ལུས་རྩལ་ནི་བདེ་ཐང་གི་མ་མ་ཡིན།།

༄༅།།སྤྱི་ལོ༢༠༡༩ལོའི་ཟླ༥པའི་ཚེས༡༧ཉིན།། རང་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་འབྲེལ་ཡོད་དགེ་རྒན་ཁ་ཤས་ནས་གཙོ་སྒྲུབ་བྱེད་པའི་༼འགུལ་སྐྱོད་བྱེད་པས་བདེ་སྐྱིད་འབྱུང་། སྦྱོང་བརྡར་བྱེད་པས་ཡར་ཐོན་ཡོང་།༽ཞེས་པའི་ལུས་རྩལ་གྱི་སྦྱོང་བརྡར་འདིའི་བྱ་འགུལ་ཁྲོད་དུ་བཞུགས་པའི་མི་སྣ་གཙོ་བོ་ནི་ང་ཚོའི་སློབ་གྲྭའི་དགེ་སློབ་དང་ན་ཆུང་གི་བྱིས་པ་ཆུང་ཆུང་ཚོའི་ཁྱིམ་བདག་སོགས་ཀྱང་ལྟད་མོར་ཞུགས་པ་ཡིན་པས།དེའི་ཕྱིར་ང་ཚོའི་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་ཀྱང་གཟབ་རྒྱས་ངང་ནས་འཚོགས་པ་རེད།

ཐེངས་འདིའི་ལུས་རྩལ་བྱེད་སྒོ་ནི་རང་རེའི་སློབ་གྲྭའི་གྲ་སྒྲིག་འཛིན་གྲྭ་ནས་ལོ་རིམ་དྲུག་པའི་བར་ཚོ་ཆུང་སོ་སོར་བགོས་ཤིང་།

མ་ཟད་དགེ་རྒན་དག་ཀྱང་ཚོ་ཆུང་དུ་མ་ལ་བགོ་ནས་དྲང་བདེན་དྲང་གཞག་དང་། སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་པའི་ལུས་རྩལ་བྱེད་སྒོ་དེ་གཟབ་རྒྱས་ངང་མཇུག་ལེགས་པ་གྲུབ།

སྔ་དྲོའི་ཆུ་ཚོད་༨དང་སྐར་མ་༣༠ཡི་ཐོག་ལུས་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོ་འཚོགས་ཤིང་།དང་ཐོག་བཀྲ་ཤིས་པའི་རྒྱལ་གླུའི་དབྱངས་རྟ་སྒྲོག་པ་དང་ལྷན་དུ་དགེ་སློབ་ཡོད་ཚད་ཀྱིས་རྒྱལ་གླུ་བླངས་པ་དང་རྒྱལ་དར་སྒྲེང་འགོ་ཚུགས། དེ་རྗེས་སློབ་གཙོ་པདྨ་ཆོས་འཕེལ་གྱིས་འགོ་ཚུགས་གསུང་བཤད་གནང་བ་དང་།

སྐབས་འདིའི་ལུས་རྩལ་འགྲན་བསྡུར་གྱི་དཔྱད་འདེབས་པའི་འཐུས་མི་ཚོ་ལ་དྲང་བའི་སྐར་མ་རྒྱག་དགོས་པའི་སློབ་གསོ་དང་དམ་བཅའ་བཅས་འཇོག་ཏུ་གནང་བ་རེད།

ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་སྨི༨༠དང་སྨི༢༠༠ཅན།སྨི༤༠༠དང་རང་རེའི་མེས་པོ་ཚོས་ང་ཚོར་འཇོག་པའི་སྐེ་ཤུགས་འགྲན་སྡུར།ད་རུང་ཐག་ལྡིང་རྒྱུགས་འགྲན་དང་ལུང་པ་བརྒལ་བའི་རྒྱུགས་འགྲན་སོགས་འགྲན་བསྡུར་རྣམ་གྲངས་ཧ་ལམ་དྲུག་བཅུ་རེ་བརྒྱད་ཡོད་པ་རེད་ལ།

དེ་བས་འགྲན་སྡུར་གྱི་རྣམ་གྲངས་རེ་རེའི་ཁྱད་ཆོས་དང་མཐུན་པའི་རུ་ཁག་ཀྱང་དྲུག་ཙམ་བགོས་ཡོད།༼དགེ་རྒན་བཀྲ་ཤིས་དོན་འགྲུབ་ཀྱི་རུ་ཁག་དང་དགེ་རྒན་བཙོན་འགྲུས་རུ་ཁག། ན་ཆུང་གི་སློབ་མ་བསོད་ནམས་མཐུ་སྟོབས་ཀྱི་རུ་ཁག་དང་དགེ་རྒན་ཨོ་རྒྱན་བསམ་གཏན་གྱི་རུ་ཁག།དགེ་རྒན་ཉི་མ་སྒྲོལ་མའི་རུ་ཁག་དང་དགེ་རྒན་འཆི་མེད་ཚེ་དབང་གི་རུ་ཁག་བཅས་ཡིན།༽

