མ་ཡུམ་སློབ་གྲྭར་གྱེས་ཕྱག་འབུལ། དྲིན་གྱི་དགེ་རྒན་སྐུ་ཚེ་རིང་།感恩母校 感恩老师

美友6594589

མ་ཡུམ་སློབ་གྲྭར་གྱེས་ཕྱག་ཞུ། དྲིན་གྱི་དགེ་རྒན་སྐུ་ཚེ་རིང་། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་སྐབས་ཉེར་དགུའི་མཐར་ཕྱིན་སློབ་མའི་མཛད་སྒོ།

感恩母校 感恩老师 刚察县沙柳河镇民族寄宿制完小六年级毕业典礼

ངེད་སློབ་སྟོན་ཁང་དང་སློབ་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཟླ༦པའི་ཚེས་༢༣ཉིན་གྱི་ཕྱི་དྲོར་༼ མ་ཡུམ་སློབ་གྲྭར་གྱེས་ཕྱག་ཞུ། དྲིན་གྱི་དགེ་རྒན་སྐུ་ཚེ་རིང་། ༽ ཞེས་པའི་སྐབས་ཉེར་དགུའི་མཐར་ཕྱིན་སློབ་མའི་མཛད་སྒོ་བྱ་འགུལ་སྤེལ་བ་དང་། སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་དང་ལོ་རིམ་དྲུག་པའི་དགེ་རྒན་དང་ཁྱིམ་བདག་ཨུ་ཡོན་སོགས་བྱ་འགུལ་དུ་ཞུགས་པ།

སློབ་སྟོན་ཁང་གི་ཀྲུའུ་རིན་གྱིས་མདོ་འཛིན་བྱས་པ། དུས་ཚོད་ནི་སྐད་ཅིག་ཙམ་གྱིས་འདས་སོང་།ལང་ཚོ་ཡང་དེ་བཞིན་དུ་ཡལ་འགྲོ་བའི་དཔེ་ལྟར། ལོ་ངོ་དྲུག་གི་ཡར་སྔོན་ང་ཚོ་བྱིས་པ་ཅོལ་ཆུང་དག་གི་ཚེ་རབས་ཅིག་གི་ལས་དབང་དང་སྨོན་ལམ་ཡག་པོ་དེས་མཛེས་སྡུག་གི་རིག་པའི་སློབ་གྲྭ་རུ་འདུ་འཛོམས་བྱུང་སོང་ལ། དགེ་རྒན་དམ་པར་ལུས་ངག་ཡིད་གསུམ་གྱིས་བཀུར་ཞིང་རིག་ལམ་གྱི་རྒྱལ་ཁམས་ཉུལ་བའི་སྐལ་བ་བཟང་བོ་ལྡན་པས། ད་ལྟ་ཁྱེད་ཅག་ལ་ཤེས་བྱའི་འབྲས་བུ་རེ་སྨིན་ནས་སློབ་ཆུང་གི་འཚོ་བ་མཇུག་རྫོགས་ཏེ་སློབ་འབྲིང་གི་ཐེམ་སྐས་འཛེག་དགོས་པས་མ་འོངས་པའི་ཕུགས་བསམ་མངོན་འགྱུར་བྱེད་པར་བརྩོན་འགྲུས་ཀྱི་རྟ་ཕོ་ཤེས་བྱའི་ལྕག་གིས་སྐུལ་ཏེ་མདུན་དུ་བསྐྱོད་ཅིག་ཨང་།་

མཛད་སྒོའི་ཐོག་མར། དགེ་སློབ་ཀུན་གྱིས་རྒྱལ་གླུ་ལེན་པ།

སློབ་བུ་རྣམས་ཀྱིས་གུས་པའི་ལག་པ་ཡར་བཀྱགས་ནས་རྒྱལ་དར་བསྒྲེངས་བ་འཛུམ་གྱིས་བསུ་བཞིན་པ།

