ཨ་མའི་བྱམས་བརྩེ་ནི་འཛམ་གླིང་སྟེང་ཆེས་སྒེར་སེམས་མེད་པ་དང་ཆེས་རླབས་ཆེ་ཞིང་དྲིན་ལན་འཇལ་ཐབས་བྲལ་བའི་བརྩེ་དུང་རེད། ཨ་མའི་བྱམས་བརྩེ་ནི་འཛམ་གླིང་སྟེང་ཆེས་སྤྱིར་བཏང་ཡིན་ཀྱང་།ཆེས་སྤྱིར་བཏང་ཡིན་པའི་བརྩེ་བ་ཞིག་ཀྱང་ཡིན། ཨ་མའི་གཏམ་རྣ་བར་ཉན་པ། ཨ་མའི་བཀའ་སློབ་ནང་སེམས་སུ་ཟབ་ཞུགས་བྱས་པ། ཨ་མས་མིག་མདངས་ལ་བལྟས། ཨ་མའི་ཚིག་ལ་མི་ཚེ་གཅིག་གིས་ཤུགས་རྐྱེན་ཐེབས། ཨ་མའི་དུས་ཆེན་ཐོན་ལ་ཉེ། ཁ་ཞེ་གཉིས་མེད་ཀྱི་སྨོན་ལམ་འདེབས། གནམ་འོག་གི་མ་ཡུམ་ལ་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ།

་ང་ཚོ་ཆུང་ནས་ད་བར་དུ་ཕ་མས་དཀའ་སྡུག་མང་པོ་བཟོད་སྲན་གནང་སྟེ་ནར་སོན་དུ་བཅུག་པ་རེད། སློབ་གྲོགས་མང་པོ་ཞིག་གིས་ཀྱང་ང་ནང་བཞིན་རང་ཉིད་ནི་ལོ་ཆུང་བ་སོགས་ལ་ཁག་བཀལ་ཏེ་ངོ་མ་བཤད་ན་ཕ་མ་གཉིས་ལ་ཡིད་ཚིམ་པའི་ཞབས་ཞུ་ཞིག་གཏན་ནས་བསྒྲུབས་མྱོང་ཡོད་རྒྱུ་མ་རེད།ད་དུང་ཕ་མས་ང་ཚོ་མ་འོངས་པར་བདེ་མོ་སྐྱིད་པོ་ཞིག་གི་འཚོ་བ་རོལ་ཐུབ་མིན་ལ་སེམས་ཁྲལ་བྱེད་པ་མ་གཏོགས་ང་ཚོས་ཁོང་གཉིས་ལ་དྲིན་ལན་ཞིག་གམ། ཞབས་ཞུ་བསྒྲུབ་ཡོང་མིན་ལ་བསམ་བློ་མི་འདོན་པ་རེད། འདི་ནི་གནམ་འོག་གི་ཕ་མ་ཡོངས་ཀྱི་གཅིག་མཐུན་གྱི་བརྩེ་བ་ཞིག་རེད་ཅེས་ཁ་ཚོན་བཅད་ཀྱང་ཐལ་ཆེ་བ་མེད། དེའི་ཕྱིར་སློབ་གྲོགས་ཚང་མས་འདིའི་ཐོག་ལ་བསམ་བློ་འདོན་དགོས་པའི་གནས་ཤིག་རེད་བསམ་གྱིན་ཡོད།

ང་ཚོས་བྱིས་པ་ཚོས་བཟོས་པའི་ལེགས་སྐྱེས་ཨ་མ་འབུལ།

ཨ་མའི་མཛུབ་མོ་ཐུང་ངུ་ཞིག་ལས་ལུས་མེད་པ་དང་། མྱུར་སྐྱོབ་པས་མ་བུ་དེ་གཉིས་རྙེད་མ་ཐག ཨ་མ་དེ་དེ་མ་ཐག་དབུགས་ཐག་ཆད་ནའང་།ཕྲུ་གུ་དེ་ད་རུང་རྣམ་རིག་དྭངས་ཤིང་བདེ་ཐང་ངང་ཡོད་པར་བཤད། ང་ཚོ་ལ་དུས་རྒྱུན་ཟས་གོས་ལོངས་སྤྱོད་སོགས་ཅི་དགོས་སྟེར་བ་མ་ཟད། འདི་ལྟ་བུ་གནད་འགག་ལ་ཐུག་དུས་ཀྱང་ཨ་མ་རང་ཉིད་ལ་ཅི་ཡང་མི་སེམས་ཏེ་གསོན་པོ་ངང་རང་གི་ཤ་ཁྲག་བུ་ལ་ཁ་ཟས་སུ་སྦྱིན་ནས། ཚེ་སྲོག་ཀྱང་དེའི་ཆེད་དུ་ཕངས་མེད་ཀྱི་སྦྱིན་ཕོད་པ་འདིའི་མིང་ལ་བྱམས་བརྩེ་དང་སྙིང་བརྗེའི་མི་གཟུགས་སུ་བྱོན་པ་ཟེར་ན་ལོས་ཆོག། མ་ཡུམ་དུས་ཆེན་ལ་དྲན་སྐུལ་ཞིག་གི་ཚབ་ཏུ་སྦྱར་བ་དགེའོ།།