我的美篇

追梦者之一

དྲི་བཞོན་དྲོན་པོས་ས་གཞིིིིའིི་དྲིིིི་མ་ཕྱིིས།།

རྩྭ་སྔོན་ལྡུམ་བུ་ས་གཞིའི་གདན་སུ་གདིང།།

རྩེ་ཤིང་སྣ་བརྒྱའི་མཛེས་རྒྱན་ལེགས་སྤྲས་སྟེ།།

དཔྱིད་ཀྱི་དཔལ་ཡོན་གནས་འདིར་ཕེབས་བསུ་ཞུ།།

དབྱངས་སྙན་སྒྲོག་མིག་གནས་འདིར་ཤིས་བརྗོད་ཞུ།།

སྟོན་ཐོག་སྙེ་མས་དགྱེས་པའི་བྲོ་གར་འཁྲབ།།

གསེར་གྱི་ཁ་དོག་སྒྱུར་བའི་གནས་མཆོག་འདིར།།

རྐང་གཉིས་པ་རྣམས་ནོར་གྱི་ཕྱུག་པ་གྱུར།།

ཤོབ་ཅུང་འདྲེས་ན་སུམ་རྩེན་འདུན་ས་འདྲ།།

རྣལ་མ་བསྙད་ན་བྷོ་ཊའི་མཛེས་རྒྱན་ཡིན།།

བསྙོན་མེད་བསྔགས་པ་འོས་པའི་ཡུལ་ལུང་འདིར།།

རི་མོ་ཅན་གྱིས་སྟག་ལྤགས་རྒྱོང་བ་བཞིན།།

མིག་གི་ལམ་དུ་མཚར་ཞིང་སྡུག་པའི་ཡུལ།།

ནུ་མ་འཇིབ་སྟེ་བྱམས་བརྩེས་སྐྱོང་སའི་གནས།།

ཁུས་མོ་ཐོག་མ་སྒྲོག་སའི་ཕ་ཡུལ་འདིར།།

གཏན་དུ་བདེ་སྐྱིིིིད་འཛོམས་ན་ཅི་མ་རུང།།

དྲན་པའི་སེམས་ལ་རྒྱུན་ལྡན་མེ་ཏོག་དང།།

རྨི་ལམ་ནང་གི་འཚོལ་རྒྱུའི་བྱ་དངོས་ཡིན།།

མུ་མཐུད་འགྱུར་བཞིན་འཁོོར་བའི་གྲོང་ཁྱེར་ནང།།

འཁྲེན་སེམས་འདི་ལ་འཕོ་འགྱུར་འགྲོ་ལྡོག་མེད།།

……追梦者之一