甘孜甲登慈善小学2019年六一活动

☞甘孜甲登慈善小学☜

༄༅།།རྒྱལ་གཅེས་ཡར་བརྩོན། ཞི་མཐུན་མཉམ་གཏོད།

爱国奋进 和谐共创

ང་དང་དྲུག་གཅིག་དུས་ཆེན།

ས་རུབ་ལ་ཉེ་དུས། ཡངས་ཤིང་མཐའ་ཡས་པའི་རང་ཡུལ་གྱི་སློབ་ཆུང་གིས་སློབ་གྲྭའི་ཚོགས་ཐུན་གྲོལ་བའི་དྲིལ་སྒྲ་གྲག་སོང་བ་དང་བསྟུན་ནས་དགེ་སློབ་ཡོད་ཚད་རང་ཁྱིམ་དུ་ལོག་པ་རེད།དབྱར་ཁའི་ཁྲོད་ཀྱི་ང་ཚོའི་ཤེས་བྱའི་གླིང་ག་ནི་ཉི་འོད་དྲོན་པོས་ཡོངས་སུ་འཁྱུད་ཅིང་།

རྩལ་སྦྱོང་ར་བ་དང་ལམ་འགྲམ་གྱི་ལྗོན་ཤིང་མཐའ་དག་ལ་ལོ་འདབ་སྟུག་པོར་རྒྱས་པས།གནས་འདིར་ལྗང་མདོག་གི་ལང་ཚོ་གསར་བ་ཞིག་བསྣན་འདུག།ཁོད་ཡངས་པའི་རྩལ་སྦྱང་ར་བའི་གཡས་གཡོན་གཉིས་སུ་སློབ་ཁང་དང་དཔེ་ཁང་།རྩིས་ཁང་དང་ཉལ་ཁང་ཕྲེང་བསྒྲིགས་ཤིང་།དུས་རྒྱུན་སློབ་ཁང་རེ་རེའི་ཀ་མད་དབྱངས་རྟའི་མཚམས་མི་འཆད།

ལྷིང་འཇགས་ཀྱི་རི་གྲོང་ནས་ཐོག་དང་པོར་ང་ཚོའི་སློབ་ཆུང་དུ་སླེབས་པའི་ཉིན་ཞག་གཅིག་གི་མགྲོན་པོ་མཚོན་ན།གནས་དེའི་ཡོད་ཚད་ཀྱི་ཡོད་ཚད་འདི་ལྟ་ན་ངོ་མཚར་ཞིང་བློ་ཡུལ་འདས་པ་ཞིག་རེད།

དོ་ནུབ་ཀྱི་མཚན་མོ་ན་དཀར་གསལ་ཟླ་བའི་འཛུམ་མདངས་དང་སྐར་ཚོགས་དུ་མའི་བཀྲ་ཤིས་པའི་དུས་ཆེན་ཞིག་ལ་རེ་སྒུག་བྱས་བཞིན་འདུག།དུས་ཆེན་དེའི་མིང་ལ་དྲུག་གཅིག་བྱིས་པའི་དུས་ཆེན་ཟེར།

དྲུག་གཅིག་ནི་ན་ཆུང་བྱིས་པ་ཚོས་གླུ་གར་གྱི་སྤྲོ་སྐྱིད་བྱ་སའི་གར་སྟེགས་ཤིག་ཡིན་པས།དེའི་ཕྱིར་ང་ཚོས་སློབ་གྲྭའང་དྲུག་ཅིག་བྱིས་པའི་དུས་ཆེན་དངོས་སུ་འགོ་བརྩམས་པ་རེད།མ་གཞི་ང་ཚོའི་སློབ་གྲྭའི་ཞབས་བྲོ་དང་སྙན་ངག་གྱེར་འདོན།གླུ་གར་སོགས་ཧ་ལམ་ལེའུ་ལྔ་བཅུ་ང་བདུན་འདུས་ཡོད།དེ་ཚོ་རེ་རེ་བཞིན་གླེང་བ་མི་བྱའོ།།

དང་ཐོག་ང་ཚོའི་རྟ་བདུན་དབང་བོའི་འཛུམ་མདངས་དང་བསྟུན་ནས་རྒྱལ་དར་སྒྲེང་ཞིང་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་འགུལ་སྤེལ།རིམ་བཞིན་དགེ་སློབ་ཡོད་ཚད་ཀྱིས་བཀྲ་ཤིས་མཉམ་འཛོམས་ཞེས་པའི་ཞབས་བྲོ་འཁྲབ་པ་ཡིན།

ལྟོས་དང་།ཁོད་ཡངས་པའི་ང་ཚོའི་སློབ་གྲྭའི་གར་སྟེགས་ཀྱི་སྟེང་དུ་(བཀྲ་ཤིས་ལུང་པ)ཞེས་པའི་ཞབས་བྲོ་ལ་དགའ་བ་དུང་གི་བསུ་བཞིན་ཡོད་ལ།དེ་ནི་རང་གི་ཕ་ཡུལ་ན་བཀྲ་ཤིས་པའི་དོན་དག་བྱུང་བའི་ཁ་གཡང་དང་སྨོན་ཚིག་འབུལ་བ་དང་མཚུངས།

