༄༅།། 《གངས་དཀར་རི་བོ》དུས་དེབ་དཀར་མཛེས་སློབ་གླིང་དུ་བསྐྱོད་པ།

སྤྱི་ལོ ༢༠༡༩ ལོའི་ཟླ ༦ པའི་ཚེས ༢༩ ཉིན། 《གངས་དཀར་རི་བོ》དུས་དེབ་རྩོམ་སྒྲིག་ཁང་གི་དགེ་རྒན་འཇུ་མེད་ཕུན་ཚོགས་དང་། དགེ་རྒན་བཀྲ་ཤིས། དགེ་རྒན་ཀུན་བཟང་རྣམ་རྒྱལ། དྲིལ་བསྒྲགས་ཁང་གི་དགེ་རྒན་ཞོའུ་ཅན་ཁེན་(许健康)སོགས་ངེད་དཀར་མཛེས་རྫོང་མི་རིགས་འབྲིང་དུ་གཏམ་བཟང་དང་དེབ་བཟང་ལེགས་སྐྱེས་སུ་བགྱིས་ནས་ཕེབས་བྱུང་ལ། བྱེད་སྒོ་འདིར་དཀར་མཛེས་རྫོང་རིག་སློབ་ཅུས་ཀྱི་དགེ་རྒན་ཟླ་བ་བཟང་པོས་མདོ་འཛིན་བྱས་ཤིང་། རང་སློབ་གྲྭའི་སློབ་གཙོ་བློ་ཆེན་ཧྭ་དང་ཁམས་བྱང་སློབ་གྲྭའི་སློབ་གསོ་དོ་དམ་ཁང་གི་ཀྲུའུ་རེན་དགེ་རྒན་བཀྲ་ཤིས་རྒྱ་མཚོ་བཅས་གཙོས་པའི། རྫོང་སློབ་ཆུང་གསུམ་གྱི་དགེ་རྒན་དང་འབྲིང་རིམ་སློབ་གྲྭ་གཉིས་ཀྱི་དགེ་སློབ་གང་མང་ཞིག་མཉམ་གཅིག་དུ་བསམ་འཕེལ་ཐོག་ཁང་གི་ཐོག་བརྩེགས་བཞི་པ་ནས་《གངས་དཀར་རི་བོ》དུས་དེབ་དཀར་མཛེས་སློབ་གླིང་དུ་བསྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ།

དང་པོ། དུས་དེབ་རྩོམ་སྒྲིག་ཁང་གིས་སློབ་གཉེར་རོགས་སྐྱོར་བྱེད་དེབ་ཞལ་འདེབས་འབུལ་བ།

གཉིས་པ། དགེ་རྒན་ཟླ་བ་བཟང་པོའི་སྐུ་མགྲོན་རྣམ་པ་མཚམས་སྦྱོར་གནང་བ།

གསུམ་པ། དུས་དེབ་རྩོམ་སྒྲིག་ཁང་གི་དགེ་རྒན་འཇུ་མེད་ཕུན་ཚོགས་ཀྱིས《གངས་དཀར་རི་བོ》དུས་དེབ་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ངོ་སྤྲོད་གནང་བ།

བཞི་པ། དུས་དེབ་རྩོམ་སྒྲིག་ཁང་གི་དགེ་རྒན་ཀུན་བཟང་རྣམ་རྒྱལ་གྱིས་རྩོམ་སྒྲིག་ཁང་དུ་རྩོམ་སྐུར་སྟངས་དང་འབྲེལ་གཏུགས་བྱ་ཐབས་ཐད་གསུང་བཤད་གནང་བ།

ལྔ་པ། དུས་དེབ་རྩོམ་སྒྲིག་ཁང་གི་དགེ་རྒན་བཀྲ་ཤིས་ཀྱིས་རྩོམ་འབྲི་སྐབས་གཟབ་དགོས་པའི་ཐད་དོན་ཚན་གསུམ་བགོ་ནས་གསུང་བ་མ་ཟད། མི་རབས་གསར་པའི་སློབ་མ་རྣམས་ཀྱི་སྐལ་བ་བཟང་པོའི་ལས་ལ་གཅེས་སུ་འཛིན་ནས་རྒྱ་བོད་རིག་གནས་ཡོངས་ལ་འབད་དགོས་ཚུལ་སྐོར་གསུངས་སོང་།

དྲུག་པ། རྫོང་སློབ་གསོ་ཅུས་ཀྱི་དགེ་རྒན་ཟླ་བ་བཟང་པོས་གོང་གི་གསུང་བཤད་ལ་ཕྱོགས་བསྡུས་དང་། དུས་དེབ་རྩོམ་སྒྲིག་ཁང་གི་དགེ་རྣམ་པའི་མི་རིགས་འདིའི་འདས་མ་ད་གསུམ་ལ་ཐུགས་ཁུར་མཛད་བཞིན་པ་ངོ་སོ་བསྟོད་ཞིང་། ཚོགས་ཞུགས་སློབ་མ་རྣམས་ལ་ཉམས་མྱོང་མིའི་བསགས་ནས། ལེགས་ཆ་རང་གིས་ལེན་དགོས་པ་སྐུལ་མ་གནང་།

ཐེངས་འདིའི་བྱེད་སྒོ་ལས་《གངས་དཀར་རི་བོ》དུས་དེབ་རྩོམ་སྒྲིག་ཁང་གིས་མི་རིགས་རིག་གཞུང་ལ་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་ཕྱག་ལས་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་མཛད་བཞིན་པ་སོགས་ཚོགས་ཞུགས་མི་སྣའི་གསལ། མདོར་ན་དགེ་རྣམ་པའི་ཚིག་བཟང་པོ་ཁ་ནས་ལབ། དོན་བཟང་པོ་ཁོག་ནས་བཅངས་སོང་།