༄༅༎ མང་རྫོང་སུམ་མདོ་སློབ་ཆུང་གི ༢༠༡༩ ལོའི་ལོ་རིམ་དྲུག་པའི་མཐར་ཕྱིན་མཛད་སྒོ།

森多镇青科羊幼儿园

ས་གནས་དང་རྒྱལ་ཁབ། མི་རིགས་གང་ཡིན་ཡང་སློབ་གསོའི་ལས་དོན་རྒྱུན་འཁྱོངས་དང་སློབ་གསོའི་འོས་འགན་ལེགས་འགྲུབ་བྱེད་རྒྱུ་ནི་ཡར་རྒྱས་དང་གོང་འཕེལ་གྱི་རྩ་བའི་རྩ་དོན་ཡིན། སྒོས་སུ་དུས་རབས་ཀྱི་འགན་ཐེག་པར་ནུས་པའི་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་ཏང་གི་མི་རིགས་སློབ་གསོའི་མཐར་གཏུགས་ཀྱི་རེ་འདུན་ཉག་གཅིག་ཏུ་གྱུར་ཡོད་པ་རེད། སློབ་ཆུང་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་ཡང་ལོ་ངོ་དྲུག་རིང་གི་སློབ་སྦྱོང་གི་འབྲས་བུ་ནི་མི་ཚེའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ཐོག་མའི་ས་བོན་ཡིན།

༢༠༡༩ལོའི་ཟླ༦ཚེས༡༥ཉིན་གྱི་ཕྱི་དྲོ་མང་རྫོང་སུམ་མདོ་བཅའ་སྡོད་སློབ་ཆུང་གིས༢༠༡༩ལོའི་ལོ་རིམ་དྲུག་པའི་མཐར་ཕྱིན་མཛད་སྒོ་དེ་རང་སློབ་གྲྭའི་ལུས་རྩལ་ཁང་གི་སྒོ་ཁར་བསྡུས། རང་སློབ་གྲྭའི་སྐད་ཡིག་སྡེ་ཁག་གི་འགོ་གཙོ་མཁའ་འགྲོ་འབུམ་གྱིས་ཐེངས་འདིའི་མཛད་སྒོ་ལ་མདོ་འཛིན་གྱི་འགན་ཁུར་བ་དང་ཐེངས་འདིའི་མཐར་ཕྱིན་མཛད་སྒོ་དེ་དོན་ཚན་བརྒྱད་ཀྱིས་གྲུབ་ཡོད།

གཅིག མདོ་འཛིན་པས༢༠༡༩ལོའི་མཐར་ཕྱིན་མཛད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་དེ་དང་མཉམ་དུ་མཛད་སྒོའི་ཤིས་ཚིག་ཕུལ་བ།

བྱམས་བརྩེ་གསེར་གྱི་ཉི་མའི་འོད་མདངས་རུས་མེད་དུ་འཕྲོས་པའི་འདིར་བཞུགས་ཀྱི་འགོ་ཁྲིད་དང་དགེ་རྒན་ལྷན་རྒྱས། རྣམ་དཔྱོད་རིག་པའི་མེ་དཔུང་དགུང་དུ་མཆེད་པའི་སྙིང་ཉེ་བའི་སློབ་གྲོགས་རྣམ་པ།ཚང་མ་བདེ་མོ་ཡིན་ནམ།

དེ་རིང་ང་ཚོས་གསེར་ལྡན་མ་མའི་ཕང་བ་རུ་ཤེས་རིག་གི་ལང་ཚོའི་མཆོད་པ་འབུལ་རན།དེ་རིང་ང་ཚོས་དབྱངས་གསལ་སོ་བཞིའི་གདངས་དབྱངས་ལས་བསླབས་པ་དོན་གྱི་འབྲས་བུ་ལེན་རན།

