དེ་རིང་རིག་གསུམ་མགོན་པོའི་གདན་ས་འམ་གནས་ཡུལ་རོང་བཙན་ཁ་བ་དཀར་པོའི་རྒྱབ་ཕྱོགས།དགའ་ལྡན་གསར་ཁྲི་ཁྲི་རབས་ཞེ་བདུན་པ་བློ་བཟང་ཆོས་འཕེལ་དང་།ཡང་སྟེང་རིན་པོ་ཆེ་སོགས་མཁས་པ་ཆར་སྐྱེས་ཤ་མོ་བརྡོལ་བ་བཞིན་སྐྱེས་སའི་འདབ་པ་ནས་ལྕམ་མོ་དང་རོགས་པ་འགའ་ཤས་ལྷན་དུ་འབའ་ཐང་ལ་འགྲོ་བའི་འགྲུལ་བཞུད་མགོ་བརྩམས།

བཀའ་བརྒྱུད་དཔལ་འགྲོ་བའི་མགོན་པོ་ཁམས་པ་མི་གསུམ་ནང་གསེས་ཕག་མོ་གྲུབ་པའི་གདན་ས་འབྲུག་རྗེ་དགོན།

ཀརྨ་དུས་གསུམ་མཁྱེན་པའི་གདན་ས་དབེན་གནས་སྤང་ཕུག་དགོན།

དགོན་པ་འདི་གནའ་སྔ་མོའི་ཁྱད་མཚར་ལོ་རྒྱུས་དང་།རྒྱབ་བྲག་རི་མཐོན་པོ་གཡས་གཡོན་ན་ནགས་ཚལ་སྟུག་པོ་དང་བྱ་སྣ་ཚོགས་སྐད་སྙན་ཀྱུ་རུ་རུ་་སྒྲོག་བཞིག་་སྣ་ཁྲག་ལས་བྲིས་པའི་ཡེ་གེ་དང་ལུང་བསྟན་སོགས་མང་པོ་བཤད་རྒྱུ་ཡོད་ལམཇལ་རྒྱུ་འང་ཡོད།དགོན་པ་འདི་ལ་ད་སྔ་བཤད་གྲྭ་ཡང་བཙུགས་ནས་ད་ལོ་ནས་བཟུང་མཁན་པོ་དམ་བཅའ་ཡང་འཇོག་རྒྱུ་ཡོད་པར་བཤད།གྲུབ་མཐའ་བཀའ་བརྒྱུད་རེད།

གཡུ་ཡི་མཎྚལ་བྱུགས་འདྲའི་རྩ་ཐང་སྔོན་མོ་འདི་ནི་ཁྱོད་ཀྱི་ལྟེ་ཁྲག་འཕོ་ས་ཡིན།

པད་མའི་སྐྱེད་ཚལ་གྱི་སློབ་གླིང་འདི་ནས་བློ་གསལ་བུང་བུ་ཁྱུ་ཚོགས་འགའི་དར་དིར་སྒྲོག་བཞིན་འཚར་ལོངས་རྒྱས།

ཤག་ཤག་གི་བཞུར་སྒྲ་གསལ་བའི་ཆུ་ཆེན་འདིའི་གཡས་འགྲམ་ནས་ཁྱེད་རང་གི་དཀའ་ལས་མྱང་།

ཁྱེད་ལ་བྱ་རྒོད་པོ་བཞིན་ཨ་སྔོན་དབྱངས་སུ་འཕུར་བའི་གཤོག་རྩལ་ཡོད།

གནས་གཞན་མེད་འགྲིམ་པའི་བསམ་བློའི་ཕུགས་རྒྱང་ཡོད།

ཨ་ཨ་ངའི་སེམས་ནང་གི་དཔའ་རྒོད།

ཁྱེད་ཀྱི་ཞུམ་པ་མེད་པའི་དཔའ་བོའི་རང་གཤིས།

བརྗོད་པར་དཀའ་བའི་ལོ་རྒྱུས་ཀྱི་མཛན་རྣམ་རིང་མོ།

ས་གསུམ་ན་རླུང་ལྟར་གྲགས་པའི་ལག་རྗེས་དེ་དག

དུས་རབས་ཤིག་གི་བརྗེད་མི་སྲིད་པའི་རྡོ་རིང་ཡིན།

ད་ལྟ་ཤུལ་དུ་ལུས་པ་ནི་འདས་སོང་ཡིན་ནའང་།

ཁང་རྙིང་དེ་དང་བེམ་རོ་དང་མཚུངས་པའི་གནས་འདི་ལ་སླེབས་དུསསེམས་པ་ནི་མནོན་པར་དཀའ་བའི་སྡུག་བསྔལ་དང་།

འཁྱག་སིག་སིག་གི་དངངས་སྐྲག་དང་འཇིགས་སྣང་ཞིག་གི་ཁེངས།