སློབ་གཙོ་གཞོན་པ་ལུ་ཡོན་ལེན་གྱིས་གཏམ་བཤད་གནང་བ། སློབ་བུ་རྣམས་པ་གནོན་ཤུགས་དང་ཛ་དྲག་གི་སློབ་ཆུང་མཐར་ཕྱིན་རྒྱུགས་ལ་དམིགས་པའི་བསྐྱར་སྦྱོང་གི་བརྒྱུད་རིམ་ནང་ཁྱེད་ཚོ་སློབ་སྦྱོང་གི་དཀའ་སྡུག་གི་མདུན་དུ་དཔའ་མ་ཞུམ་པར་སྙིང་སྟོབས་དང་སྤོབས་པ་ཆེར་བསྐྱེད་ཀྱིས་མཐར་ཕྱིན་རྒྱུགས་ལེན་བསུས་ཤིང་། དེ་ནི་མཐར་ཕྱིན་རྒྱུགས་འབྲས་ཁོ་ནར་ཞུགས་པ་མ་ཡིན་པར་རང་ཉིད་ཀྱི་ལོ་ངོ་དྲུག་གི་སློབ་ཆུང་འཚོ་བར་རྫོགས་ཚིག་དང་། མ་ཡུམ་སློབ་གྲྭ་དང་ཕ་མ། དགེ་རྒན་སོགས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཕུལ་བའི་དྲིན་གཟོ་ཆེ་ཤོས་ཤིག་དང་། ལེགས་སྐྱེས་བཟང་ཤོས་ཤིག་ཡིན་སོང་།

དགེ་རྒན་ནོར་སྦྱིན་མཚོས་མཐར་ཕྱིན་སློབ་མར་གུས་ཚིག་ཕུལ་བ། སློབ་གྲོགས་ཚོ། མི་ལོ་དྲུག་གི་སྔོན་ཞིག་ལ་ཁྱོད་ཚོ་མ་བགྲོས་རང་མཐུན་གྱིས་ཤེས་རིག་གི་གནས་ཆུང་འདིར་འདུས་ཤིང་། སློབ་ཆུང་གི་འཚོ་བའི་ཁྲོད་དགེ་རྒན་རྣམ་པའི་བྱབས་བརྩེའི་ཐུགས་ཁུར་དྲོན་མོའི་འོག་ཤེས་རིག་གི་མངར་ཁ་མྱོང་བཞིན། ལང་ཚོའི་གཉོམ་ལག་རྒྱས་ལ།བློ་སྟོབས་ཀྱི་ཁོ་ལག་རྒྱས་ཟིན། ད་ནི་གྱེས་བྲལ་གྱི་དུས་ལ་སླེབས་པས་ཁ་སང་གི་དགོད་དང་སྐྱོ་སྡུག་ཡོད་ཚད་ལོ་རྒྱུས་ཀྱི་དྲན་གསོར་གྱུར་ཟིན། མི་ཚེ་ཡི་ཕྱིར་དྲན་ཞིག་ཏུ་འགྱུར་སྲིད། ཁྱོད་ཚོ་ནི་མ་ཡུམ་སློབ་གྲྭའི་མཛེས་སྡུག་ཡིན་པས། ག་ས་གང་དུ་སོང་ཡང་བརྗེད་མི་རུང་བ་ནི་མ་ཡུམ་སློབ་གྲྭས་གནང་བའི་གདམས་པ་ཡིན་ལ། འགྱེད་ས་ལངས་ས་ནས་ཁྱོད་ཚོའི་བོར་མི་རུང་བ་ནི་དྲིན་ཆེན་དགེ་རྒན་དག་གིས་བསྩལ་བའི་བསླབ་བྱ་ཡིན།

