༄༅།། རྨ་ཆུ་རྫོང་རིག་འབྱུང་སློབ་གསོ།

རྨ་ཆུ་རྫོང་རིག་འབྱུང་སློབ་གསོ་ཚང༢༠༡༩.༤.༢-༣བར་ཞིང་ཆེན་རིམ་པའི་སྒེར་ཚུགས་སློབ་གྲྭ་གྲགས་ཆེན་ཁ་ཤས་ལ་སློབ་སྦྱོང་ཉམས་མྱོང་བསྡུ་ལེན་དུ་བསྐྱོད་འགོ་ཚུགས་པ།

རྨ་ཆུ་རྫོང་རིག་འབྱུང་སློབ་གསོ་ཚང༢༠༡༩.༤.༢-༣བར་ཞིང་ཆེན་རིམ་པའི་སྒེར་ཚུགས་སློབ་གྲྭ་གྲགས་ཆེན་ཁ་ཤས་ལ་སློབ་སྦྱོང་ཉམས་མྱོང་བསྡུ་ལེན་དུ་བསྐྱོད་འགོ་ཚུགས་པ།
རྨ་ཆུའི་རིག་འབྱུང་སློབ་གསོ་མགོ་ལོག་ཁུལ་དུ་བསྐྱོད་པའི་གྲ་སྒྲིག་དང་པར་རིས།

དཀའ་སྡུག་ཡོད་ཚད་བྱ་བཞག་ཆེན་པོ་འགྲུབ་པའི་སྔོན་འགྲོ་ལྟ་བུ་རེད།

༢༠༡༩ལོའི་༤ཚེས་༢ཉིན། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭར་འབྱོར་ཞིང་སློབ་གྲྭ་དེ་གའི་སློབ་གཙོ་དམ་པ་རྟའུ་ཐུབ་བསྟན་ཉི་མ་དང་སློབ་གཙོ་གཞོན་པ་ས་སྒང་འཇམ་དབྱངས་མཁྱེན་གཉིས་ལ་སློབ་ཁྲིད་བྱེད་ཕྱོགས་དང་སློབ་གྲྭ་འཛུགས་སྟངས་སྐོར་ནས་ཁ་བརྡ་མོད་པོ་བྱས།
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་དམ་པ་རྟའུ་ཐུབ་བསྟན་ཉི་མས་རྨ་ཆུའི་རིག་འབྱུང་སློབ་གསོ་ཚང་གི་དོ་དམ་ཡིག་ཆར་མཛུབ་སྟོན་དང་རེ་བ་འདོན་པ།

རང་ཉིད་དང་སློབ་གཙོ་དམ་པ་རྟའུ་ཐུབ་བསྟན་ཉི་མ། སློབ་གཙོ་གཞོན་པ་སྒང་འཇམ་དབྱངས་མཁྱེན་རབ་གསུམ་གྱི་མཉམ་པར།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དཔེ་མཛོད་ཁང་།

སློབ་གྲྭ་དེ་གའི་དགེ་སློབ་ཡོངས་ཀྱི་ཟ་ཁང་།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ཡིག་གཟུགས་ཁང་ཆེན་མོ།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭས་ལྷག་བསམ་དཀར་པོ་མཚོན་པའི་ལེགས་སྐྱེས།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་དག

༢༠༡༩ལོའི་༤ཚེས་༣ཉིན། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ནང་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱེད་དུ་སོང་བ།

༢༠༡༩ལོའི་༤ཚེས་༣ཉིན། རྨ་ཆུ་རྫོང་རིག་འབྱུང་སློབ་གསོ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ནང་འབྱོང་ཞིང་སློབ་གྲྭ་དེ་གར་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱས་པ།

ཁ་བ་དཀར་པོ་དང་ལྷན་དུ་སློབ་གྲྭའི་ཁོར་ཡུག་ལ་བལྟས་པ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་གྲོགས་པོ་དཀར་མོ་ཡེ་ཤེས་ལགས་ཀྱིས་ཐུགས་ཁུར་རྒྱ་ཆེན་གནང་བ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྨ་ཆུའི་རིག་འབྱུང་སློབ་གསོའི་དོ་དམ་ཡིག་ཆར་གདེངས་འཇོག་དང་རེ་བ་སློབ་སྒྲུབ་འཆར་གཞི་འདོན་བཞིན་པ།

སློབ་གྲྭ་དེ་གའི་༼ཨ་མའི་སློབ་གསོ་༽ཞེས་པའི་ཁ་གཡང་དང་ཤིས་ཚིག །

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དཔེ་མཛོད་ཁང་།

སློབ་གྲྭ་དེ་གའི་ཚོགས་འདུ་ཁང་ཆེན་མོ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་དག །

༢༠༡༩ལོའི་༤ཚེས་༤ཉིན། རྨ་ཆུ་རྫོང་རིག་འབྱུང་སློབ་གསོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནང་དུ་བསྐྱོད་མགོ་བརྩམས་པ།

༢༠༡༩ལོའི་༤ཚེས་༤ཉིན། རྨ་ཆུ་རྫོང་རིག་འབྱུང་སློབ་གསོ་ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ ནང་དུ་འབྱོར་ཞིང་སློབ་གྭ་དེ་གར་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་གཞོན་པ་བློ་བཟང་བདེ་ལེགས་དང་བོད་ཡིག་དགེ་རྒན་བདྨ་དོན་གྲུབ་གཉིས་ཀྱིས་རྨ་ཆུའི་རིག་འབྱུང་སློབ་གསོར་སློབ་སྒྲུབ་འཆར་གཞི་དང་རེ་བ། སློབ་གྲྭ་དེ་ག་འཛུགས་སྟངས་སྐོར་ནས་ཁ་བརྡ་བྱེད་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་གཞོན་པས་སློབ་གྲྭའི་ཁོར་ཡུག་མཛེས་ལྗོངས་ངོ་སྤྲོད་བྱེད་བཞིན་པ།

རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་ཡིག་རྐང་འཛིན་དགེ་རྒན་རྐང་ཚ་འཕྲིན་ལས་ལགས་ལ་བོད་ཡིག་སློབ་ཁྲིད་བྱེད་ན་རྨང་གཞི་གང་དག་འཛིན་དགོས་པ་སོགས་ནས་བཅར་འདྲི་ཞུས་པ།

མདུན་དུ་སྐྱོད་པའི་གོམ་སྒྲ་དང་རེ་བའི་ཁེངས་པའི་སློབ་གསོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མི་ཞིབ་འཇུག་ཁང་།

རེ་ལྟོས་མོད་པའི་དྲི་མེད་ཀྱི་སེམས་འགྱུ་ལྗིད་པོ།

རྨ་ཆུ་རྫོང་དངུལ་རྭ་ཞོལ་མའི་ཡན་ལག །

རྨ་ཆུ་རྫོང་ཆུ་ཁ་མ་ཡན་ལག །

རྨ་ཆུ་རྫོང་མཁར་གྱི་ལྟེ་བའི་ཡན་ལག །

རྨ་ཆུ་རྫོང་རིག་འབྱུང་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ།

དངོས་བྲིས་ཀྱི་བརྙན་འདི་མི་འགྱང་བར་དྲ་ཚིགས་སོ་སོ་ནས་གཏོང་གི་རེད། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།