ཤིང་སྡོང་གསོ་བར་ལོ་བཅུ་དགོས།མི་ཞིག་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས།

མཚར་སྡུག་གི་འོད་ཟེར་འཕྲོས་པའི་དཔྱིད་ཀྱི་དཔལ་མོ་སླེབས་བྱུང་ལ།དེ་བས་གསར་སྐྱེས་ཀྱི་སྡོང་འཛུགས་དུས་བཟང་ཞིག་ཀྱང་ཡིན།ང་ཚོའི་སློབ་གྲྭ་ཡིས་སྔར་གྱི་གཏམ་དཔེ་ལྟར“ཤིང་སྡོང་གསོ་བར་ལོ་བཅུ་དགོས་ལ།མི་ཞིག་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས་ ”ཞེས་པ་ལྟ་བུའི་སྡོང་འཛུགས་ཀྱི་བྱ་འགུལ་ཞིག་ཀྱང་སྤེལ་བ་ཡིན།

དྲོ་འཇམ་གྱི་དཔྱིད་རླུང་ལྡང་བྱུང་།ཁྱད་མཚར་གྱི་སྒེག་ཉམས་ལྡན་པའི་ལྕང་མ་ཆུང་ཆུང་ཚོའང་གཏིང་དཔག་དཀའ་བའི་ས་འོག་ཏུ་འཛུགས་དགོས་པའི་གོམ་སྟབས་ཀྱི་འཚོ་བ་གསར་བ་ཞིག་ལའང་བསྒྱུར་འགོ་བརྩམ།རིམ་བཞིན་བློ་རིག་ཅན་གྱི་སྐྱ་ཀ་ཁྲ་མོའི་སྙན་དབྱངས་མང་བོ་ཞིག་ལེན་བཞིན་འདུག།དེ་ལས་ང་ཚོ་ལ“ཡིད་འོང་གསར་སྟོབས་ཀྱི་ནུས་ཤུགས་ལྡན་པའི་ལྕང་མ་ཆུང་ཆུང་ཚོ་འཛུགས་རན་འིན།ཞོར་དུ་རང་ཡུལ་གྱི་ཤེས་བྱའི་གླིང་ག་ལའང་སྔར་ལས་ལྷན་སྐྱེས་སུ་གྲུབ་པའི་མཛེས་སྡུག་གི་ཁོར་ཡུག་ཅིག་སྐྲུན་དགོས་”ཞེས་སྐུལ་མ་གཏོང་བ་དང་གཉིས་སུ་མེད།དྲི་ཞིམ་གྱི་མེ་ཏོག་ལས་འཐིམ་པའི་ས་བོན་རེ་རེའི་འཛུམས་ཀྱིས་བསུ།

དང་ཐོག་ང་ཚོས་འོས་དང་འཚམས་པའི་ས་ཁུང་དུ་མ་བརྐོས་ནས།ན་ཆུང་གི་ལྕང་མ་ཆུང་ཆུང་ཚོ་ལའང་ཚད་དང་རན་པའི་དྲོ་སྐྱིད་ཀྱི་རང་ཁྱིམ་གསར་བ་རེ་ཡང་སྤྲད་པ་ཡིན།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ང་ཚོ་སློབ་གྲྭའི་ན་ཆུང་གི་སློབ་མ་ཚོ།དུས་འདས་ཀྱི་གོམ་སྒྲ་དང་མཉམ་དུ་རྟོགས་དགོས་པ་ནི་རང་བྱུང་ཁོར་ཡུག་ནི་དུས་ནམ་ཡིན་ནའང་ང་ཚོ་འགྲོ་བ་མིའི་རང་ཁྱིམ་ཐོག་མ་དེ་ཡིན་པས།དེའི་ཕྱིར་གཅེས་སྐྱོང་དང་གཙང་སྦྲ་ལ་དགའ་བའི་རྗེས་རབས་པ་བཟང་བོ་ཞིག་བྱ་དགོས་པའི་བསླབ་བྱ་གཏོང་རྒྱུ་དེ་ཡིན།ཁྱེད་ཅག་གིས་གསུབ་དཀའ་བའི་རྡོ་བརྐོས་རི་མོ་ཇི་བཞིན་སེམས་རུམ་དུ་སྦེད་ནས་ལག་བསྟར་བྱེད་དགོས།

མཇུག་མཐའ་དགེ་སློབ་ཡོངས་ཀྱིས་སྐད་གདངས་མཐོན་པོ་ངང་ནས།ན་ཆུང་གི་ལྕང་མ་ཆུང་ཆུང་ཚོ།ཁྱེད་ཅག་ནི་བསླུ་བ་མེད་པའི་དྲི་གཞོན་དང་འགྲོགས་ནས་ལུས་སྟོབས་རྒྱས་དགོས།མྱུ་གུ་འབུས་ནས་མེ་ཏོག་ཀྱང་བཞད།ད་གཟོད་ང་ཚོའི་སློབ་གྲྭ་ལ་མཛེས་སྡུག་གི་ཡུལ་མཆོག་ཞིག་ཏུ་བརྩི་བ་ཐེ་ཚོམ་མེད་དོ།།

甲登慈善小学植树活动