འགྲན་བསྡུར་དངོས་སུ་འགོ་ཚུགས་རྗེས།ལུས་རྩལ་ཐང་གི་དགེ་རྒན་བཀྲ་ཤིས་དོན་འགྲུབ་ཀྱིས་མཛུབ་ཁྲིད་ཞིབ་ཚགས་བྱས་ནས་ལུས་རྩལ་སྦྱོང་བརྡར་ལ་མོས་པའི་སེམས་པའི་བློ་དེ་འཕེལ་དུ་འཇུག་པ་དང་། ཕྲུ་གུ་ཚོ་འབྲུག་འཕྱོ་སྟག་མཆོང་ཇི་བཞིན་སྐབས་འདིའི་འགྲན་བསྡུར་ལ་ནུས་པ་ཡོད་ཚད་ཀྱིས་འགྲན་བཞིན་ཡོད་ལ།

དེ་བས་འགྲན་སྡུར་གྱི་གཡུལ་སའི་ལམ་འགྲམ་དུ་འགྲན་བཞུགས་མི་སྣའི་ངར་སྒྲ་དང་ངར་ཤུགས་སློང་བ་ནི་དེ་བས་ཚ་ཚ་འུར་འུར་ངང་སྤེལ་བ་ཞིག་རེད།

ལྷག་པར་དུ་མཐུད་རྒྱུགས་འགྲན་བསྡུར་དང་གུས་ཤིང་བརྩེ་བའི་དགེ་རྒན་ཚོས་མི་ལྔ་རུ་བགོས་ནས་ཐག་ལྡིང་འགྲན་བསྡུར་གྱིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་མཐོ་རླབས་འཕྱུར་བར་བྱས་ཡོད། དགའ་འབོད་དང་།

ཐལ་མོའི་རྡེབ་སྒྲ་དང་།དགོད་སྒྲ།རྒྱལ་ཁ་ཐོབ་པའི་དགའ་འབོད་ཀྱི་སྒྲ་བཅས་ཡང་ཡང་གྲགས་པ་དང་འགྲན་བསྡུར་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཛ་དྲག་ལ་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད།

ལུས་རྩལ་བྱེད་སྒོ་དེ་ཕྱི་དྲོའི་ཆུ་ཚོད་གསུམ་པར་མཇུག་སྒྲིལ་བ་དང་དེས་དགེ་སློབ་ཚོའི་སྤྲོ་སྣང་དང་།ཧུར་བརྩོན།ཡར་རྒྱས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད།ད་དུང་ཕྲུ་གུ་ཚོའི“ངའི་ལུས་རྩལ་དང་།ངའི་བདེ་ཐང་།ང་ཡི་དགའ་སྤྲོ”བཅས་ཀྱི་བདེ་ཐང་རྣམ་པ་ཡང་གང་ལེགས་མངོན་ཡོད།

མཇུག་སྒྲིལ་ཚོགས་འདུའི་ཐོག་སློབ་གྲྭས་བྱ་དགའ་ཐོབ་པའི་མི་སྒེར་དང་འཛིན་གྲྭར་གཟེངས་བསྟོད་དཔང་ཡིག་དང་བྱ་དགའ་སྤྲོད་ཀྱིན་ཡོད།

སློབ་གཙོ་པད་མ་ཆོས་འཕེལ་ལགས་ཀྱིས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ་ན་ཆུང་གི་བྱིས་པ་ཆུང་ཆུང་ཚོ་ལའང་ནམ་བཞིན་ད་ཐེངས་ཀྱི་ལུས་རྩལ་འགྲན་སྡུར་ལྟ་བུ་ནང་མང་ཙམ་ཞུགས་ནས་སྦྱོང་བརྡར་ཁྲོད་བདེ་ཐང་དང་།དགའ་སྤྲོ།ཡིད་ཆེས་བཅས་ཡོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད།

ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་དགེ་རྒན་བརྩོན་འགྲུས་ཀྱིས་ཕྱོགས་བསྡོམས་ནི་རང་རེའི་སློབ་གྲྭའི་ལུས་རྩལ་ལས་དོན་ལ་གཟིགས་ཞིབ་ཆེན་པོ་བྱེད་པ་ཞིག་ཡིན་ལ་སློབ་གྲྭའི་སློབ་གསོ་དང་ཁྱིམ་གྱི་སློབ་གསོ།

སྤྱི་ཚོགས་ཀྱི་སློབ་གསོ་སོགས་ལག་ལེན་དང་སློབ་མའི་སློབ་སྦྱོང་ལ་བཅངས་བའི་སེམས་ཁམས་ཀྱི་རི་མོ་ལའང་ཞིབ་དཔྱད་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན།ད་རུང་སློབ་མའི་ཀུན་སྤྱོད་དང་།ཤེས་རིག་ལུས་རྩལ།མཛེས་རྩལ།ངལ་རྩོལ་གྱི་ནུས་པ་དང་དགེ་སློབ་བར་གྱི་མཛའ་བརྩེ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་དངོས་འབྲེལ་བྱུང་ཡོད། འདིས་དགེ་སློབ་ཡོངས་ལ་སྤྲོ་བ་དང་སེམས་ཤུགས་ཀྱིས་རྗེས་ཕྱོགས་ཀྱི་བྱ་བ་དང་སློབ་སྦྱོང་གི་འཚོ་བའི་ཁྲོད་ཞུགས་སུ་བཅུག་སྟེ།དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭ་མ་འོངས་པར་སྔར་ལས་འོད་སྟོང་འབར་དུ་འཇུག་ཐུབ་ངེས་རེད།
甲登慈善小学春季运动会