སློབ་གྲོགས་ཚོ། འདས་ཟིན་པའི་མི་ལོ་དྲུག་གི་རིང་ལ་ང་ཚོས་སྐར་མ་ཞྭ་དང་བ་མོ་ལྷམ་དུ་བྱས་ཏེ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དགེ་རྒན་དག་གི་གཟིགས་སྐྱོང་དང་སྣེ་ཁྲིད་འོག་ཏུ་དབྱངས་གསལ་སོ་བཞིའི་ཚིག་འབྲུ་མཐའ་དག་མ་འོངས་ཕུགས་ཀྱི་འདུན་མའི་རྒྱགས་ཕྱེ་རུ་བསྒྲིགས་ཏེ་སློབ་རའི་གྲུ་ཟུར་རེ་རེ་ནས་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་རི་མོ་ཅི་འདྲའི་མང་པོ་ཞིག་ཕབ་ཡོད་ཨང་།   དེ་དུས་ཁྱོད་ཚོ་ནི་ངེད་སུམ་མདོ་སློབ་རའི་མཛེས་སྡུག་གི་སྐྱེད་ཚལ་ལ་འཛུམ་པའི་ཡིད་འོང་གི་མེ་ཏོག་ཚོམ་བུ་དེ་ཡིན་པས་དྲིན་ཕ་མའི་སེམས་ཀྱི་གཏད་སོ་དང་རྒན་དམ་པའི་མིག་གི་འཚོ་ཡུལ་དུ་གྱུར་བའི་གཤིས་འཇམ་གཞུང་དྲང་གི་གཅེས་ཕྲུག་དེ་ཚོ་ཡང་ཡིན། སློབ་གྲོགས་ཚོ།   ད་ནི་ཁྱོད་ཚོས་མི་ལོ་དྲུག་གི་སློབ་ཆུང་གི་འཚོ་བ་ལ་རེ་ཞིག་རྫོགས་ཚིག་བཀོད་ཏེ་སློབ་ར་གསར་བ་ཞིག་གི་རིག་པའི་སྐྱེད་ཚལ་དུ་བརྩོན་སེམས་ཀྱི་གཤོག་ཟུང་རྐྱོང་ལ་ཉེ།  རེད་ཡ། ངེད་མ་ཡུམ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ད་དུང་ཡང་ཁྱེད་རྣམས་ཀྱི་མ་འོངས་མདུན་ལམ་སྔར་ལས་ཡངས་ཤིང་རིག་པའི་ཁོ་ལག་རྒྱས་ཏེ་གངས་ལྗོངས་གསར་བའི་གཞིས་ཁྱིམ་གྱི་བདག་པོ་ངོ་མ་ཞིག་ཏུ་འགྱུར་བར་སྙིང་ཁོང་ནས་སྨོན་ལམ་འདེབས་འདེབས།

གཉིས་པ། སློབ་མར་མཐར་ཕྱིན་དཔང་ཡིག་དང་དྲན་རྟེན་མཉམ་པར།   ལེགས་སྐྱེས་གནང་བ།

གསུམ། སློབ་མ་ཚོས་མ་ཡུམ་སློབ་གྲྭ་དང་བསླབ་ཁྲིད་དགེ་རྒན་རེ་རེར་དྲིན་གཟོའི་ཚུལ་དུ་ཏིང་འཕགས་བསྐལ་གསུམ་དང་གཟུངས་བསྡུས་སྤུས་ལེགས་རེ་ཕུལ།

བཞི་བ། སློབ་གྲོགས་ཚེ་རིང་སྒྲོལ་མ་ནས་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་མ་ཡུམ་སློབ་གྲྭར་དྲིན་གཟོའི་གྱེས་ཚིག་ཕུལ་བ།

ལྔ་བ།   དགེ་རྒན་ཏུའུ་ཆིན་དཔའ་ནས་དགེ་རྒན་ཡོངས་ཀྱི་ཚབ་བྱས་ཏེ་མཐར་ཕྱིན་སློབ་མར་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བ།

དྲུག་པ།    སློབ་གཙོ་སྐལ་བཟང་རྒྱལ་ལགས་ཀྱིས་མཐར་ཕྱིན་སློབ་མར་ཤིས་ཚིག་ཕུལ་བ།ཁོང་གི་ཤིས་ཚིག་གི་ནང་དོན་རགས་བསྡུས།༼༡ དགེ་རྒན་གྱི་དྲིན་དྲན་ཤེས་དགོས།  ༢ ཕུགས་བསམ་གྱི་ཕུ་མཐོང་དགོས། ༣ བཟང་སྤྱོད་རྟག་ཏུ་སྐྱོངས། ཤེས་བྱར་རྒྱུན་དུ་འབོངས།  ༤ མཇུག་བསྡུ་བའི་ཁག༽

བདུན་པ། མཇུག་བསྡུ་བ།  མདོ་འཛིན་པས་མང་བ་ཉུང་ཉུང་དང་ཉུང་ཉུང་བསྡུ་མ་བྱས་ཏེ་མཛད་སྒོའི་མཇུག་བདེ་བླག་ངང་བསྡུས།

བརྒྱད། མཛད་སྒོ་གྲོལ་བ་དང་སློབ་གྲྭའི་གསོལ་ཁང་དུ་མཐར་ཕྱིན་གསོལ་སྟོན་བཤམས་ཏེ་གླུ་གར་རྩེད་འཇོར་རོལ།

ད་ལོའི་མཐར་ཕྱིན་འཛིན་གྲྭ་སོ་སོའི་མཉམ་པར།