同仁县高考期间部分道路实施临时交通管制

通告

同仁县广大人民群众和驾驶员朋友们:
2019年高考将于6月7日至9日举行。同仁县2019年高考考点为黄南州中学(同仁县隆务镇夏琼南路12号)和黄南州民族高级中学(同仁县年都乎乡郭么日村507号)。
为切实加强同仁县高考期间道路交通安全管理工作,确保考试期间道路交通安全畅通有序,同仁县公安交通警察大队根据上级公安部门通知要求和我县高考期间公安交通管理工作实际,将对以下路段进行交通管制,现通告如下:
一、管制路段:
1、夏琼南路西侧半幅路面(博爱医院路口至麦秀路西口)
2、旅游路(吾屯三岔口至郭么日三岔口)
二、管制时间:
6月7日7:30—18:30;

6月8日7:30—18:30;

6月9日7:30—18:30;
三、注意事项:
1、黄南州中学考点交通管制区域内除高考考务车辆外禁止一切车辆驶入,所有需从博爱医院路口向南进入夏琼南路车辆一律沿中山路、德合隆南路、麦秀路绕行。所有接送学生车辆一律在博爱医院路口、麦秀路西口考生接送车辆临时停靠点临时停靠,并迅速驶离。
2、黄南州民族高级中学考点除高考考务车辆、公交车和爱心护考服务车队外禁止机动车外禁止一切车辆驶入,所有接送学生车辆一律在吾屯三岔路口、郭么日三岔路口考生接送车辆临时停靠点临时停靠,并迅速驶离。
3、高考期间,同仁县公安交通警察大队将对考点周边有关路段加强管理,禁止一切机动车鸣笛,禁止任何车辆违法停车,对违法停车、违法鸣笛等各项道路交通违法行为将依据《中华人民共和国道路交通安全法》、《中华人民共和国道路交通安全法实施条例》相关规定进行处罚。
请广大人民群众和驾驶员朋友们提前规划出行路线,自觉遵守交通规则,服从交警指挥,给您带来的不便,敬请谅解!
同仁县公安交通警察大队
2019年5月30日

ཐུན་རིན་རྫོང་གིས་མཐོ་རྒྱུགས་སྐབས་སུ་བགྲོད་ལམ་ཁག་ཅིག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་

བརྡ་ཁྱབ།

ཐུན་རིན་རྫོང་གི་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཁ་ལོ་བ་རྣམ་པ།
2019ལོའི་མཐོ་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་དྲུག་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་ཡིན་པ་དང་། ཐུན་རིན་རྫོང་གི་མཐོ་རྒྱུགས་ལེན་ཡུལ་ནི་རྨ་ལྷོ་ཁུལ་སློབ་འབྲིང(ཐུན་རིན་རྫོང་རོང་བོ་གྲོང་བརྡལ་བྱ་ཁྱུང་ལྷོ་ལམ་ཨང་རྟགས12)དང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང(ཐུན་རིན་རྫོང་གཉེན་ཐོག་ཞང་སྒོ་དམར་སྡེ་བའི་ཨང་རྟགས507)གཉིས་ཡིན།

མཐོ་རྒྱུགས་སྐབས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། མཐོ་རྒྱུགས་སྐབས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ཐུན་རིན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གོང་རིམ་སྤྱི་བདེ་སྡེ་ཁག་གི་བརྡ་ཐོའི་བླང་བྱ་དང་རང་རྫོང་མཐོ་རྒྱུགས་སྐབས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་དོན་དངོས་གཞིར་བཟུང་ནས། གཤམ་གྱི་བགྲོད་ལམ་ཁག་ཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས། བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག བཀག་སྡོམ་བྱེད་པའི་ལམ་རྒྱུད།
1.བྱ་ཁྱུང་ལྷོ་ལམ་ནུབ་ཟུར་གྱི་ལམ་ངོས་ཕྱེད་ཀ། (སྙིང་རྗེ་སྨན་ཁང་གི་ལམ་མདོ་ནས་དམེ་ཤུལ་ལམ་གྱི་ནུབ་མདོའི་བར)

2.ཡུལ་སྐོར་ལམ། (སེང་གེ་གཤོང་གི་སུམ་མདོ་ནས་སྒོ་དམར་སྡེ་བའི་སུམ་མདོའི་བར )

