམ་གཡོ་སྐོལ་བྱ་རྒྱུ།

4. གད་སྙིགས་ཟས་རིགས་དང་སྐོམ་ཆུ་སོགས་ཟ་བའམ་འཐུང་བར་གཟབ་གཟབ་བྱ་རྒྱུ།

5. ཆུ་དགྲའི་གནོད་སྐྱོན་སྔོན་འགོག

1. དབྱར་དུས་ནི་ཆར་ཆུ་མང་བའི་ནམ་ཟླ་ཞིག་ཡིན་ལ། སྡོང་བོ་དང་གློག་སྡོང་། གྱང་རྩ་སོགས་སུ་དྲག་ཆར་འབབ་དུས་སྦས་སྐུང་བྱེད་མི་རུང་ལ། བསིལ་གདུགས་ཡུ་བ་ལྕགས་ཅན་བཟུང་ནས་དྲག་ཆར་ནང་འགྲོ་མི་ཉེན།

2.དྲག་ཆར། ཆར་ཆེན་འབབ་པའི་དུས་སུ་ཟོག་འཚོ་བར་སོང་ན་ཆུ་ལོག་ཉམས་འཇོག་བྱ་དགོས་ལ། ལྷག་པར་ཆུ་བཞུར་པའི་གྲམ་པའི་ནང་རྩེད་མོ་རྩེད་ནས་འདུག་མི་རུང་།

ཁྱིམ་བདག་མི་བཤད་པར་ཕྱིའི་མགྲོན་ཁང་དང་གཞན་ཁྱིམ་ནས་ཆང་འཐུང་བ་དང་དུ་བ་འཐེན་པ། ཤོ་རྒྱག་པ། རྡུང་རེ་རྒྱག་པ་སོགས་ཁྲིམས་འགལ་གྱི་བྱ་བ་གཏན་ནས་བྱེད་མི་རུང་།

6.གཞན་ད་རུང་སློབ་མའི་བདེ་འཇགས་ཕྱོགས།

1. སློབ་མའི་རང་ཉིད་འགེབ་སྲུང་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་བ། ཆ་རྒྱུས་མེད་པའི་རླངས་འཁོར་དུ་མི་འདུག་པ་དང་ཆ་རྒྱུས་མེད་པའི་མི་དང་འབྲེལ་འདྲིས་མི་བྱེད་པ་དང་དེས་བྱིན་པའི་ཀ་ར་སོགས་མི་ཟ་བ། སློབ་མས་འཕྲུལ་རྟ་དང་རླངས་འཁོར་བསྐོར་མི་ཆོག་པར་འགྲིམ་འགྲུལ་བདེ་འཇགས་ལ་བརྩི་སྲུང་བྱེད་དགོས།

2. བདེ་འཇགས་མིན་པའི་རྩེད་མོ་མི་རྩེད་པ། དཔེར་ན། གྲི མེ་ཆ། བྱིའུ་མདའ། འབར་སླ་བའི་དངོས་རྫས་དང་ཉེན་ཁ་ཆེ་བའི་རྩེད་ཆས་སོགས་འཛིན་མི་རུང་།

ཁྱིམ་བདག་གི་འགན་ཁུར།

ཁྱིམ་བདག་གིས་དབྱར་གནང་སྐབས་སློབ་མའི་བདེ་འཇགས་དང་བདེ་ཐང་ཕྱོགས་གང་ཐད་ནས་འགན་ཁུར་ནན་མོ་བྱེད་རྒྱུ་དང་ཚད་མཐོའི་སྒོ་ནས་སློབ་མའི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་དགོས། སློབ་མར་སློབ་སྦྱོང་གི་ཟུར་ཁྲིད་བྱེད་པར་ཁ་གཡར་ནས་རྒྱུ་ནོར་གཡོ་ལེན་བྱེད་པའི་ཆ་རྒྱུས་མེད་པའི་མི་ལ་གཟབ་གཟབ་བྱེད་དགོས། དབྱར་གནང་གི་ལས་བྱ་ཉིན་རེ་ཉུང་ཙམ་རེ་བྲིས་ནས་ཁྱིམ་བདག་གི་ལྟ་སྐྱོང་འོག་ཡོང་འགྲུབ་བྱེད་དགོས།

མཇུག་མཐར་ཁྱེད་ཁྱིམ་བདག་རྣམས་ཀྱི་ཁྱིམ་གཞི་སྐྱིད་ཀྱང་སྐུ་ལུས་བདེ་ཞིང་། བསམ་དོན་གྱི་རྒྱུ་ནོར་འཕེལ་བའི་བཀྲ་ཤིས་ཁ་གཡང་ཡང་ཡང་འབོད།