མཐར་ཕྱིན་སློབ་མའི་གྱེས་བྲལ་གྱི་གུས་ཚིག་ཕུལ་བས་ཟུར་ངོས་་་

དམའ་རིམ་སློབ་མས་མཐར་ཕྱིན་སློབ་མར་སྐྱེལ་མའི་བཀྲ་ཤིས་འཇོག་པ།

སློབ་གཙོ་བསོད་ནམས་ཟླ་བ་ལགས་ཀྱིས་ཕུལ་བྱུང་མཐར་ཕྱིན་སློབ་མར་བྱ་དགའ་གནང་བཞིན་པ།

སློབ་གྲྭའི་ཧྲུའུ་ཅུ་གཞོན་པ་བཀྲ་ཤིས་རྒྱལ་གྱིས་མཐར་ཕྱིན་སློབ་མར་བྱ་དགའ་གནང་བཞིན་པ།

མཐར་ཕྱིན་ཕུལ་བྱུང་སློབ་མའི་དྲན་རྟེན་མཉམ་པར།

སློབ་གཙོས་མཐར་ཕྱིན་འཛིན་གྲྭའི་དགེ་རྒན་རྣམས་ལ་བཀའ་དྲིན་དྲན་རྟེན་སྩོལ་བཞིན་པ།

སློབ་གཙོ་བསོད་ནམས་ཟླ་བ་ལགས་ཀྱིས་རྒྱལ་ཁའི་ངང་སློབ་ཆུང་མཐར་ཕྱིན་པའི་སློབ་བུ་རྣམས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ་ལོ་ངོ་དྲུག་གི་རིང་ལ་དཀའ་བ་བརྒྱ་ཕྲག་འགན་ཏུ་བླངས་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་བུའི་ཆེད་དུ་ལང་ཚོ་དང་ཤེས་རིག་གི་མེ་ཏོག་སྦྱིན་ཏེ་རྒྱལ་ཁའི་རི་རྩེ་སྙེགས་པའི་དགེ་རྒན་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་དང་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ།

དེ་བས་སློབ་གྲོགས་ཚོ་རེ་གསུམ་བཏོན་པ་ནི། གཅིག འཇིག་རྟེན་ཁ་དཔེ་ལ་༼ འཛོམས་པ་མི་ལས་དབང་། བྲལ་བ་འཇིག་རྟེན་ཆོས་ཉིད། ༽ ཟེར་བ་ལྟར། མཛའ་མཐུན་གྱི་སློབ་རའི་འཁོར་བའི་ང་ཚོ་འདུ་བྲལ་གྱི་སྟོན་རླུང་དང་ལྷན་དུ། རང་རང་གི་ཕུགས་བསམ་ཞིག་གི་ཆེད་དུ་ཐེམ་སྐེས་གསར་བ་ཞིག་ཏུ་ཆས་ལ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་ཁ་ཏང་ལ་ཕྱོགས་ཤིང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་ཏང་དང་དམངས་ལ་ཕན་པའི་སློབ་མ་ཡག་པོ་ཞིག་དང་། མི་སྣ་བཟང་བོ་ཞིག་ཆགས་པ་བྱེད་དགོས། གཉིས་པ། སློབ་གྲོགས་རྣམས་པ་སློབ་ཆུང་ནས་མཐར་ཕྱིན་ནས་དམའ་འབྲིང་གི་འཚོ་བ་གསར་བར་གོམས་་པར་བྱེད་དགོས། རྒན་བཀུར་ཆུང་བྱམས་དང་དྲིན་གཟོ་ཤེས་པ། སློབ་གྲྭའི་འགྲིག་ལམ་བརྩི་སྲུང་བྱེད་པའི་ཡ་རབས་ཚུལ་ལྡན་གྱི་སློབ་བུ་ཞིག་བྱ་དགོས། གསུམ། སློབ་གྲོགས་ཚོའི་མ་འོངས་པའི་མདུན་ལམ་ལ་ཤེས་བྱའི་འོད་སྟོང་འབར་ཞིང་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་བཀྲ་ཤིས་སྨོན་འདུན་ཞུས།

སློབ་བུ་ཚོས་དྲིན་ཆེན་དགེ་རྒན་རྣམས་ལ་བཀའ་དྲིན་གྱི་ཁ་བཏགས་འབུལ་བ།

རྒྱལ་ཁའི་འཛུམ་མདངས་སེམས་ཁོངས་སུ་ཉར་བའི་དཔུང་སྡེ་ཅིག

ལོ་ངོ་དུ་མའི་རྔུལ་ཁྲག་བཏོན་པའི་བྱ་བར་ཁྱིམ་བདག་རྣམས་ཀྱིས་རྒྱབ་སྐྱོར་དང་ཡིད་ཆེས་ཀྱི་གཟེངས་རྟགས་དར་ཆ་ཐོབ་པ།

ཁྱིམ་བདག་རྣམས་ཀྱི་ཐུགས་ཁུར་དང་ཡིད་ཆེས་ནི་ང་ཚོའི་བྱ་བའི་གྲུབ་འབྲས་ཡིན།

དགེ་སློབ་ཀུན་གྱིས་ཆེ་མཐའ་མཇུག་གི་རྒྱལ་ཁར་བརྩོན་པ་བྱེད་པའི་ཟུར་ཙམ་་་་

སློབ་གྲོགས་ཀྱི་བྲིས་པའི་ལག་་སྐྱེས།

བྲལ་མི་འདོད་པའི་སློབ་ཆུང་གི་འཚོ་བ།

ང་རང་དགེ་རྒན་ཆུང་ཆུང་ཡིན་པས་ཉིན་མོ།