གཉིས། བཀག་སྡོམ་བྱེད་པའི་དུས་ཚོད།
ཟླ་6པའི་ཚེས་7ཉིན་གྱི་ཆུ་ཚོད་7:30-18:30

ཟླ་6པའི་ཚེས་8ཉིན་གྱི་ཆུ་ཚོད་7:30-18:30

ཟླ་6པའི་ཚེས་9ཉིན་གྱི་ཆུ་ཚོད་7:30-18:30

གསུམ། དོ་སྣང་བྱ་ཡུལ།

1.རྨ་ལྷོ་ཁུལ་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་ཀྱི་འགྲིམ་འགྲུལ་བཀག་སྡོམ་ས་ཁོངས་ནང་མཐོ་རྒྱུགས་ལས་སྒྲུབ་མི་སྣའི་རླངས་འཁོར་ཕུད་རླངས་འཁོར་གཞན་གཅིག་ཀྱང་ནང་དུ་འཛུལ་མི་ཆོག་པ་དང་། སྙིང་རྗེ་སྨན་ཁང་གི་ལམ་མདོ་ནས་བྱ་ཁྱུང་ལྷོ་ལམ་དུ་བསྐྱོད་པའི་རླངས་འཁོར་དག་དབུས་རི་ལམ་དང་སྟག་ལུང་ལྷོ་ལམ། དམེ་ཤུལ་ལམ་དུ་བསྐོར་ནས་འགྲོ་དགོས། སློབ་མ་སྐྱེལ་བསུ་བྱེད་པའི་རླངས་འཁོར་དག་སྙིང་རྗེ་སྨན་ཁང་གི་ལམ་མདོ་ནས་དམེ་ཤུལ་ལམ་གྱི་ནུབ་མདོའི་བར་གྱི་རྒྱུགས་སྤྲོད་སློབ་མ་སྐྱེལ་བསུ་བྱ་ཡུལ་དུ་གཏན་འཁེལ་གནས་སྐབས་འདུག་གནས་སུ་གནས་སྐབས་འདུག་པ་ལས་མྱུར་དུ་ཕྱིར་བགྲོད་དགོས།

2.རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་སུ་མཐོ་རྒྱུགས་ལས་སྒྲུབ་མི་སྣའི་རླངས་འཁོར་དང་། སྤྱི་སྤྱོད་རླངས་འཁོར། བྱམས་སེམས་ཞབས་ཞུའི་རླངས་འཁོར་རུ་ཁག་བཅས་ཕུད་གཞན་པའི་འཕྲུལ་སྒུལ་འཁོར་རིགས་གཅིག་ཀྱང་ནང་དུ་འཛུལ་མི་ཆོག་པ་དང་། སློབ་མ་སྐྱེལ་བསུ་བྱེད་པའི་རླངས་འཁོར་ཚང་མ་སེང་གེ་གཤོང་གི་སུམ་མདོ་ནས་སྒོ་དམར་སྡེ་བའི་སུམ་མདོའི་བར་རྒྱུགས་སྤྲོད་སློབ་མ་སྐྱེལ་བསུ་བྱེད་སྐབས། གཏན་འཁེལ་གནས་སྐབས་འདུག་གནས་སུ་གནས་སྐབས་འདུག་པ་ལས་མྱུར་དུ་ཕྱིར་བགྲོད་དགོས།
3.མཐོ་རྒྱུགས་སྐབས་སུ་ཐུན་རིན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྒྱུགས་སྤྲོད་ས་ཚིགས་ཉེ་འཁོར་གྱི་འབྲེལ་ཡོད་བགྲོད་ལམ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཕྲུལ་སྒུལ་འཁོར་རིགས་ཚང་མས་དུང་བརྡ་རྒྱག་པ་གཏན་འགོག་བྱེད་རྒྱུ་ཡིན། རླངས་འཁོར་གང་ཞིག་གིས་ཀྱང་ཁྲིམས་འགལ་ངང་རླངས་འཁོར་འཇོག་རྒྱུ་གཏན་འགོག་བྱེད་པ། ཁྲིམས་འགལ་ངང་རླངས་འཁོར་འཇོག་རྒྱུ་དང་ཁྲིམས་འགལ་ངང་དུང་བརྡ་རྒྱག་པ་བཅས་ལ་བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཆད་པ་གཅོད་རྒྱུ་ཡིན།
རྒྱ་ཆེའི་མི་དམངས་མང་ཚོགས་དང་ཁ་ལོ་བ་གྲོགས་པོ་ཚོས་སྔོན་ལ་བགྲོད་ལམ་ལ་འཆར་འགོད་བྱས་ཏེ་རང་རྟོགས་ངང་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་དང་། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་བྱེད་དགོས། ཁྱེད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ།
ཐུན་རིན་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས།

2019ལོའི་ཟླ་5ཚེས་30ཉིན།