སྤྲོ་སྐྱིད་ཀྱི་དུས་ཆེན་བཟང་བོ་འདིར་ང་ཚོས་སློབ་གྲྭའི་(སྐལ་བ་བཟང་པོ)ཞེས་པའི་ཞབས་བྲོ་བསུ་བའི་ཞོར་དུ་ངའི་རང་ཡུལ་གྱི་མི་བུ་རེ་རེའི་སེམས་རུམ་ན་ང་ཚོ་གནས་མཆོག་འདི་རུ་འཛོམས་སོང་བ་ནི་ཚེ་སྔོན་བསགས་པའི་སྐལ་བ་བཟང་པོ་ཞིག་ཡིན་པ་དྲན་བཞིན་དགའ་འབོད་ཀྱང་བྱེད་བཞིན་ཡོད།

རང་ཡུལ་ལ་སྔར་ནས་ད་བར་དུ་ཆེས་སྤྲོ་སྐྱིད་དང་བདེ་སྐྱིད་ངང་ནས་མི་ཚེའི་བསྐྱལ་བཞིན་ཡོད་པས།དེའི་ཕྱིར་ང་ཚོས་སློབ་གྲྭའང་གནའ་ནས་འདུས་ཟིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་གི་གནད་བསྡུས་ཇི་བཞིན་ཞབས་བྲོ་ཞིག་འཁྲབ་པ་ཡིན།དེའི་མིང་ལ་(མཐུན་པ་སྤུན་བཞི)ཟེར།

མ་གཞི་ཞབས་བྲོ་འཁྲབ་པ་ནི་འཚོ་བའི་ཁྲོད་ཀྱི་སྤྲོ་སྐྱིད་རོལ་སྟངས་ཙམ་ཡིན་ནའང་།ང་ཚོས་སློབ་གྲྭའི་སྤྲོ་སྐྱིད་ཀྱི་ཞོར་དུ་འོ་ཆུ་འདྲེས་པ་ཇི་བཞིན་རིན་བྲལ་གྱི་བསླབ་བྱ་བཟང་བོ་དང་བྲལ་མི་ནུས།བུ་མོ་ནི་མི་རིགས་ཤིག་གི་སློབ་གསོའི་བདག་མོ་ཡིན་པས།

དེའི་ཕྱིར་ང་ཚོས་སློབ་གྲྭའི་དུས་རྒྱུན་བུ་མོ་རེ་རེའི་འགྲོ་འདུག་སྤྱོད་གསུམ་གྱི་འགྱུར་བ་ལ་དོ་སྣང་བྱས་ངེས།ལྷག་ཏུ་དེ་རིང་གི་དགའ་དགའ་སྤྲོ་སྤྲོའི་གར་སྟེགས་ཀྱི་སྟེང་དུ་(ཕ་ཡུལ་གྱི་བུ་མོ)ཞེས་པའི་ཞབས་བྲོ་ཞིག་དམིགས་བསལ་དུ་བཀོད་སྒྲིག་ཀྱང་བྱས།ཕྱོགས་གཅིག་ནས་རང་ཡུལ་གྱི་བུད་མེད་ཚོ་ལའང་སྔར་གྱི་ཐོབ་མ་མྱོང་བའི་ཤེས་བྱ་དང་བསླབ་བྱ་བཟང་བོ་ཞིག་རག་པའི་ཆེད་དུའང་ཡིན།

ཐེངས་འདིའི་ཞབས་བྲོ་ཁྲོད་དུ་ང་ཚོའི་དགེ་སློབ་དང་གཟིགས་མོ་བ་ཡོད་ཚད་ལ་དགའ་བའི་ཚོར་སྣང་དང་དྲན་སླ་བའི་སྤྲོ་སྐྱིད་ཀྱི་ཚོར་སྣང་ཞིག་ཀྱང་སྟེར་ཡོད་དོ།།

སྔར་གྱི་གཏམ་དཔེ་ལས་ང་ཚོ་མི་རིགས་ནི་འགྲོ་ཤེས་པ་ནས་ཞབས་བྲོ་འཁྲབ་པ་དང་བཤད་ཤེས་པ་ནས་གླུ་དབྱངས་ལེན་ཤེས་ཞེས་པ་ལྟ་བུ།ང་ཚོའི་སློབ་གྲྭས་འང་ན་ཆུང་གི་བྱིས་པ་ཚོས་དགའ་བའི་ངང་ནས་གླུ་དབྱངས་ཀྱི་འཚོ་བ་གསར་བ་ལ་རོལ།གཞུགས་ནས་ལོ་རིམ་དང་པོའི་ན་ཆུང་གི་སློབ་བུ་ཆུང་ཆུང་བསོད་ནམས་མཐུ་སྟོབས་ལ་དགའ་བསུ་ཞུ།ཁོ་བོས(ཨ་མའི་རྩམ་པ)ཞེས་པའི་དབྱངས་རྟ་ལ་རོལ་བཞིན་རང་གི་དྲིན་ཆེན་གྱི་མ་ལོའི་སོ་སོ་ལ་དབང་བའི་བྱམས་བརྩེའི་འཚོ་བ་ལ་ཕྱི་དྲན་གྱི་ཞོར་དུ་རང་མི་རིགས་ཀྱི་ཟས་རིགས་ཁྲོད་དུ་མཆོག་ཏུ་མངོན་པའི་སྦྲང་དཀར་རྩམ་པའི་ཕན་ནུས་དང་ཁྱད་ཆོས་སོགས་ཀྱང་གླུ་ཚིག་ནང་དུ་བཀོད་འདུག།ལོ་རིམ་ཇེ་མཐོ་དང་བསྟུན་ནས་ཤེས་བྱའི་སྦྱང་བྱའང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས།དེའི་ཕྱིར་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་བུ་ཞིག་ལ་མཚོན་ན།

རང་མི་རིགས་ཀྱི་གྱོན་ལྭ་དང་ཕ་སྐད་གཙང་མ་བརྗོད་པའི་གོམས་གཤིས་བཟང་བོ་ཞིག་ཀྱང་འདུས།ང་ཚོའི་ལྷན་དུ་སློབ་གྲོགས་བློ་བཟང་དབང་མཚོ་དང་དངོས་གྲུབ་དབང་མོ་གཉིས་ཀྱིས་དབྱངས་རྟ་ལས་འཕྲོས་པའི་(བོད་པའི་བུ་མོ)ཞེས་པའི་གླུ་དབྱངས་ལ་དགའ་བསུ་ཞུ།མི་རིགས་ཤིག་ལ་ངོས་འཛིན་སེལ་བྱའི་རྒྱུ་རྐྱེན་གཙོ་བོ་ནི་མི་རིགས་དེའི་རང་གི་ཡུལ་སྲོལ་གོམ་འགྲོས་དང་མཐུན་པའི་ཕ་སྐད་དེ་ཡིན།

གཞུགས་ནས་སློབ་གྲོགས་བསྟན་འཛིན་སྦྱིན་པའི་དབྱངས་རྟ་ལ་གསན་བཞིན་སླར་ཡང་(ཕ་སྐད་ཀྱི་སྒྲོན་མེ)ཞེས་པའི་གླུ་དབྱངས་ལ་བསུ།

མ་གྲོས་གཅིག་མཐུན་གྱི་དབྱངས་རྟ་ཞིག་ལེགས་འགྲུབ་བྱུང་དགོས་ན།ངེས་པར་དུ་བློ་སེམས་གཅིག་མཐུན་གྱི་གོམ་སྒྲ་ཞིག་ཀྱང་ལྡན་དགོས།(གླུ་ཡི་མཆོད་པ)ཞེས་པའི་དབྱངས་རྟའི་འགྱུར་ཁུག་ལ་གསན་བཞིན་གླུ་ཡིས་འཚོ་བ་ལ་གནང་བའི་སྤྲོ་སྣང་དང་སེམས་ཚོར་རྣལ་མ་ཞིག་ཀྱང་རོལ།

དྲུག་གཅིག་ནི་དཔྱིད་དུས་ཀྱི་བསིལ་རླུང་ཡིན་པས་ང་ཚོའི་དགེ་སློབ་ཀུན་ལ་དྲོ་བའི་གདུང་བ་སེལ་བ་དང་མཚུངས།དྲུག་གཅིག་ནི་དབྱར་དུས་ཀྱི་དྲི་ཞིམ་མེ་ཏོག་ཡིན་པས་ང་ཚོའི་དགེ་སློབ་ཀུན་ལ་རྨོངས་འབྱེད་ཀྱི་ཤེས་རབ་རལ་གྲི་ཞིག་དང་མཚུངས།

དྲུག་གཅིག་ནི་སྟོན་དུས་ཀྱི་ལོ་ཡག་བསུ་མཁན་གྱི་འཛུམས་མདངས་དེ་ཡིན་པས་ང་ཚོའི་དགེ་སློབ་ཀུན་ལ་རྫོང་རིམ་པའི་རྒྱུགས་གཞི་ལས་རྒྱལ་བའི་མི་བུ་བཟང་བོ་དེའང་ཡིན།

དྲུག་གཅིག་ནི་དགུན་དུས་ཀྱི་གྲང་ངར་སེལ་བའི་རྟ་བདུན་དབང་བོ་དེ་ཡིན་པས་ང་ཚོའི་དགེ་སློབ་ཀུན་གྱིས་དགའ་བའི་ངང་ནས་བསུ་མ་བྱེད།

གང་ལྟར།ད་ཐེངས་ཀྱི་དྲུག་གཅིག་བྱིས་པའི་དུས་ཆེན་ནི་ཆེས་མཚར་སྡུག་གི་འདས་དོན་ཁྲོད་དུ་ཆེས་བརྗེད་དཀའ་བའི་འདས་དོན་ཞིག།ཡང་ན།

མཐའ་ཕྱིན་སློབ་མ་ཚོས་སློབ་གཉེར་གྱི་འཚོ་བ་གསར་བ་ཞིག་ལ་འགོ་བརྩམས་དགོས་པའི་སྐུལ་མ་གཏོང་བའང་ཡིན།